TTDL-ZABTER-07-JA-042

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-07-JA-042
Wylie title TTDL-ZABTER-07-JA-042.pdf
Location bdud 'joms gling pa zab gter
Volume 7, Text 42, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༥༥༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡུམ་ཆེན་རྡོ་རྗེ་ཕག་མོའི་ཆ་ལག་གསོལ་འདེབས་བྱིན་རླབས་ཆར་འབེབས་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༥༥༣རྣམ་གསུམ་དད་པའི་གདུང་ཤུགས་ཀྱིས༔ ན་མོ༔ ཀ་དག་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་༔ ལྷུན་གྲུབ་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ༔ རྡོ་རྗེ་འཆང་དབང་དཔལ་ལྡན་རྡོ་རྗེ་སེམས༔ དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ་འགྲུབ་པར་བྱིན་གྱིས་རློབས༔ གཞོན་ནུ་བུམ་པའི་སྐུ་བརྙེས་དགའ་རབ་རྗེ༔ ཡེ་ཤེས་སྒྱུ་མའི་སྐུ་བརྙེས་ཤྲཱི་སེང་༔ གདུལ་དཀའ་འདུལ་མཛད་མཚོ་སྐྱེས་རྡོ་རྗེ་སོགས༔ བརྡ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཡེ་ཤེས་མཁའ་འགྲོ༴པདྨ་ཀ་ར་རྗེ་འབངས་ཉེར་ལྔ་དང་༔ བརྒྱུད་གསུམ་ཆུ་བོ་གཅིག་འདྲེས་བླ་མ་རྗེ༔ སྙན་བརྒྱུད་བླ་མ་རྣམས་ལ༴ཡེ་ཤེས་མཁའ་འགྲོ༴ཀ་དག་ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལྷུན་གྲུབ་རང་གདངས་རྡོ་རྗེ་ཕག་མོའི་སྐུ༔ ཐུགས་རྗེ་ཐབས་ཀྱིས་འགྲོ་འདུལ་ཡུམ་ཆེན་ལྔ༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ༴ཡེ་ཤེས་མཁའ་འགྲོ༴གནས་ཡུལ་དུར་ཁྲོད་ཀུན་གྱི་དབང་ཕྱུག་མོ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་ཚོགས་ལ༔ རྣམ་གསུམ་དད་པའི་སྒོ་ནས་གསོལ༴ཡེ་ཤེས་འོད་སྐུ་གྲོལ་བར་བྱིན༴གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་དང་༔ དྲང་སྲོང་གཟའ་མཆོག་ཆེན་པོ་རྡོ་རྗེ་ལེགས༔ བཀའ་སྲུང་དྲེགས་པའི་ཚོགས་ལ་གསོལ༴ཕྱི་ནང་བར་ཆད་ཞི་བའི་ཕྲིན་ལས་མཛོད༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ སྒྲུབ་པའི་མཐུན་རྐྱེན་ལེགས་ཚོགས་ཡོངས་འབྱོར་ཏེ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་གྲོལ་ཅིང༔ ཚེ་གཅིག་སངས་རྒྱས་འཁོར་བ་དོང་སྤྲུགས་ཤོག༔ ས་མ་ཡ༔ དེ་ལྟར་གསོལ་བ་བཏབ་པའི་ཡོན་ཏན་གྱིས༔ ཚེ་འདིར་མི་མཐུན་རྒུད་པ་ཀུན་སེལ་ཏེ༔ འདི་ཕྱིའི་དགེ་ལེགས་ཡོན་ཏན་འབད་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདིའང་རིག་མ་དཔལ་གྱི་ལྷ་མོའི་ངོ་སྐལ་དུ་བདུད་འཇོམས་རྡོ་རྗེས་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པའོ།།དགེའོ།།