TTDL-ZABTER-08-NYA-062

From Dudjom Wiki
Revision as of 15:47, 12 August 2024 by Mort (talk | contribs)

TTDL-ZABTER-08-NYA-062
Wylie title TTDL-ZABTER-08-NYA-062.pdf
Location bdud 'joms gling pa zab gter
Volume 8, Text 62, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms srung ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
[edit]
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཤན་པ་དམར་ནག་གི་སྐུ་འཁོར་དགྲ་བོའི་སྲོག་ལེན་བཞུགས་སོ༔ བརྡ་ཡིག་༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༥༣༢༔ གནོད་སྦྱིན་ཤན་པ་དམར་ནག་གི༔ སྐུ་འཁོར་དགྲ་བོའི་སྲོག་ལེན་འདིར༔ མུ་ཁྱུད་རིམ་པ་བཞི་རུ་བསྐོར༔ ལྟེ་བར་གནོད་སྦྱིན་སྐུ་གཟུགས་བྲིས༔ དེ་ཡི་ཐུགས་ཀར་ཀྵཿཧྲཱིཿབྲིས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨེ་ཧེ་རྨ་རུ་རྩེ་གུ་ཎ་ཧྲཱིཿཏྲི་གྷྲཾ་བྷྱོ༔ ཤ་རཾ་བྷྱོ༔ པུ་རུ་ཛ༔ གྷྲིག་ཧ་ལ༔ གྷྲན་ཏ་ཡ་ཛ་ཛཿསྲོག་གི་སྙིང་པོ་ནི༔ ཨེ་ཧཾ་ཤཾ་ཏྲི་ཏཾ་རྩལ་ཏྲི་རག་གི་ས་མ་ཡ་ཛ་ཛཿནཱ་ག་རཱ་ཛ་ཀྲོ་ཏ་ནི༔ ཏྲི་ཁ་ཐུན་ཏྲི་ལ་ཐུན་ཨ་བྷི་ཤུ་ནཱ་ག་རཱ་ཛ་ཛ་ཛཿཏྲི་ཁ་ཐུན་བྷྱོཿཆེ་གེ་མཱ་ར་ཡ་རྦད༔ ཅེས་བྲིས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨེ་ཧེ་རྨ་རུ་རྩེ་གུ་ཎ་ཧྲཱིཿཏྲི་གྷྲཾ་བྷྱོ༔ ཤ་རཾ་བྷྱོ༔ པུ་རུ་ཛ༔ གྷྲིག་ཧ་ལ༔ གྷྲན་ཏ་ཡ༔ གྱིན་ཏ་ཡ་རྦད་སོད༔ པུ་རུ་སྙིང་རྩེ༔ ཨ་པ་ལཾ་ཆེ་གེ་མཱ་ར་ཡ་སོད༔ རང་རྒྱུག་སྲོག་ལ་རྒྱུག༔ ཤ་ལ་རྔམས༔ དབུགས་ལ་རྔུབས༔ ཁྲག་ལ་འཇིབ༔ ཙིག་ཙིག༔ ཆེ་གེའི་སྲོག་ལ་ཡཾ་ཡཾ༔ ཞེས་བྲིའོ༔ ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ ཤར་དུ༔ རྒྱལ་པོ་སྟག་གདོང་དགྲ་ལ་རྦད༔ ལྷོ་རུ༔ གཤིན་རྗེ་གཟིག་གདོང་དགྲ་ལ་རྦད༔ ནུབ་ཏུ༔ བཙན་རྒྱལ་དོམ་མགོ་དགྲ་ལ་རྦད༔ བྱང་དུ༔ བདུད་རྒྱལ་འབྲོང་མགོ་དགྲ་ལ་རྦད༔ ཤར་ལྷོའི་རྩིབས་ལ༔ ནེ་ཙོའི་གདོང་ཅན་དགྲ་ལ་རྦད༔ ལྷོ་ནུབ་ཏུ༔ རྨ་བྱའི་གདོང་ཅན་དགྲ་ལ་རྦད༔ ནུབ་བྱང་དུ༔ ཤང་ཤང་གདོང་ཅན་དགྲ་ལ་རྦད༔ བྱང་ཤར་དུ༔ ཉ་མོའི་གདོང་ཅན་དགྲ་ལ་རྦད༔ ཤར་འོག་ཏུ༔ དྲི་ཟའི་དམག་ཚོགས་དགྲ་ལ་རྦད༔ ལྷོར༔ གཤིན་རྗེའི་དམག་ཚོགས་དགྲ་ལ་རྦད༔ ནུབ་ཏུ༔ ཀླུ་བདུད་དམག་ཚོགས་དགྲ་ལ་རྦད༔ བྱང་དུ༔ གནོད་སྦྱིན་དམག་ཚོགས་དགྲ་ལ་རྦད༔ ཤར་ལྷོར༔ མེ་ལྷའི་དམག་ཚོགས་དགྲ་ལ་རྦད༔ ལྷོ་ནུབ་ཏུ༔ སྲིན་པོའི་དམག་ཚོགས་དགྲ་ལ་རྦད༔ ནུབ་བྱང་དུ༔ རླུང་ལྷའི་དམག་ཚོགས་དགྲ་ལ་རྦད༔ བྱང་ཤར་དུ༔ དབང་ལྡན་དམག་ཚོགས་དགྲ་ལ་རྦད༔ ཕྱོགས་མཚམས་བརྒྱད་ལ༔ ཤར་ནས༔ ར་ཛཿཡ་མཿརུ་ཙཿདུ་པ༔ མཚམས་བཞིར༔ ཧུ་ལུ༔ མ་བྷྱོ༔ བྷུ་ར༔ ནཱ་ག༔ ཅེས་བྲིས༔ རྩིབས་མཆན་ལ༔ དགྲ་བོའི་ཤ་ལ་མྱག་མྱག་རོལ༔ དགྲ་བོའི་ཁྲག་ལ་ཧུབ་ཧུབ་རོལ༔ དགྲ་བོའི་སྲོག་ལ་ཧུར་ཐུམ་རོལ༔ དགྲ་བོའི་དབུགས་ལ་རྦད་རྦད་རོལ༔ དགྲ་བོའི་ཕོ་རྒྱུད་ཧུར་ཐུམ་སོད༔ དགྲ་བོའི་མོ་རྒྱུད་ཧུར་ཐུམ་སོད༔ དགྲ་བོའི་ཉེ་འབྲེལ་ཧུར་ཐུམ་སོད༔ དགྲ་བོའི་འཁོར་འབངས་ཧུར་ཐུམ་སོད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ དམོད་སྔགས་ལས་བཅོལ་བྲི་བར་བྱ༔ དེ་ནི་ཡབ་ཀྱི་འཁོར་ལོ་ཡིན༔ གཉིས་པ་ཡུམ་གྱི་འཁོར་ལོ་ལ༔ མུ་ཁྱུད་གོང་དང་མཚུངས་པ་ལ༔ ལྟེ་བར་གསོད་བྱེད་དམར་མོ་བྲིས༔ སྙིང་གར་བྷྱོཿབྲིས་ཕྱི་རིམ་དུ༔ མ་མ་རཀྴ་ཀྲོ་ཏི་བྷྱོ༔ མ་མ་ཨེ་ཀ་ཙ་ཏི་བྷྱོ༔ མ་མ་ཏྲག་རཀྴ་རུ་ལུ་རུ་ལུ་རེ་མ་ཏཱི་བྷྱོ་ཛཿབཾ་ཧ་རི་ནི་ས་ཀྲོ་ཏི་ཧྲཱིཾ་ཧྲཱིཾ་ཛཿདགྲ་བོའི་སྲོག་ལ་རྦད་རྦད་བྷྱོ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ མ་མ་རཀྴ་རཀྨོ་བྷྱོ༔ མ་མ་ཨེ་ཀ་ཙ་ར་བྷྱ༔ མ་མ་རེ་ཏཱི་རེ་ཛུ་རེ་མ་ཛུ་བྷྱོ་ཛཿསརྦ་མ་བྷྱོ༔ ཛཿཧྲཱིཾ་ས་མ་ཡ༔ དགྲ་བོ་ཆེ་གེའི་སྲོག་དབུགས་ཧུར་ཐུམ་སོད༔ ཅེས་བྲིས༔ དེ་ནས་རྩིབས་བརྒྱད་ལ༔ ཨཿཡཿམཿདུཿརུཿཙཿཤཿནཿཤར་རྩིབས༔ མ་ཧཱ་དཱེ་ཝ་དགྲ་ལ་རྦད༔ ལྷོ་རྩིབས༔ ཡ་མ་ར་ཙ་དགྲ་ལ་རྦད༔ ནུབ་རྩིབས༔ རེ་མ་ཏཱི་དགྲ་ལ༴བྱང་རྩིབས༔ དུ་ཏྲི་ཀཱ་ལ༴ཤར་ལྷོར༔ ནཱ་ག་ཙིཏྟ་དགྲ་ལ༴ལྷོ་ནུབ༔ ར་ཙ་ཀིཾ་ཀ་ར་དགྲ༴ནུབ་བྱང༔ ཀཱ་ལ་ཡཀྴ་དགྲ་ལ་རྦད༔ བྱང་ཤར༔ ནཱ་ག་རཱ་ཙ་དགྲ་ལ་རྦད༔ རྩིབས་མཆན་དུ༔ དགྲ་བོའི་ཁྲག་ལ་རོལ༔ དགྲ་བོའི་ཤ་ལ་རོལ༔ དགྲ་བོའི་སྲོག་ལ་རོལ༔ དགྲ་བོའི་དབུགས་ལ་རོལ༔ དགྲ་བོའི་བླ་ལ་རོལ༔ དགྲ་བོའི་ཚེ་ལ་རོལ༔ དགྲ་བོའི་ཕྱུགས་ལ་རོལ༔ དགྲ་བོའི་དཀོར་ལ་རོལ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ དམོད་བཅོལ་རྦད་ཚིག་བྲིས༔ ལིང་ག་གཟུགས་ཚང་ལ༔ སྙིང་གར་ཏྲིཿལ་ཛ་ཡིས་བསྐོར༔ དེ་མཐར་མིང་རུས་མཁན་གསུམ་མཐར་ཁུག་ཛ༔ སྤྱི་བོར་ནན་བྲི་རྐང་མཐིལ་ཡཾ༔ མིག་ལ་ལོང་ལོང་སྣ་ལ་འཚུབ༔ ཁ་ལ་ལྐུག་དང་མགྲིན་པར་ཆིངས༔ ཚིག་བཞིར་ཛཿཧཱུྃ་བཾ་ཧོཿབྲིས༔ ལྷུ་བཞིར་ཞ་ཆག་འདོམས་སུ་ཕཊ༔ རྐང་ལག་ལྕགས་གཟེར་གྱིས་བསྡམ་བྱས༔ དེ་མཐར་འགུག་པའི་སྔགས་གསུམ་བཀོད༔ སྟེང་ཞབས་ཀུན་ཏུ་དེ་བཞིན་བྱ༔ རྐང་ལག་དཀར་ཁྱིམ་གང་ཡོད་ལ༔ ནྲྀ་ཛ་བྲིས་ལ་ཛ་ཁྲམ་བསྐོར༔ དེ་ནི་ཡབ་ཡུམ་མཚམས་སུ་བཞག༔ གནམ་འཁོར་མུ་ཁྱུད་རིམ་བཞི་ལ༔ ནང་རིམ་ལྟེ་བར་ཨེ་ཡིག་བྲིས༔ མཐའ་མར་བདེ་གཤེགས་འདུས་པ་ཡི༔ བསྙེན་དང་གཉིས་པར་སྒྲུབ་པའི་སྔགས༔ གསུམ་པར་ལས་སྦྱོར་ཤམ་བུ་ཅན༔ བཞི་པར་འཁོར་ལོ་རྩིབས་བརྒྱད་ལ༔ ཡང་དག་ལྷ་ཚོགས་དགྲ་ལ་རྦད༔ གཤིན་རྗེའི་ལྷ་ཚོགས་དགྲ་ལ་རྦད༔ རྟ་མགྲིན་ལྷ་ཚོགས་དགྲ་ལ་རྦད༔ ཕུར་པའི་ལྷ་ཚོགས་དགྲ་ལ་རྦད༔ མཚམས་བཞིར༔ མ་མོ་རྦོད་གཏོང་དགྲ་ལ་རྦད༔ བླ་མ་རིག་འཛིན་དགྲ་ལ་རྦད༔ འཇིག་རྟེན་མཆོད་བསྟོད་དགྲ་ལ་རྦད༔ དམོད་པ་དྲག་སྔགས་དགྲ་ལ་རྦད༔ རྩིབས་མཆན་ལ༔ དགྲ་བོའི་ཆུ་ཁམས་རང་གཤེད་ཕོབ༔ དགྲ་བོའི་ས་ཁམས་རང་གཤེད་ཕོབ༔ དགྲ་བོའི་མེ་ཁམས་རང་གཤེད་ཕོབ༔ དགྲ་བོའི་རླུང་ཁམས་རང་གཤེད་ཕོབ༔ མཚམས་སུ༔ དགྲ་བོའི་ཕ་ལྷ་རང་གཤེད་ཕོབ༔ དགྲ་བོའི་མ་ལྷ་རང་གཤེད་ཕོབ༔ དགྲ་བོའི་ཞིང་ལྷ་རང་གཤེད་ཕོབ༔ དགྲ་བོའི་ཕྲག་ལྷ་རང་གཤེད་ཕོབ༔ རྩིབས་རྣམས་སྔོ་ལ་རྩིབས་མཆན་དམར༔ ཕྱི་རིམ་སྔགས་ལ་དམོད་ཤམ་སྦྱར༔ དེ་ནི་གནམ་འཁོར་རོ༔ ས་འཁོར་མུ་ཁྱུད་རིམ་བཞི་ལ༔ ནང་རིམ་ལྟེ་བར་ཛཿཡིག་བྲི༔ མཐའ་མར་གཤིན་རྗེ་གཤེད་པོ་ཡི༔ བསྙེན་དང་གཉིས་པར་བསྒྲུབ་པའི་སྔགས༔ གསུམ་པར་ལས་སྦྱོར་ཤམ་བུ་ཅན༔ བཞི་པར་པདྨ་འདབ་བརྒྱད་ལ༔ ནང་རིམ་འཁོར་ལོའི་རྩིབས་སུ་བྱ༔ ཤར་ནས་རིམ་པར་གཡས་བསྐོར་དུ༔ བྷྱཽ༔ རྡོ་རྗེ་བདུད་འདུལ་དགྲ་ལ་རྦད༔ བྷྱཽ༔ ཡཀྴ་མེ་དབལ་དགྲ་ལ་རྦད༔ བྷྱཽ༔ ཀླུ་བདུད་རྡོ་རྗེ་དགྲ་ལ་རྦད༔ བྷྱཽ༔ ཚེ་བདག་ནག་པོ་དགྲ་ལ་རྦད༔ མཚམས་བཞིར་ཤར་ལྷོ་ནས་བརྩམས་ཏེ༔ བྷྱཽ༔ ཀི་ཀང་དམར་ནག་དགྲ་ལ་རྦད༔ བྷྱཽ༔ མགྱོགས་པ་སྡེ་བརྒྱད་དགྲ་ལ་རྦད༔ བྷྱཽ༔ སྟོང་གསུམ་གཞི་བདག་དགྲ་ལ་རྦད༔ བྷྱཽ༔ སྣང་སྲིད་ལྷ་འདྲེ་དགྲ་ལ་རྦད༔ དེ་ནས་ཕྱོགས་བཞིའི་རྩིབས་མཆན་ལ༔ དགྲ་བོའི་ཆུ་ཁམས་རང་གཤེད་ཕོབ༔ དགྲ་བོའི་ས་ཁམས་རང་གཤེད་ཕོབ༔ དགྲ་བོའི་མེ་ཁམས་རང་གཤེད་ཕོབ༔ དགྲ་བོའི་རླུང་ཁམས་རང་གཤེད་ཕོབ༔ མཚམས་ཀྱི་རྩིབས་མཆན་བཞི་པོ་ལ༔ དགྲ་བོའི་ཕ་ལྷ་རང་གཤེད་ཕོབ༔ དགྲ་བོའི་མ་ལྷ་རང་གཤེད་ཕོབ༔ དགྲ་བོའི་ཞིང་ལྷ་རང་གཤེད་ཕོབ༔ དགྲ་བོའི་ཕྲག་ལྷ་རང་གཤེད་ཕོབ༔ ཕྱི་རིམ་གོང་བཞིན་དམོད་ཤམ་སྦྱར༔ དེ་ནས་རྫས་ཀྱི་རིམ་པ་ནི༔ རྩ་སྔགས་ནག་པོ་དགུ་སྦྱོར་བྱུགས༔ རྦད་བསད་དགྲ་ལིང་གྲི་ཁྲག་དང་༔ རེ་ལྕགས་བོང་བ་ཕུང་ཤིག་རྫས༔ ལེགས་བྱུགས་བསྒྲུབ་པའི་རྟེན་དུ་བཙུགས༔ རྟེན་སྙིང་དྲག་སྔགས་ཁྲི་བརྗོད་ལ༔ ཡུངས་དཀར་བསྔགས་ཏེ་རབ་གནས་སུ༔ ལིང་ག་བདེན་བརྗོད་འགུགས་གཞུག་དང་༔ བླ་འགུགས་སྔགས་མང་བརྗོད་པ་གནད༔ ལས་ལ་འཇུག་ཚེ་རྦད་བསྐུལ་དང་༔ ཕུད་རྟོག་དམར་གཏོར་སྔགས་ཀྱིས་ཕུལ༔ རླུང་གི་ལྷ་ལ་ཕྲིན་ལས་བཅོལ༔ དེ་ལྟར་ལས་ལ་སྦྱོར་བ་ཡིས༔ གང་ལ་རྦད་པའི་ཡུལ་དེ་ཉིད༔ མིང་ཙམ་མེད་པར་བརླག་འགྱུར་རོ༔ བཀའ་སྲུང་གཟའ་བདུད་རྒྱལ་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་རང་སློབ་དམ་པ་དགེ་ལེགས་དཔལ་བཟང་པོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག།།།