TTDL-ZABTER-08-NYA-002

From Dudjom Wiki
Revision as of 10:07, 13 August 2024 by Mort (talk | contribs)

TTDL-ZABTER-08-NYA-002
Wylie title TTDL-ZABTER-08-NYA-002.pdf
Location bdud 'joms gling pa zab gter
Volume 8, Text 2, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms bka' srung legs ldan
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity ma hA kA la
[edit]
བརྡ་ཡིག༠༠༠༠༠༠༡༧༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་ལྡན་མ་ཧཱ་ཀཱ་ལའི་བསྐང་གསོལ་འདོད་འབྱུང་དཔག་བསམ་རྒྱས་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག༠༠༠༠༠༠༔ གསང་སྔགས་ཐེག་ཆེན་རྣལ་འབྱོར་གྱིས༔ ཡེ་ཤེས་མགོན་པོ་བསྒྲུབ་པའི་ཚེ༔ བསྐང་གསོལ་དཔག་བསམ་རྒྱས་པ་དགོས༔ ལག་ཏུ་ལེན་པའི་རིམ་པ་ལ༔ ཤ་ཆང་འོ་སྐྱེམས་ཁྲག་གི་སྐྱེམས༔ ཤ་སྣ་འབྲུ་སྣ་གཏོར་མ་དང་༔ འབྱོར་ཚོགས་འདོད་ཡོན་ཅི་རིགས་བཤམས༔ སྭ་བྷཱ་ཝ་ཡིས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ བཤམས་པའི་རྫས་དང་སྣོད་བཅུད་ཀྱི༔ དྭངས་བཅུད་ཚུར་འདུས་ལྷ་ཀླུ་མིའི༔ ལོངས་སྤྱོད་འདོད་རྒུའི་གཏེར་དུ་དམིགས༔ ནམ་མཁའ་མཛོད་ཀྱི་སྔགས་དང་ནི༔ རྟེན་འབྲེལ་སྙིང་པོས་བྱིན་གྱིས་བརླབས༔ བསྭོ༔ དད་པ་དང་ནི་དམ་ཚིག་གིས༔ ལེགས་ལྡན་ནག་པོ་ཆེན་པོ་ཁྱོད༔ སྤྲུལ་པ་བཀའ་སྡོད་མགོན་པོ་དང་༔ སྲིད་པའི་མ་མོའི་ཚོགས་དང་བཅས༔ མ་ཐོགས་གནས་འདིར་གཤེགས་སུ་གསོལ༔ མཆོད་ཅིང་བསྒྲུབ་པའི་གནས་འདིར་བཞུགས༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་གསང་བའི་རྫས༔ ཤ་སྣ་སྙིང་སྣ་ཁྲག་སྣ་དང་༔ གསེར་སྐྱེམས་ཁྲག་སྐྱེམས་འོ་སྐྱེམས་དང་༔ ཆང་སྐྱེམས་ལ་སོགས་སྐྱེམས་ཀྱི་རིགས༔ འབྲུ་སྣ་དཀར་གསུམ་མངར་གསུམ་དང་༔ དམར་གྱི་གཏོར་མ་ཤ་རུས་ཁྲག༔ བཟའ་བཅའ་བཏུང་བ་ལྡག་གཞིབ་རིགས༔ མ་ཚང་མེད་པའི་མཆོད་སྤྲིན་འདིས༔ དབང་ཕྱུག་ཆེན་པོ་གསོལ་ཞིང་མཆོད༔ ལེགས་ལྡན་ནག་པོའི་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་དགྱེས་དགོངས་འཚལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ མགོན་ཆེན་སྡེ་ལྔའི་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་དགྱེས་དགོངས་འཚལ༔ ཕྱོགས་བཅུའི་མགོན་པོའི་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་དགྱེས་དགོངས་འཚལ༔ སྡེ་བརྒྱད་མགོན་པོའི་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་དགྱེས་དགོངས་འཚལ༔ དགྲ་བླ་བཅུ་གསུམ་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་དགྱེས་དགོངས་འཚལ༔ ལྷ་དམག་བྱེ་བ་དུང་ཕྱུར་དང་༔ སྲིད་པ་མ་མོའི་ཚོགས་བཅས་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ མགོན་པོ་ཁྱོད་མཆོད་བྱིན་རླབས་ཀྱིས༔ བདག་ཅག་འཁོར་དང་བཅས་པ་ཡི༔ འདི་ཕྱིའི་རེ་སྨོན་ཀུན་འགྲུབ་ཅིང་༔ ཞི་དང་རྒྱས་དང་དབང་དྲག་དང་༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་མཛོད༔ བཀའ་དང་དམ་ཚིག་རྗེས་དགོངས་ལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ལྟར་གསོལ་མཆོད་གྲངས་ལྡན་དུ༔ འདོན་དང་མཆོད་རྫས་བསྣན་ཅིང་གསོ༔ སྤོས་དང་གསུར་གྱི་མཆོད་པ་བཏང་༔ མགོན་པོ་ནག་པོ་བྲན་ཁོལ་ཞིང་༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ བསླུ་བ་མེད་དོ་གཉན་ཚིག་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཞེས་པ་འདི་ཡང་ཁྲོམ་དཔོན་ཀུན་བཟང་བསྟན་འཛིན་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་བསྒྱུར་བའི་ཡི་གེ་པ་ནི་རང་སློབ་དགེ་ལེགས་དཔལ་བཟང་ངོ་།།དགེའོ།།དགེའོ།།དགེའོ།།ལེགས་སོ།།།།