TTDL-ZABTER-07-JA-054

From Dudjom Wiki
Revision as of 09:44, 11 August 2024 by Mort (talk | contribs)

TTDL-ZABTER-07-JA-054
Wylie title TTDL-ZABTER-07-JA-054.pdf
Location bdud 'joms gling pa zab gter
Volume 7, Text 54, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms mkha' 'gro mtsho rgyal
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle མཁའ་འགྲོ་གསང་བའི་གབ་ཐིག་ (mkha' 'gro gsang ba'i gab thig)
Deity ye shes mtsho rgyal
[edit]
༠༠༠༠༠བརྡ་ཡིག༦༢༣མཁའ་འགྲོ་གསང་བའི་གབ་ཐིག་ལས༔ ཡུམ་ཀ་མཁའ་འགྲོའི་སྲོག་འཁོར་དབང་སྡུད་རྒྱན་གྱི་འཁོར་ལོ་བཞུགས་སོ༔ ན་མོ་གུ་རུ་ཛྙཱ་ན་ཌཱཀྐི་ཡེ༔ མཁའ་འགྲོ་སྒྲུབ་པའི་རྣལ་འབྱོར་གྱིས༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་ངང་༔ བྱིན་གྱིས་རླབས་ཕྱིར་འདི་བཟུང་བྱ༔ དར་རམ་རས་དཀར་དྲི་མེད་ལ༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ ལྟེ་བར་ཡེ་ཤེས་མཁའ་འགྲོ་མའི༔ སྐུ་གཟུགས་བསྐྱེད་ཆོག་ཇི་བཞིན་བྲི༔ སྙིང་གར་བྃཿགྱི་ཡི་གེ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ རྩ་སྔགས་དང་ནི་སྒྲུབ་སྔགས་བཀོད༔ དེའི་ཕྱི་མུ་ཁྱུད་གཉིས་པ་ལ༔ ཨོཾ་པདྨ་ཡི་གི་ནི་བཛྲ་ཝ་ར་ཧི་ཧཱུྃ༔ བཛྲ་ཀྲོ་ཏི་ཀཱ་ལི་སིདྷི་མུ་ཁ་ཧཱུྃ༔ བྃ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ༔ འཆང་བ་པོའི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་སྨིན་ཅིང་གྲོལ་ཏེ་འཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ༔ པྲཛྙཱ་ཛྙཱ་ན་ས་མ་ཏི་སིདྡྷི་ཕ་ལ་ཧཱུྃ་ཨོཾ༔ གསུམ་པ་པདྨ་འདབ་བརྒྱད་ལ༔ མདུན་ནས་རིམ་པ་འདི་བཞིན་བཀོད༔ ཧཿཛཿརིཿཧཱུྃཿནིཿབཾཿསཿཧོཿདེ་ཕྱིར་མུ་ཁྱུད་བཞི་པ་ལ༔ མ་བྷྱོ་ཛ་ཧྲཱིཾ་སརྦ་ཛྙཱ་ན་ཌཱཀྐི་ནཱི༔ སརྦ་ལོ་ཀ་ཌཱཀྐི་ནཱི༔ སརྦ་ས་མ་ཡ་ཌཱཀྐི་ནཱི༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ འཆང་བ་པོའི་ནད་གདོན་འཇིགས་བརྒྱད་སྒྲིབ་གཉིས་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡོན་ཏན་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་སྲིད་གསུམ་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ལྷ་འདྲེ་མི་གསུམ་ཐམས་ཅད་འཆང་བ་པོའི་དབང་དུ་འདུ་བར་གྱུར་ཅིག༔ འབངས་སྡེ་བྲན་གཡོག་ཏུ་ཁོལ་བར་གྱུར་ཅིག༔ ཟས་ནོར་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཐམས་ཅད་ཀྱི་ཆར་ཆེན་པོ་འབབ་ཅིང་ནུབ་པ་མེད་པར་བརྟན་པར་གྱུར་ཅིག༔ སརྦ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གནོད་བྱེད་དུག་ལྔ་དུག་གསུམ་སྔོན་ལས་འཕྲལ་རྐྱེན་ལས་བྱུང་བའི་དགྲ་གདོན་བགེགས་ཚོགས་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་བརླག་པར་གྱུར་ཅིག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨ་ལི་ཀ་ལི་རྟེན་སྙིང་མཐར༔ འཆང་བ་པོའི་ལུས་ངག་ཡིད་གསུམ་བླ་ཚེ་སྲོག་གསུམ་ཐམས་ཅད་ལ་འཇིགས་པ་དང་གནོད་པ་དང་བགེགས་དང་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཀྱིས་མི་ཚུགས་པར་སྲུངས་ཤིག༔ སརྦ་དྷརྨ་པཱ་ལ་རཀྵ༔ ཀྵེ་ཊ་པཱ་ལ་རཀྵ༔ ལོ་ཀ་པཱ་ལ་རཀྵ༔ སརྦ་ས་མ་ཡ་རཀྵ་རཀྵ༔ དེའི་ཕྱི་རིམ་དུ་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་བཀོད༔ འཇའ་ཚོན་འོད་ཀྱི་ར་བས་བསྐོར༔ རྩ་བརྒྱད་སྟོང་སྦྱར་ཆོས་སྨན་དང་༔ བཟང་དྲུག་པདྨ་རཀྟ་བྱུགས༔ རིན་ཆེན་སྣ་ལྔ་རྟེན་དུ་བཙུག༔ ལེ་བརྒན་དར་གྱིས་རབ་གཡོགས་ཤིང་༔ འབྲུ་ཚོམ་བཀོད་པའི་དབུས་སུ་བཞག༔ ལས་གཞུང་བསྲང་སྟེ་ལྷར་གསལ་བའི༔ སྐུ་ཀློང་སྲུང་བའི་འཁོར་ལོའི་དབུས༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་སུ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་དལ༔ མ་ལུས་ལུས་པ་མེད་པ་རུ༔ རྫོགས་པར་གསལ་བའི་གནས་གསུམ་ལས༔ འོད་འཕྲོས་དབྱིངས་བཞུགས་ཡེ་ཤེས་པ༔ སྐུ་གསུམ་མཁའ་འགྲོའི་རྣམ་པ་རུ༔ སྤྱན་དྲངས་བསྐྱེད་པའི་ལྷ་ལ་ཐིམ༔ དམ་ཚིག་ཡེ་ཤེས་གཉིས་མེད་འདྲེས༔ མ་བཅོས་རྫོགས་པའི་དཀྱིལ་འཁོར་དུ༔ ཡོངས་གྲུབ་ཆེན་པོར་ཡེ་ཡིན་རྫོགས༔ ཨོཾ་ཛྙཱ་ན་ཌཱཀྐི་ནཱི་ས་རཱ་ཛ་ཡ་བྃ་ཧ་རི་ནི་ས་སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཕེཾ༔ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱ༔ སྒྲུབ་ཚེ་ལྷ་དང་དབྱེར་མེད་བསྒོམ༔ རྒྱུན་དུ་ལུས་དང་འབྲལ་མེད་འཆང་༔ བར་སྐབས་རབ་གནས་ནན་དུ་བྱ༔ དར་སྣ་ལྔ་ཡིས་དྲིལ་བྱས་ཏེ༔ མི་ལག་མི་འགྲིམ་གསང་ཐབས་འཆང་༔ གནད་དང་ལྡན་པས་རྣལ་འབྱོར་པའི༔ སྒོ་གསུམ་རྡོ་རྗེ་གསུམ་དུ་རློབས༔ མ་དང་མཁའ་འགྲོས་བུ་བཞིན་བསྐྱང་༔ ཐེ་ཚོམ་མེད་དོ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་སྤྲུལ་པའི་སྐུ་སྣ་ཚོགས་རང་གྲོལ་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།