TTDL-ZABTER-07-JA-025

From Dudjom Wiki
Revision as of 09:25, 11 August 2024 by Mort (talk | contribs)

TTDL-ZABTER-07-JA-025
Wylie title TTDL-ZABTER-07-JA-025.pdf
Location bdud 'joms gling pa zab gter
Volume 7, Text 25, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms mkha' 'gro gsang ye
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity mkha' 'gro gsang ba ye shes
[edit]
༠༠༠༠བརྡ་ཡིག༣༣༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་སྐོར༔ དྲག་ཟློག་རྡོ་རྗེ་འཇིགས་བྱེད༔ རྡོ་རྗེའི་རྡོ་རྗེ་རབ་འབར་བ་གུ་ཧྱ༔ ༠༠༠༠བརྡ་ཡིག༣༣༤སྐུ་གསུམ་ལྷུན་གྲུབ་ཐོད་ཕྲེང་རྩལ་ལ་འདུད༔ ༠༠༠༠བརྡ་ཡིག༣༣༤ཕྱོགས་ལས་རྣམ་རྒྱལ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ མཁའ་འགྲོའི་དྲག་བཟློག་རྡོ་རྗེ་རབ་འབར་བསྟན༔ དགྲ་བགེགས་ཤ་ཁྲག་མཚོན་པ་ལ༔ དྲག་པོའི་ལས་ཀྱི་ལིངྒའི་དུམ༔ དྲག་པོའི་ལས་ལ་བསྐུལ་བའི་ཕྱིར༔ ཤ་ཁྲག་དམར་གྱི་གཏོར་མ་བཤམས༔ གབ་ཡིག་བཞིན་དུ་ལག་ལེན་འདེབས༔ གད་རྒྱངས་དྲག་པོའི་ངར་སྒྲའི་མཐར༔ གཞིར་བཞེངས་རིག་པས་འདིར་འཇུག་གོ༔ ས་མ་ཡ༔ གུ་ཧྱ་རྒྱ༔ ཧཱུྃ་ཧྲཱིཿམ་བཅོས་སྐྱེ་མེད་ཁྱབ་གདལ་ཀུན་བཟང་མོ༔ མ་འགགས་ལོངས་སྐུ་གསང་བ་ཡེ་ཤེས་མ༔ ཀུན་ཁྱབ་ཐུགས་རྗེ་ཡེ་ཤེས་མཚོ་རྒྱལ་མ༔ རྩལ་སྣང་རང་གྲོལ་མཁའ་འགྲོ་སྡེ་བརྒྱད་ཚོགས༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ མངོན་སྤྱོད་ལས་ཀྱིས་བར་ཆད་རྐྱེན་སྣང་ཟློག༔ དུས་ལ་བབ་པོ་མཐུ་དང་རྩལ་མ་ཞན༔ ཧཱུྃ་ཛཿམི་འགྱུར་མི་ཤིགས་རྡོ་རྗེའི་སྐུ་མངའ་མོ༔ ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་རྣལ་འབྱོར་མ༔ ཕྲིན་ལས་ཐོགས་མེད་རྡོ་རྗེ་གར་དབང་མོ༔ རྡོ་རྗེའི་མཁའ་ལ་རྡོ་རྗེའི་གད་མོ་སྒྲོགས༔ གསང་བ་ཡེ་ཤེས་རྡོ་རྗེ་མཁའ་འགྲོ་མ༔ བཞེངས་ཤིག་རྡོ་རྗེ་ལྟ་བུའི་ཀློང་ནས་བཞེངས༔ མི་འདའ་རྡོ་རྗེའི་དམ་ཚིག་དུས་ལ་བབ༔ ཧཱུྃ་ཛཿརྒྱལ་བའི་ཡུམ་མཆོག་གསང་བ་ཡེ་ཤེས་མ༔ སྒྲུབ་སྡེ་བརྒྱད་ཀྱི་གྲུབ་བརྙེས་ལས་དབང་མོ༔ དམར་གསལ་འོད་འབར་ཁམས་གསུམ་དབང་བསྡུས་ལ༔ ཁམས་གསུམ་གཡོ་འཁྲུགས་སྡང་བའི་དགྲ་ལ་ཟློག༔ སྐུ་གསུམ་ལྷུན་གྲུབ་སྤྱན་གསུམ་དམར་ཟླུམ་འཁྱིལ༔ དུག་གསུམ་གཡོ་འཁྲུགས་སྡང་བའི་དགྲ་ལ་ཟློག༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫེས༔ ཡེ་ཤེས་ལྷ་ཡི་བཀའ་ཆད་དགྲ་ལ་ཟློག༔ གནམ་ས་བར་སྣང་ཙམ་གྱི་ཞལ་གདངས་པས༔ སྟེང་འོག་བར་གསུམ་ལྷ་འདྲེའི་གདུག་རྩུབ༴གློག་སྟོང་འཁྱུག་པ་ལས་ལྷག་ལྗགས་འདྲིལ་བས༔ ལྷ་སྲིན་སྡེ་བརྒྱད་དབང་སྡུད་གྲི་གུག་ཕྱར༔ སྣང་སྲིད་སྡེ་བརྒྱད་ལྷ་འདྲེའི་གཡོ་འཁྲུགས༴གཡོན་པས་ཉོན་མོངས་ཁྲག་རོལ་ཐོད་ཁྲག་བསྣམས༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དགྲ་ལ༴སྐུ་ལ་དུར་ཁྲོད་ཆས་བརྒྱད་རྒྱན་གྱིས་སྤྲས༔ དུར་ཁྲོད་ལྷ་འདྲེའི་གཡོ་འཁྲུགས་དགྲ་ལ༴ཞབས་གཉིས་གར་སྟབས་མ་རིག་ལོག་རྟོགས་གནོན༔ ས་འོག་ས་བདག་འབྱུང་པོའི་གཡོ་འཁྲུགས༴ཡབ་ཀྱི་མཚོན་པའི་ཁ་ཊྭཱྃ་མཆན་དུ་བཅུག༔ དཔའ་བོ་མཁའ་འགྲོ་བཀའ་ཆད་དགྲ་ལ༴འོད་འབར་ཉི་མ་གདན་དུ་བཏིང་བ་ཡིས༔ མ་རིག་མུན་པའི་འཁྲུལ་འཁོར་དགྲ་ལ༴མ་ཆགས་པདྨའི་སྟེང་དུ་བཞུགས་པ་ཡིས༔ འཁོར་བའི་འཁྲུལ་འཁོར་གཡང་ས་དགྲ་ལ༴མེ་དཔུང་འཇའ་ཐིག་ཀློང་ན་བཞུགས་པ་ཡིས༔ དུག་ལྔ་དུག་གསུམ་ལས་བྱུང་དགྲ་བགེགས་ཟློག༔ གཞན་གྱིས་མ་བཅོལ་ཉིད་ཀྱི་ཞལ་བཞེས་པ༔ མི་འདོར་འགྲོ་བའི་དོན་གཉེར་དམ་བཅས་པའི༔ དམ་ཚིག་ཐུགས་དམ་གཉན་པོའི་དུས་ལ་བབ༔ རྣལ་འབྱོར་བར་ཆད་སྐྱེ་འགྲོའི་སྡུག་བསྔལ་ཟློག༔ གཟུང་འཛིན་འཁྲུལ་པ་བདག་མེད་ངང་དུ་ཟློག༔ གཉིས་འཛིན་རྣམ་རྟོག་གཉིས་མེད་ངང་དུ་ཟློག༔ མ་རིག་མུན་པ་འོད་གསལ་ངང་དུ༴རེ་དང་དོགས་པ་རོ་སྙོམས་ངང་༴ཉོན་མོངས་འཁྲུལ་འཁོར་ཡེ་ཤེས་ངང་དུ༴ཉེར་ལེན་ཨ་འཐས་ཆོས་དབྱིངས་ངང་དུ༴རྒྱུ་ཡི་འཛིན་པ་འཛིན་མེད་ངང་དུ༴རྐྱེན་སྣང་དགྲ་བགེགས་རང་གྲོལ་ངང་དུ༴བཅོས་བསྒྱུར་བདེ་སྡུག་སྤྲོས་བྲལ་ངང་དུ༴འཁོར་བའི་འཁོར་ལོ་མྱང་འདས་ཆེན་པོར་ཟློག༔ ཧཱུྃ་ཧྲཱིཿཆོས་སྐུའི་མཁའ་འགྲོ་སྐྱེ་མེད་ཀུན་བཟང་མོ༔ ལོངས་སྐུའི་མཁའ་འགྲོ་གསང་བ་ཡེ་ཤེས་མ༔ སྤྲུལ་སྐུའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོ་མ་ཚོགས་རྣམས༔ འདིར་གཤེགས་དགྲ་བགེགས་གཟུགས་ཀྱི་ཕུང་པོ་རོལ༔ དུག་གསུམ་ལས་བྱུང་དགྲ་གདོན་བགེགས་ཚོགས་ཟློག༔ གཞན་གྱིས་མ་བཅོལ་སོགས་འགྲེའོ༔ ཧཱུྃ་ཧྲཱིཿཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ རྡོ་རྗེ་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་རྣམ་ཤེས་ཕུང་པོ་རོལ༔ ཞེ་སྡང་ལས་བྱུང་དགྲ་གདོན་བགེགས་ཚོགས་ཟློག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ༔ རིན་ཆེན་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་ཚོར་བའི་ཕུང་པོ་རོལ༔ ང་རྒྱལ་ལས་བྱུང་དགྲ་གདོན་བགེགས་ཚོགས་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ༔ པདྨ་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདོད་ཆགས་ལས་བྱུང་དགྲ་གདོན་བགེགས་ཚོགས་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ལས་ཀྱི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་འདུ་བྱེད་ཕུང་པོ་རོལ༔ ཕྲག་དོག་ལས་བྱུང་དགྲ་གདོན་བགེགས་ཚོགས༴དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ཁྱེད་ཅག་མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ གཞན་གྱིས་མ་བཅོལ་ཉིད་སོགས༔ ཧཱུྃ་ཧྲཱིཿཞི་བའི་ལས་མཛད་སྒོ་མ་ལྕགས་ཀྱུ་མ༔ ཞི་བའི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་ཤ་དང་རུས་ལ་རོལ༔ ཤར་ཕྱོགས་དགྲ་བགེགས་ཐམས་ཅད་ཞི་བས་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ རྒྱས་པའི་ལས་མཛད་སྒོ་མ་ཞགས་པ་མ༔ རྒྱས་པའི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་ཁྲག་གི་མཚོ་མོ་རོལ༔ ལྷོ་ཕྱོགས་དགྲ་བགེགས་ཐམས་ཅད་རྒྱས་པས་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ དབང་གི་ལས་མཛད་སྒོ་མ་ལྕགས་སྒྲོག་མ༔ དབང་གི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་རྩ་རྒྱུས་དྲོད་ལ་རོལ༔ ནུབ་ཕྱོགས་དགྲ་བགེགས་ཐམས་ཅད་དབང་གིས་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ དྲག་པོའི་ལས་མཛད་སྒོ་མ་དྲིལ་བུ་མ༔ དྲག་པོའི་མཁའ་འགྲོ་མ་ཚོགས་འབུམ་དང་བཅས༔ འདིར་གཤེགས་དགྲ་བགེགས་ནང་རོལ་དབུགས་ལ་རོལ༔ བྱང་ཕྱོགས་དགྲ་བགེགས་ཐམས་ཅད་དྲག་པོས་ཟློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ཁྱེད་ཅག་མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ གཞན་གྱིས་མ་བཅོལ་སོགས་འགྲོའོ༔ ཧཱུྃ་ཧྲཱིཿདུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ ཞིང་བཅུའི་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ རི་ལྟར་སྤུངས་ཤིང་རྫ་ལྟར་རྙིལ་བ་དང༔ མཚོ་ལྟར་བསྐྱིལ་ཞིང་སྤྲིན་ལྟར་གཏིབས་པ་ལ༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོ་འབོད་བསྐུལ་ལོ༔ ཧཱུྃ་མ་བྷྱོ་ཛཿཤ་ལ་དགའ་བ་ཤ་ལ་རོལ༔ དགྲ་བགེགས་བཟློག་བསྒྱུར་ཕྲིན་ལས་མཛོད༔ རུས་པ་དགྱེས་པ་རུས་ལ་རོལ༔ དགྲ་བགེགས་བཟློག་བསྒྱུར༴ཁྲག་ལ་རྔམས་པ་ཁྲག་ལ་རོལ༔ དགྲ་བགེགས༴སྲོག་གཅོད་མ་ཚོགས་དགྲ་སྲོག་རོལ༔ དགྲ་བགེགས༴དབུགས་ལེན་མ་ཚོགས་དབུགས་ལ༴དགྲ་བགེགས༴དྲི་ཟ་མ་ཚོགས་དྲི་ལ༴དགྲ་བགེགས༴རྐང་ལྡག་མ་ཚོགས་རྐང་ལ༴དགྲ་བགེགས༴ཀླད་པར་རྔམས་མས་ཀླད་པར་རོལ༔ དགྲ་བགེགས༴སྣུམ་ལ་དགྱེས་མས་ལྷ་ཚིལ་རོལ༔ དགྲ་བགེགས༴ཧཱུྃ་བྷྱོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་མཁའ་འགྲོའི་བདེན་པ་དང་༔ མ་དང་སྲུང་མའི་དམ་ཚིག་དང་༔ ཏིང་འཛིན་སྔགས་རྒྱས་བྱིན་རླབས་ཀྱིས༔ བྱད་མའི་དམོད་སྔགས་བྱད་མར་བྷྱོ༔ བྱད་མའི་ལྷ་སྲུང་བྱད་མར་བྷྱོ༔ བྱད་མའི་ནུས་མཐུ་བྱད་མར་བྷྱོ༔ བྱད་མའི་ཧོམ་ཟོར་བྱད་མར༴བྱད་མའི་དམོད་འཁོར་བྱད་མར༴བྱད་མའི་མནན་གཏད་བྱད་མར༴བཞི་བརྒྱ་རྩ་བཞི་ནད་རྣམས་ཟློག༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་ཟློག༔ ཡེ་འབྲོག་སུམ་བརྒྱ་དྲུག་ཅུ༴དུས་མིན་འཆི་བ་རྣམས་བརྒྱད༴བྱིས་པའི་གདོན་ཆེན་བཅོ་ལྔ༴འཕྲོག་མ་མ་བུ་ལྔ་བརྒྱ༴རྨི་ངན་མཚན་ངན་ཐམས་ཅད་ཟློག༔ ཐན་དང་ལྟས་ངན་ཐམས་ཅད་ཟློག༔ གཡས་ན་ཕོ་བརྒྱའི་དམོད་བྱད་ཟློག༔ གཡོན་ན་མོ་བརྒྱའི་དམོད་བྱད༴སྔོན་ལས་འཕྲལ་རྐྱེན་ངན་པ་ཟློག༔ སྡེ་བརྒྱད་དལ་ཁ་བབས་པ་ཟློག༔ མི་མཐུན་མི་འདོད་ཉེས་པ་ཟློག༔ ཐམས་ཅད་བྱད་མའི་སྟེང་དུ་བྷྱོ༔ བྱད་མའི་ལུས་ལ་བྷྱོ་རྦད་ནན༔ བྱད་མའི་ངག་ལ་བྷྱོ་རྦད་ནན༔ བྱད་མའི་ཡིད་ལ་བྷྱོ༴བྱད་མའི་སྲོག་ལ་བྷྱོ༴བྱད་མའི་ཚེ་ལ་བྷྱོ༴བྱད་མའི་དབུགས་ལ་བྷྱོ་རྦད་ནན༔ ན་མོ་བུདྡྷ་དྷརྨ་སངྒ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ་ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་ཛ་ཛ་བྱད་ཁ་རྦོད་གཏོང་ཆག་ཆེ་ཉམ་ང་སྡུག་བསྔལ་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ་བྷྱོ༔ ཟློག་ཟློག༔ ཨེ་ཀ་བྷྱོ་བྷྱོ༔ ཟློག་ཟློག༔ ཨེ་ས་བྷྱོ་བྷྱོ་ཟློག་ཟློག༔ ཨེ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ནན་ནན་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ རྦད་བྷྱོ་ཟློག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བསྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ བསྐྱེད་རྫོགས་བསྒོམ་བཟླས་ལ་འབུང་ན༔ ནད་གདོན་བར་ཆད་རྐྱེན་ངན་ཐན༔ རྨི་མཚན་ངན་པ་ཐམས་ཅད་དང་༔ མི་འདོད་ཉེ་བར་འཚེ་བ་དང་༔ ནད་མཚོན་གཡུལ་འགྱེད་ཐམས་ཅད་ཀུན༔ རྡོ་རྗེའི་དྲག་ཟློག་འདིས་བསྒྱུར་རོ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ གུ་རུའི་བཀའ་བཞིན་ཡི་གེར་བྲིས༔ སྔགས་སྲུང་ཨེ་ཀ་ཙ་ཏི་མ༔ མ་མོ་སྲིད་པའི་རྒྱལ་མོ་དང་༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་༔ བཙན་དམར་སྲོག་གི་སྤུ་གྲིས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ དམ་ཚིག་ཅན་ལ་བུ་བཞིན་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྔགས་ཀྱི་བནྡྷེ་གླིང་པ་གར་དབང་བདུད་འཇོམས་རྡོ་རྗེ་ཁྲག་འཐུང་རོལ་བ་རྩལ་གྱིས་གསེར་སྨད་རྔ་རོལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་སེང་གེ་འདྲ་བའི་མགུལ་ནས་སྤྱན་དྲངས་ཏེ་མི་ལོ་བཞི་ལ་བཀའ་རྒྱས་བཏབ་སྟེ་མཐར་སྨར་སྟོད་འབྲོས་ཕུག་མཁའ་འགྲོའི་འདུ་ཁང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བནྡྷེ་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།ཨྠིྀ།།།།