TTDL-ZABTER-09-TA-026

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-09-TA-026
Wylie title TTDL-ZABTER-09-TA-026.pdf
Location bdud 'joms gling pa zab gter
Volume 9, Text 26, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༡༨༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆོས་སྐྱོང་རྒྱལ་པོ་ཆེན་པོའི་སྲོག་དབང་ཟབ་མོ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༡༨༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིགམ་འོངས་དུས་ཀྱི་བརྒྱུད་འཛིན་རྣམས༔ ཆོས་སྐྱོང་ཆེན་པོ་འདི་བསྒྲུབ་ན༔ དང་པོ་སྲོག་དབང་ཟབ་མོ་དགོས༔ དེ་ལ་སྐུ་གཟུགས་སྔགས་ཕྲེང་དང་༔ བཻ་ཡིག་བསེ་ཁྲབ་བསེ་རྨོག་དང་༔ དར་ཚོན་རིན་ཆེན་རྒྱལ་མཚན་དང་༔ ནེའུ་ལེ་དང་གཏོར་མ་བཤམས༔ དང་པོ་སྲོག་སྒྲུབ་པ་ནི༔ ཧཱུྃ༔ རང་ཉིད་གསང་བའི་བདག་པོའི་མདུན་གྱི་དབང་རྫས་སྒྲུབ་རྫས་ཐམས་ཅད་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པར་ཡོངས་སུ་རྫོགས་པར་གྱུར༔ དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས་གནོད་སྦྱིན་རྣམ་སྲས་རིགས་ལྔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སརྦ་ཡཀྴ་ཛམ་བྷ་ལ་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿསྲོག་གནས་པར་གྱུར༔ བླ་གནས་པར་གྱུར་ཅིག༔ མཐོང་ངམ་ཐོས་སམ་དྲན་ནམ་རེག་པ་ཙམ་གྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ལ་དབང་འབྱོར་བར་གྱུར་ཅིག༔ ཨོཾ་བཻ་ཤྲ་མ་ཎ་ཡེ་ཀ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་འདུས་སྭཱ་ཧཱ༔ ཅི་མང་བཟླའོ༔ མཐར་བསྟོད་པ་ཡང་བྱའོ༔ དེ་ནས་དབང་བསྐུར་བ་ནི༔ སློབ་མ་རྣམས་གྲལ་དུ་འཁོད༔ ཁྲུས་དང་གཙང་སྦྱངས་ནན་དུ་བྱ༔ བགེགས་བསྐྲད་སྲུང་འཁོར་བསྒོམ༔ མཎྜལ་ཕུལ་ཞིང་གསོལ་བ་གདབ་པ་ནི༔ ཀྱེ་ཧོཿབླ་མ་ཆེ་མཆོག་གསང་བའི་བདག༔ ཁྱེད་ལ་སྐྱབས་མཆི་ཉམས་ཆག་བཤགས༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་ཡི༔ སྲོག་གི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ་མཐར༔ ཀྱེ་ཧོཿལས་དང་སྐལ་ལྡན་བུ་མཆོག་རྣམས༔ ཁྱེད་ཅག་དབང་གི་སྒོར་ཞུགས་ན༔ དམ་ཚིག་སྲུངས་ཤིང་སྒྲུབ་ལ་བརྩོན༔ དེས་ན་དབང་ཡང་བསྐུར་བགྱིའོ༔ ཞེས་གསུངས༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཀྱེ༔ གསང་བ་ཆེན་པོའི་བདུད་རྩི་མཆོག༔ དམ་དུ་བསྲུང་ན་དངོས་གྲུབ་འཐོབ༔ ཉམས་ན་དམྱལ་བར་ཚིག་འགྱུར་རོ༔ མ་ཉམས་སྲུངས་ཤིག་སྐལ་ལྡན་བུ༔ ས་མ་ཡ་ན་ར་ཀན༔ ཅེས་བསྐྱལ་བཅུག་གོ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགསསྐད་ཅིག་གིས་སྟོང་པའི་ངང་ལས་སློབ་མ་དེ་ཉིད་ཡི་གེ་བཻཿསེར་པོ་ཡོངས་སུ་གྱུར་པ་ལས་ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྐུར་བསྒོམ༔ གོང་བཞིན་ལྷ་བསྐྱེད་སྤྱན་འདྲེན་ཐམས་ཅད་ཚང་བར་བརྗོད་ནས་ཡེ་ཤེས་བསྐྱེད་དབབ་བྱ༔ མཐར༔ ཡེ་ཤེས་དབབ་པ་དེ་རབ་ཏུ་བརྟན་པར་གྱུར་ཅིག༔ ཏིཥྛ་བཛྲ་བརྗོད༔ སྲོག་ཐོབ་པར་བསམ༔ སྐུ་གཟུགས་དེ་རྣམ་ཐོས་སྲས་དངོས་སུ་བསྒོམ་སྟེ་གཏད་པ་ནི༔ ཧཱུྃ༔ ཡེ་ནས་མ་སྐྱེས་ཆོས་སྐུའི་ངང་༔ འགྲོ་བའི་དོན་དུ་སྐུར་བཞེངས་པ༔ ཆོས་སྐྱོང་རྒྱལ་ཆེན་རྣམ་ཐོས་སྲས༔ གནོད་སྦྱིན་ཡོངས་ཀྱི་དབང་ཕྱུག་གི༔ སྐུ་ཡི་བཀོད་པ་ཡོངས་རྫོགས་ཀུན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ ཨོཾ་བཻ་ཤྲ་མ་ཎ་ཡེ་ས་མ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་སྔགས་ཕྲེང་ཐོགས་ལ༔ ཧཱུྃ༔ ཆོས་སྐྱོང་རྒྱལ་པོ་ཆེན་པོ་ཡི༔ སྲོག་གི་སྙིང་པོ་ཡི་གེ་བརྒྱད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་བཻཿཡིག་གཏད་ལ༔ ཧཱུྃ༔ ཆོས་སྐྱོང་རྒྱལ་ཆེན་རྣམ་ཐོས་སྲས༔ གནོད་སྦྱིན་ཡོངས་ཀྱི་དབང་ཕྱུག་ཆེའི༔ སྲོག་གི་ཡང་སྙིང་ཡི་གེ་བཻ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཐུགས་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་རྫུ་འཕྲུལ་གྱི་དབང་གིས་མདུན་དུ་བྱོན་ནས་ཕྲིན་ལས་གཡེལ་བ་མེད་པར་འགྲུབ་པར་མནའ་བོར་པར་བསམ༔ དམ་ཅུ་ཡང་བྲན༔ ས་མ་ཡ་ན་ར་ཀན༔ དེ་ནས་སློབ་མ་ལ་ཐིམ་པས་སྲོག་ལ་དབང་ཐོབ་པར་བསམ༔ དེ་ནས་བསེ་ཁྲབ་བསྐོན་ཏེ༔ ཧཱུྃ༔ དུས་གསུམ་རྒྱལ་བས་བྱིན་བརླབས་པའི༔ རྡོ་རྗེའི་གོ་ཁྲབ་འདི་བསྐོན་པས༔ གནོད་སྦྱིན་ཡོངས་ཀྱི་སྲོག་ཐོབ་ནས༔ ཁམས་གསུམ་གཡུལ་ལས་རྒྱལ་བར་ཤོག༔ ཧཱུྃ་རཀྵ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་བསེ་རྨོག་བསྐོན་ཏེ༔ ཧཱུྃ༔ རྒྱལ་ཀུན་ཡོངས་འདུས་བསེ་ཡི་རྨོག༔ ཁྱོད་ཀྱི་མགོ་ལ་བསྐོན་པ་ཡིས༔ རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཀྱི༔ དབང་ཕྱུག་དཔལ་དུ་དབང་ཐོབ་ཤོག༔ ཨོཾ་བུདྡྷ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་ནས་དར་དཔྱངས་བསྐོན་ཏེ༔ ཧཱུྃ༔ མཛེས་འཇམ་ཡངས་པ་ལྷ་ཡི་གོས༔ ཁ་དོག་སྣ་ཚོགས་འབར་བའི་མདངས༔ སྐལ་ལྡན་ཁྱོད་ལ་བསྐོན་པ་ཡིས༔ རྣམ་ཐོས་སྲས་པོ་དངོས་སུ་གྱུར༔ གནོད་སྦྱིན་ཡོངས་ཀྱི་སྲོག་ཐོབ་ཤོག༔ ཨེ་མ་པཉྩ་ལི་ཀ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་རིན་ཆེན་སྣ་ཚོགས་རྒྱན་ཕྲེང་གཏད་ལ༔ ཧཱུྃ༔ རིན་ཆེན་རྒྱན་ཕྲེང་འདི་གཏད་པས༔ རྣམ་ཐོས་སྲས་པོ་དངོས་སུ་གྱུར༔ རང་སྣང་དབང་དུ་སྡུད་པ་དང་༔ གཞན་སྣང་ཟིལ་གྱིས་གནོན་གྱུར་ཏེ༔ འཁོར་འདས་ཡོངས་ལ་དབང་བསྒྱུར་བས༔ དབང་དང་མཐུ་ནུས་འབྱོར་ལྡན་ཤོག༔ རཏྣ་ཧྲཱིཿད་མ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་རྒྱལ་མཚན་གཏད་ལ༔ ཧཱུྃ༔ དར་གྱི་རྒྱལ་མཚན་འདི་གཏད་པས༔ ཚེ་དཔལ་འབྱོར་པ་ཕུན་ཚོགས་ནས༔ སྐྱེ་འགྲོ་མངའ་དབང་བསྒྱུར་བ་དང་༔ བསྟན་པའི་རྒྱལ་མཚན་འཛུག་པ་དང་༔ སྣང་སྲིད་ཟིལ་གནོན་དབང་ཐོབ་ཤོག༔ མ་ཧཱ་ཡ་ཀི་ལ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་ནེའུ་ལེ་གཏད་ལ༔ ཧཱུྃ༔ འདོད་འབྱུང་འཕྲུལ་གྱི་ནེའུ་ལེ༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་རང་དབང་བསྒྱུར་བ་དང་༔ ཇི་འདོད་ལོངས་སྤྱོད་རང་བྱུང་འབྱོར༔ ཟད་མེད་གཏེར་ལ་ལོངས་སྤྱོད་ཅིང་༔ འགྲོ་བའི་དབུལ་ཕོངས་སེལ་བར་ཤོག༔ ནེའུ་ལེ་རཏྣ་ཨ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ གཏོར་མ་རིན་ཆེན་གཞལ་ཡས་ཁང་༔ རྣམ་ཐོས་སྲས་སོགས་གནོད་སྦྱིན་གྱི༔ སྡེ་ཚོགས་མ་ལུས་ཡོངས་སུ་རྫོགས༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ བསྙེན་སྒྲུབ་དཀྱིལ་འཁོར་དབང་ཐོབ་ཤོག༔ མཎྜ་ལ་བ་ལིཾ་ཏ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་གཏོར་མ་ལག་ཏུ་གཏད་དེ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་རྒྱལ་བ་རྒྱ་མཚོའི་བདེན་མཐུ་བྱིན་རླབས་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་ཅིང་རྟེན་འབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་མང་ཐོས་སྲས་ཀྱི་བུ་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྡོ་རྗེའི་སློབ་མ་འདི་ལ་དབང་ཐོབ་པར་གྱུར་ཅིག༔ འགོ་བར་གྱུར་ཅིག༔ གཡེལ་བ་མེད་པའི་གྲོགས་སུ་འགྲུབ་པར་གྱུར་ཅིག༔ ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་ནས་དོན་གཉིས་གྲུབ་པའི་བསྟན་འགྲོའི་དཔལ་མགོན་དམ་པ་རུ་འགྱུར་བར་ཤོག་ཅིག༔ ཅེས་ལན་གསུམ་གདབ༔ འགྲུབ་པའི་བདེན་ཚིག་ཀྱང་བརྗོད༔ བཀྲ་ཤིས་བརྗོད༔ བསྔོ་སྨོན་བྱ༔ འདི་ཐོབ་སྒྲུབ་པ་བྱེད་པ་ཡི༔ སྐྱེས་བུ་དམ་པ་དེ་ཉིད་ནི༔ བསྟན་འགྲོའི་དཔལ་མགོན་དམ་པར་འགྱུར༔ ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་ཀྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།