TTDL-ZABTER-07-JA-049

From Dudjom Wiki
Revision as of 09:41, 11 August 2024 by Mort (talk | contribs)

TTDL-ZABTER-07-JA-049
Wylie title TTDL-ZABTER-07-JA-049.pdf
Location bdud 'joms gling pa zab gter
Volume 7, Text 49, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms sgrol ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity sgrol ma
[edit]
༠༠༠༠༠བརྡ་ཡིག༥༨༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྗེ་བཙུན་འཕགས་མ་སྒྲོལ་མའི་གཏོར་བསྔོ་བདུད་རྩི་འཁྱིལ་བ་བཞུགས༔ ན་མོ་གུ་རུ་ཝེ༔ འབྱོར་ཚོགས་མཆོད་པ་སྣ་ཚོགས་བཤམས༔ ནམ་མཁའ་མཛོད་སྔགས་ལན་གསུམ་བརྗོད༔ ཏཱཾ༔ མདུན་གྱི་ནམ་མཁར་པད་ཟླའི་སྟེང་༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང་༔ སྤྲུལ་པའི་ལྷ་མོ་ཉེར་གཅིག་བཅས༔ ཐུགས་རྗེའི་བརྩེ་བ་ཆེན་པོས་རོལ༔ ཧཱུྃ༔ རྗེ་བཙུན་འཕགས་མ་སྒྲོལ་མ་དང་༔ མྱུར་མ་དཔའ་མོ་དབྱངས་ཅན་མ༔ ཟག་མེད་བདུད་རྩིའི་གཏོར་མ་དང་༔ འདོད་ཡོན་ལོངས་སྤྱོད་མཆོད་འབུལ་བཞེས༔ བསོད་ནམས་མཆོག་སྟེར་རྣམ་རྒྱལ་མ༔ རིག་བྱེད་མ་དང་འཇིགས་བྱེད་མར༔ ཟག་མེད་བདུད་རྩིའི་གཏོར་མ་དང་༔ འདོད་ཡོན་ལོངས་སྤྱོད་མཆོད་འབུལ་བཞེས༔ གཞན་གྱིས་མི་ཐུབ་གཞན་ལས་རྒྱལ༔ སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ༔ ཟག་མེད་བདུད་རྩིའི་གཏོར་མ་དང་༔ འདོད་ཡོན་ལོངས་སྤྱོད་མཆོད་འབུལ་བཞེས༔ འཇིག་རྟེན་གསུམ་རྒྱལ་ནོར་སྟེར་མ༔ བཀྲ་ཤིས་དོན་བྱེད་དང་བཅས་པ༔ ཟག་མེད་བདུད་རྩིའི་གཏོར་མཆོད་བཞེས༔ འདོད་ཡོན་ལོངས་སྤྱོད་མཆོད་འབུལ་བཞེས༔ དགྲ་དཔུང་འཇོམས་དང་ཁྲོ་གཉེར་ཅན༔ འཕགས་མ་ལྷ་མོ་རབ་ཞི་མར༔ ཟག་མེད་བདུད་རྩིའི་གཏོར་མཆོད་བཞེས༔ འདོད་ཡོན་ལོངས་སྤྱོད་མཆོད་འབུལ་བཞེས༔ འབར་བའི་འོད་ཅན་མ་དང་ནི༔ རྨ་བྱ་ཆེན་མོ་མི་ཕམ་རྒྱལ༔ ཟག་མེད་བདུད་རྩིའི་གཏོར་མ་དང་༔ འདོད་ཡོན་ལོངས་སྤྱོད་མཆོད་འབུལ་བཞེས༔ དཔག་མེད་གནོན་མ་རི་ཁྲོད་མ༔ འོད་ཟེར་ཅན་མ་འཁོར་བཅས་ལ༔ ཟག་མེད་བདུད་རྩིའི་གཏོར་མཆོད་བཞེས༔ འདོད་ཡོན་ལོངས་སྤྱོད་མཆོད་འབུལ་བཞེས༔ ཁྱེད་མཆོད་ཁྱེད་ལ་བདག་བསྟོད་དོ༔ བསོད་ནམས་ནོར་དང་ལོངས་སྤྱོད་གཏེར༔ རིགས་རྒྱུད་བུ་དང་ཚེ་ཆོས་དཔལ༔ ལེགས་པའི་ཡོན་ཏན་དངོས་གྲུབ་སྩོལ༔ འདི་དང་ཕྱི་མ་བར་དོ་གསུམ༔ རྗེས་སུ་བཟུང་ཞིང་བསྐྱབ་ཏུ་གསོལ༔ འཇིགས་དང་སྡུག་བསྔལ་ཉེར་འཚེ་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ཡེ་ཤེས་མཁའ་འགྲོ་ཤེས་རབ་དབང་མོས་གདམས༔ རྣལ་འབྱོར་དབང་ཕྱུག་ཡེ་ཤེས་རབ་འབྱོར་བས༔ གཉིས་སྐྱེས་འཇའ་ཚོན་དང་བཅས་བསྐུར་བའི་ངོར༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་བྲིས་པའོ༔ དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།