TTDL-ZABTER-07-JA-039

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-07-JA-039
Wylie title TTDL-ZABTER-07-JA-039.pdf
Location bdud 'joms gling pa zab gter
Volume 7, Text 39, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༥༢༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོ་སེང་གེའི་གདོང་ཅན་གྱི་སྐོར་ལས༔ འགུགས་འདྲེན་རྡོ་རྗེའི་ལྕགས་ཀྱུ་བཞུགས༔ ན་མོ་གུ་རུ་བྷྱ༔ ༠༠༠༠བརྡ་ཡིག༥༢༩འགུགས་འདྲེན་བྱེད་པའི་རིམ་པ་ལ༔ ལིང་ག་དགྲ་བོའི་བླ་ཡིད་སེམས་གསུམ་འདུས་པའི་ངོ་བོར་དམིགས་ཏེ༔ སྙིང་གའི་ནྲྀ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་དགྲ་བགེགས་ཀྱི་སྙིང་གའི་ནྲྀ་ཏྲི་ལ་བཟུངས་ཏེ་ཉ་མོ་ལྕགས་ཀྱུས་འཐེན་པ་བཞིན་དུ་རང་དབང་མེད་པར་བཀུག་ནས་ལིང་ག་ལ་ཐིམ་པར་བསམ༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ཆོས་ཀྱི་བཀའ༴དགེ་འདུན་གྱི་བཀའ༴ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་རྣམས་ཀྱི་བཀའ༴མཁའ་འགྲོ་སེང་གེའི་གདོང་པ་ཅན་འབུམ་ཕྲག་ཡངས་པའི་མཁའ་འགྲོ་རྣམས་ཀྱི་བཀའ༴ཡེ་ཤེས་དང་ལས་ལ་གྲུབ་པའི་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ༴དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་པའི་བཀའ༴ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་ནས་བསམ་སྦྱོར་ངན་པ་ཤོམ་པའི་སྔ་དགྲ་འདས་པ༔ ད་དགྲ་དར་བ༔ ཕྱི་དགྲ་ཡིད་ལ་བཅག་པའི་གཟུགས་ཅན་སྡང་བར་བྱེད་པའི་དགྲ༔ གཟུགས་མེད་གནོད་པར་བྱེད་པའི་བགེགས༔ གནོད་པའི་སེམས་དང་ལྡན་པ༔ གདུག་པའི་སེམས་དང་ལྡན་པ༔ རྒོལ་བའི་སེམས་དང་ལྡན་པ༔ སྡང་བའི་སེམས་དང་ལྡན་པ༔ དྲག་ཤུལ་གྱི་སེམས་དང་ལྡན་པ་ཐམས་ཅད་དང་༔ བྱད་མ་རྦོད་གཏོང་གང་གནོད་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་གཟུགས་ལིང་ག་འདི་ལ་ཁུག་ཅིག༔ བསྟིམ་ཅིག༔ གཉིས་སུ་མེད་པར་གྱུར་ཅིག༔ ནྲྀཿབཛྲ་ཨཾ་ཀུ་ཤ་ཛ༔ ཏྲིཿབཛྲ་ཨཾ་ཀུ་ཤ་ཛཿརཏྣ་པཱ་ཤ་ཧཱུྃ༔ པདྨ་སྥོ་ཊ་བཾ༔ ཀརྨ་གྷཎྜེ་ཧོ༔ ཞེས་ལན་གྲངས་མང་དུ་བརྗོད༔ དེ་ནས་གྲངས་མང་བསྐྱར་དགོས་ན༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ འབུམ་ཕྲག་མཁའ་འགྲོའི་བདེན་པ་དང་༔ བདེན་པའི་བདེན་ཚིག་འདི་དག་གིས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ བར་དུ་གཅོད་པ་གང་ཡིན་པ༔ དམིགས་རྟེན་ལིངྒ་འདི་ལ་ཁུག༔ ཚིག་རྐང་འདི་མ་དཔེར་མི་འདུག་པས་གསར་དུ་བཙུད་པ་ཡིན༔ མཆན།དམིགས་པའི་གནད་དང་ལྡན་པའི་ངང་༔ འདི་ལྟར་གྲངས་ལྡན་བསྐྱར་གྱུར་ན༔ འདྲེན་ཅིང་འགུགས་པར་གདོན་མི་ཟ༔ དམིགས་གནད་གསུམ་གྱིས་བསྒྲལ་བར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ གུ་ཧྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡིག་མེད་མཁའ་འགྲོའི་བརྡ་རིས་ལས་ཕབ་པའི་ཡི་གེ་པ་ཡང་རྣལ་འབྱོར་ངག་དབང་ཕྲིན་ལས་ཀྱིས་བྲིས་པས་གནོད་བྱེད་འགུགས་པའི་རྡོ་རྗེ་ལྕགས་ཀྱུ་རུ་འགྱུར་བར་ཤོག།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།