TTDL-ZABTER-08-NYA-045

From Dudjom Wiki
Revision as of 15:52, 12 August 2024 by Mort (talk | contribs)

TTDL-ZABTER-08-NYA-045
Wylie title TTDL-ZABTER-08-NYA-045.pdf
Location bdud 'joms gling pa zab gter
Volume 8, Text 45, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་རྣམ་གསུམ་གྱི་སྒོ་ནས་དབང་སྡུད་ནོར་བུ་དབང་རྒྱལ་བཞུགས༔ བརྡ་ཡིག་༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༤༠༠༔ ན་མོ་གུ་རུ༔ རིག་སྟོང་སྤྲོས་བྲལ་དོན་གྱི་ཡེ་ཤེས་མཆོག༔ བདེ་གཤེགས་སྙིང་པོར་མི་ཕྱེད་དད་པས་འདུད༔ འཁོར་འདས་ཆོས་ཀུན་ཡེ་སྟོང་ཆེན་པོའི་ངང་༔ རང་བཞིན་རྣམ་དག་སྤྲོས་བྲལ་སྒོ་གསུམ་ལྡན༔ རིགས་ལྔ་སྐུ་ལྔ་ཞིང་ལྔ་ལོངས་སྤྱོད་རྫོགས༔ ཀུན་རྫོབ་མཚན་མའི་བག་གིས་མ་བཅིང་བར༔ ཉི་མའི་མདངས་ལས་ཟེར་མདངས་དབྱེར་མེད་བཞིན༔ ལྷུན་གྲུབ་སྣང་བ་སྒོ་བརྒྱད་རྒྱན་དུ་ཤར༔ འཛིན་སྟངས་ཕྲ་བའི་རླུང་གིས་གཅུན་པའི་སྟོབས༔ མདངས་ལྔ་ཁ་དོག་ལྔ་རུ་བློ་ཡིས་བཞག༔ ཨ་འཐས་ཐེར་ཟུག་འདོད་ཡོན་ལམ་དུ་བྱེད༔ གཉིས་སྣང་ཁམས་གསུམ་འཁྲུལ་པའི་འཁོར་ལོ་ཀུན༔ རང་དབང་རང་ཀློང་སྡུད་པ་རྡོ་རྗེའི་རྒྱ༔ ཀུན་གཞིའི་ཁམས་སུ་འདོད་ཡོན་སྣང་བ་སྡུད༔ ཞེན་མེད་འཛིན་མེད་མཐའ་གྲོལ་རིག་པའི་ངང་༔ མ་བཅོས་གཉུག་མ་ཆོས་དབྱིངས་ཆེན་པོའི་ངང་༔ ས་མ་ཡ༔ དང་པོ་འདུ་འཛི་སྤང་ལ་རི་སུལ་དུ༔ དབང་ཕྱུག་ཆེན་པོའི་སྒྲུབ་པ་སྔོན་སོང་མཐར༔ ཁམས་གསུམ་དབང་སྡུད་མན་ངག་ཟབ་མོ་ནི༔ དལ་ལ་མདའ་གང་ཟླ་གམ་དབང་གི་མདོག༔ བླ་རྡོ་སྲོག་འཁོར་སྒྲུབ་པའི་རྟེན་དུ་གཞུག༔ ལས་གཞུང་བསྲངས་ཏེ་སྒྲུབ་འཛབ་དབང་སྡུད་སྔགས༔ ཤམ་བུ་འབུམ་ཕྲག་བདུན་ཚོ་འགྲུབ་པའི་མཐར༔ བློ་ཡིད་འགུགས་དང་ནོར་རྫས་དབང་སྡུད་སྔགས༔ ཐེར་འབུམ་གསུམ་ཚོ་གྲུབ་པ་དབང་སྡུད་དོ༔ ས་མ་ཡ༔ དེ་ནས་རྫས་དང་འཁོར་ལོ་རིམ་གཉིས་ལས༔ དང་པོ་རྫས་ལ་གླ་རྩི་གསེར་མེ་དང་༔ དབང་ལག་གུར་གུམ་ལི་ཤི་མཁར་གོང་དང་༔ རིན་ཆེན་སྣ་ལྔ་གི་ཧཾ་མཚལ་ལི་ཁྲི༔ དར་ཚོན་སྣ་ལྔ་ཅུ་གང་བུ་མོའི་མཚལ༔ བསོད་ནམས་ལྡན་པའི་སྐྱེས་བུའི་བྱང་སེམས་གོས༔ འཕན་དར་ཕྱུག་གསུམ་འཛོམས་པའི་སྐྲ་གོས་དུམ༔ ལྕེ་བདུན་པ་དང་གནག་ཕྱུགས་མར་གྱི་རིགས༔ འབྲུ་རིགས་བཅུ་བདུན་རྒྱ་ཤིང་ཁུ་བས་བཏབ༔ འཆི་མེད་ཤིང་ལྔ་ཁྱི་མོ་དཀར་མོའི་བཅུད༔ ཨ་རུ་གསེར་མདོག་ཙན་དན་དཀར་དམར་རྣམས༔ ཞིབ་བཏུལ་རིལ་བུ་བྱས་ཤིང་སྔགས་ཀྱིས་བསྒྲུབ༔ ལུས་ལ་བཅིང་དང་རི་བོའི་རྩེ་རུ་སྦས༔ ནམ་མཁར་གཏོར་བས་སྲིད་གསུམ་དབང་དུ་འདུས༔ ས་མ་ཡ༔ དེ་ནས་འཁོར་ལོའི་རིམ་པ་འདི་ལྟ་སྟེ༔ སྨན་ཤོག་མཁྱུད་འཁོར་མུ་ཁྱུད་རིམ་ལྔ་བསྐོར༔ དབུས་སུ་ཧྲཱིཾཿཛཿརིན་ཆེན་དང་པོས་བྲི༔ དེ་མཐར་ཡིག་མགོ་ནང་བསྟན༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿཁམས་གསུམ་སྲིད་གསུམ་འདོད་རྒུའི་དཔལ་ཡོན་རླུང་རྟ་བླ་གཟའ་སྙན་གྲགས་ཚེ་བསོད་དཔལ་འབྱོར་དགོན་སྡེ་གྲྭ་ཚན་སྐྱེ་འགྲོ་ཕོ་མོ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་པཱ་ཤཾ་ཀུ་རུ་སྭཱ་ཧཱ༔ མུ་ཁྱུད་གཉིས་པ་ལ༔ པདྨ་འདབ་མ་བཞི་རུ་བཀོད༔ ཤར་གྱི་འདབ་མ་ལ༔ ཨོཾ་ཧྲཱིཾ་ཛ་ཁམས་གསུམ་སྲིད་གསུམ་འདོད་རྒུའི་དཔལ་ཡོན་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷོ་ཡི་འདབ་མ་ལ༔ ཧཱུྃ་ཧྲཱིཾ་ཏྲཾ་ཁམས་གསུམ་སྲིད་གསུམ་འདོད་རྒུའི་དཔལ་ཡོན་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་ཀྱི་འདབ་མ་ལ༔ ཧྲཱིཿབཾ་ཁམས་གསུམ་སྲིད་གསུམ་འདོད་རྒུའི་དཔལ་ཡོན་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྱང་གི་འདབ་མ་ལ༔ ཨ་ཧོ་ཁམས་གསུམ་སྲིད་གསུམ་འདོད་རྒུའི་དཔལ་ཡོན་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ པད་འཚབ་རྣམས་སུ༔ སྲིད་གསུམ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་གསུམ་པ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ཛཿཨུ་མ་དཱེ་ཝི་ཧྲཱིཾ༔ ཧ་རི་ནི་ས༔ ཁམས་གསུམ་སྲིད་གསུམ་གྱི་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་བུ་སློབ་ལྷ་འདྲེ་མི་གསུམ་དགོན་སྡེ་གྲྭ་ཚན་རྒྱལ་བློན་འབངས་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་བཞི་པ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ཛཿཨུ་མ་དཱེ་ཝི་ཧྲཱིཾ༔ ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿཁམས་གསུམ་སྲིད་གསུམ་གྱི་འགྲོ་བ་ཕོ་མོ་རྒྱལ་བློན་འབངས་གསུམ་ལྷ་འདྲེ་མི་གསུམ་གྱི་བློ་ཡིད་སེམས་གསུམ་ཐམས་ཅད་བསྐུལ་བསྐུལ་མི་འགྲམ་ཆོག་མི་བློ་བསྒྱུར་མི་ལག་འགུལ་འགུལ་སྒྲུབ་པ་པོའི་དབང་དུ་འདུ་ཞིང་བྲན་དུ་ཁོལ་ཏེ་ལོངས་སྤྱོད་ཐམས་ཅད་ལ་དབང་བསྒྱུར་བར་མཛད་དུ་གསོལ༔ ཨོཾ་བཛྲ་ས་མ་ཡ༔ ཨཱཿབཛྲ་ས་མ་ཡ༔ ཧཱུྃ་བཛྲ་ས་མ་ཡ༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་ལྔ་པ་ལ༔ དབྱངས་གསལ་རྟེན་སྙིང་ཤམ་དུ༔ འདོད་རྒུའི་དཔལ་ཡོན་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༈ལས་ཚོགས་གཉིས་པ་ཚོགས་བདག་འཁོར་ལོ་ནི༔ སྨན་ཤོག་མཁྱུད་འཁོར་མུ་ཁྱུད་རིམ་ལྔ་བསྐོར༔ ལྟེ་བར་ནོར་བུ་རྣམ་གསུམ་གཟུགས་བཀོད་དེ༔ ཨོཾ་ཨཱཿཧཱུྃ་གསུམ༔ ཚོགས་བདག་སྲོག་བརྟེན་ཤོག༔ འདོད་གསོལ་བྲི་ཞིང་མུ་ཁྱུད་གཉིས་པ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ག་ཎ་པ་ཏི་ཨུ་མ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿཁམས་གསུམ་སྲིད་གསུམ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་གསུམ་པ་ལ༔ ཨོཾ་མ་ཧཱ་དཱེ་ཝ་ག་ཎ་པ་ཏི་ཨུ་མ་དཱེ་ཝ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿའབྱུང་བཞིའི་ཁམས་ལ་བརྟེན་གནས་ཡོངས་སུ་གྲུབ་པའི་སྐྱེ་འགྲོ་ཕོ་མོ་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་རླུང་རྟ་བླ་གཟའ་སྙན་གྲགས་མཐུ་སྟོབས་ནུས་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་རྒྱས་རབ་ཏུ་བརྟན་པར་གྱུར་ཅིག༔ མུ་ཁྱུད་བཞི་པ་ལ༔ ཨཿཡཿམཿདུཿརུཿཙཿཤཿནཿསྣང་སྲིད་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་ཀྱི་བློ་ཡིད་ནུས་པ་མཐུ་སྟོབས་ཐམས་ཅད་དབང་དུ་བསྡུས་ཏེ་བྲན་འབངས་ལས་བྱེད་ཀྱི་ཚུལ་དུ་འཁོར་ཞིང་ལས་ལ་འཆུན་པར་གྱུར་ཅིག༔ ཨ་ནྲྀ་ཨ་ཀཪྴ་ཡ་ཛ་ཛ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་སརྦ་ཁ་དྷེ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཨོཾ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿཨོཾ་རཏྣ་བ་སུ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་ལྔ་པ་ལ༔ རྟེན་འབྲེལ་སྙིང་པོ་དང་དབྱངས་གསལ་ཤམ་དུ༔ ནྲྀ་འགུལ་འགུལ་རྒྱུག་རྒྱུག་བྲེང་བྲེང་དུང་དུང་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ༈ལས་ཚོགས་གསུམ་པ་འདོད་རྒྱལ་འཁོར་ལོ་ནི༔ མུ་ཁྱུད་རིམ་པ་ལྔ་རུ་བསྐོར་བྱས་ཏེ༔ དབུས་ཀྱི་ལྟེ་བར་ཟླ་གམ་རིན་ཆེན་འབར༔ མུ་ཁྱུད་གཉིས་པར་པདྨ་འདབ་བཞི་བཀོད༔ ཤར་འདབ་ལ༔ ཨོཾ་བཛྲ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿཁམས་གསུམ་སྲིད་གསུམ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷོ་འདབ་ལ༔ ཨོཾ་རཏྣ་མ་ཧཱ་དཱེ་ཝ་ས་མ་ཡ་ཧྲཱིཾ་ཛ་ཛཿཁམས་གསུམ་སྲིད་གསུམ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་འདབ་ལ༔ ཨོཾ་པདྨ་མ་ཧཱ་དཱེ་ཝ་སརྦ་ས་མ་ཡ་ཧྲཱིཾ་ཛ་ཛཿཁམས་གསུམ་སྲིད་གསུམ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྱང་འདབ་ལ༔ ཨོཾ་ཀརྨ་མ་ཧཱ་དཱེ་ཝ་སརྦ་ས་མ་ཡ་ཧྲཱིཾ་ཛ་ཛཿཁམས་གསུམ་སྲིད་གསུམ་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་གསུམ་པ་ལ༔ ཟླ་གམ་དམར་པོ་བཞི་རུ་བཀོད་པར་བྱ༔ ཤར་གྱི་ཟླ་གམ་ལ༔ ཛ་ཛ་ཧྲཱིཾ་རྡོ་རྗེ་འགུགས་བྱེད་ཆེན་མོས་ཆུ་ཁམས་དབང་དུ་སྡུས་ཤིག༔ ནད་གདོན་འཇིགས་བརྒྱད་ཞི་བར་མཛོད་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷོ་ཡི་ཟླ་གམ་ལ༔ ཧཱུྃ་ཧཱུྃ་ཧྲཱིཾ་རིན་ཆེན་འགུགས་བྱེད་ཆེན་མོས་ས་ཁམས་དབང་དུ་སྡུས་ཤིག༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་མཛོད་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་ཀྱི་ཟླ་གམ་ལ༔ བཾ་བཾ་ཧྲཱིཾ་པདྨ་འགུགས་བྱེད་ཆེན་མོས་མེ་ཁམས་དབང་དུ་སྡུས་ཤིག༔ ཁམས་གསུམ་སྲིད་གསུམ་སྐྱེ་འགྲོ་ཕོ་མོ་ཟས་ནོར་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཐམས་ཅད་དབང་དུ་སྡུས་ཤིག་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྱང་གི་ཟླ་གམ་ལ༔ ཧོ་ཧོ་ཧྲཱིཾ་ཀརྨ་འགུགས་བྱེད་ཆེན་མོས་རླུང་ཁམས་དབང་དུ་སྡུས་ཤིག༔ གནོད་བྱེད་དུག་ལྔ་ལས་བྱུང་བའི་ལོག་པར་འདྲེན་པ་ཐམས་ཅད་རྡུལ་དུ་རློག་ཅིག་གནོད་བྱེད་མཱ་ར་ཡ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་བཞི་པ་ལ༔ ཨོཾ་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་མ་ཡ་ཛ་ཛཿསྣང་སྲིད་བརྟན་གཡོ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནྲྀ་འགུལ་འགུལ་རྒྱུག་རྒྱུག་བྲེང་བྲེང་དུང་དུང་མི་སྙིང་འཕྲོག་མི་འགྲམ་ཆོག་ཆོག་སརྦ་རཏྣ་ཁ་དྷེ་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ དབྱངས་གསལ་རྟེན་སྙིང་གི་ཤམ་དུ༔ ལྷ་ཆེན་འདོད་པའི་རྒྱལ་པོས་ཁམས་གསུམ་སྲིད་གསུམ་ཟས་ནོར་ལོངས་སྤྱོད་ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་བསྡུས་ལ་འཆང་བ་པོའི་བསོད་ནམས་དང་དཔལ་དུ་སྩོལ་ཅིག༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔ དེ་མཐར་ནོར་བུ་ལྕགས་ཀྱུ་པདྨ་རྣམས་ཕྱོགས་རེར་བྲིའོ༔ རྫས་ལ་དབང་སྡུད་རྫས་ཀུན་བྱུག༔ ཡང་ན་གླ་རྩི་གི་ཧཾ་དང་༔ པདྨ་རཀྟ་མཚལ་ལི་ཁྲི༔ བྱུགས་ཏེ་དར་ཚོན་སྣ་ལྔས་དྲིལ༔ རབ་ན་ལྷ་གྲངས་འབྲིང་ཉེར་གཅིག༔ ཐ་ན་བཅུ་ལས་ཉུང་མི་རུང་༔ རབ་གནས་བརྟན་བཞུགས་ནན་དུ་བྱ༔ དམིགས་པའི་གནད་དང་ལྡན་པའི་ངང་༔ ལན་གཅིག་བསྐོར་བས་སྲིད་གསུམ་གྱི༔ སྐྱེ་འགྲོ་ཟས་ནོར་དབང་དུ་སྡུད༔ རྣམ་མང་ཐོས་བཞིན་དཔལ་གྱིས་ཕྱུག༔ བཀའ་སྲུང་དྲེགས་པ་ལས་ལ་ཁོལ༔ ཕྲིན་ལས་རབ་འབྱམས་ཐོགས་མེད་བསྒྲུབ༔ བར་སྐབས་འཁོར་ལོ་སྲུང་མར་བསྒོམ༔ འོད་ཟེར་འཕྲོ་འདུས་ཕྲིན་ལས་བསྒྲུབ༔ བར་སྐབས་དབང་གི་ལྕགས་ཀྱུར་དམིགས༔ སྐྱེ་འགྲོའི་བློ་ཡིད་དབང་བསྒྱུར་བསམ༔ བར་སྐབས་རྡོ་རྗེ་ཕྲ་མོར་བསྒོམ༔ ལས་བཞིའི་དམིགས་པས་ལྡེ་ཁ་བསྒྱུར༔ བར་སྐབས་དཀྱིལ་འཁོར་དབུས་སུ་འཇོག༔ ཤ་ཁྲག་དམར་གཏོར་སྐྱེམས་མཆོད་འབུལ༔ ཆོས་སྐྱོང་དངོས་སུ་གསལ་བ་གནད༔ ས་མ་ཡ༔ བཀའ་སྲུང་དྲེགས་པ་སྡེ་དགུས་སྲུངས༔ དམ་ལྡན་སློབ་མའི་ཚོགས་ལ་སྤྲོད༔ དམ་ཉམས་ལྟ་ལོག་སྲོག་རྩ་ཆོད༔ ས་མ་ཡ༔ སྐུ་རྒྱ༔ གསུང་རྒྱ༔ ཐུགས་རྒྱ༔ ཡོན་ཏན་རྒྱ༔ ཕྲིན་ལས་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་འཇའ་ལུས་དབང་ཕྱུག་ཤེས་རབ་རྡོ་རྗེ་དང་འཇམ་དཔལ་རྡོ་རྗེ་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།།།