ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་མངོན་རྟོགས་བདུད་བཞི་དཔུང་འཇོམས༔

From Dudjom Wiki
Revision as of 09:25, 21 August 2024 by Mort (talk | contribs)

TTDL-ZABTER-12-NA-072
Wylie title chos nyid nam mkha'i klong mdzod las: dpal chen rdo rje gzhon nu'i mngon rtogs bdud bzhi dpung 'joms: TTDL-ZABTER-12-NA-072.pdf
Location bdud 'joms gling pa zab gter
Volume 12, Text 72, Pages 407-408 (Folios 1a1 to 1b4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las dpal chen rdo rje gzhon nu'i mngon rtogs bdud bzhi dpung 'joms. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 407-408. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: mngon rtogs   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon

ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di khrag 'thung bdud 'joms rdo rjes chos nyid nam mkha'i klong mdzod las bsgyur ba'o/_/dge'o/_/legs so/_/sarba mang+ga laM//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་མངོན་རྟོགས་བདུད་བཞི་དཔུང་འཇོམས་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) སྐྱབས་འགྲོ་སེམས་བསྐྱེད་སྔོན་སོང་ནས༔ ཧཱུྃ༔ སྣང་སྲིད་དག་པ་རབ་འབྱམས་ངང་༔ དུར་ཁྲོད་མེ་རི་འབར་བའི་ཞིང་༔ བཀོད་པ་ལྷུན་གྲུབ་གཞལ་ཡས་དབུས༔ པདྨ་ཟླ་བ་ཉི་མའི་སྟེང་༔ བདུད་བཞི་ཕོ་མོ་བསྣོལ་བའི་ཁྲིར༔ ཧཱུྃ་ལས་རང་ཉིད་དཔལ་ཆེན་པོ༔ རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་༔ ཞལ་གསུམ་གཡས་དཀར་གཡོན་དམར་བ༔ ཁམ་ནག་དབུ་སྐྲ་མེ་ལྟར་འབར༔ ཕྱག་དྲུག་གཡས་གཉིས་གསེར་རྡོ་རྗེ༔ རྩེ་དགུ་དང་ནི་རྩེ་ལྔ་ཕྱར༔ གཡོན་གཉིས་ཁ་ཊྭཱྃ་མེ་དཔུང་བསྣམས༔ ཐ་གཉིས་རི་རབ་ཕུར་པ་འདྲིལ༔ ཞབས་བཞིས་བདུད་བཞི་བསྣོལ་ཐབས་གནོན༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཞལ་གདངས་ལྗགས་འདྲིལ་ཁྲོ་གཉེར་སྡུད༔ སྤྱན་དགུ་སྡང་མིག་གཡོ་ཞིང་འཁྲུགས༔ དུར་ཁྲོད་དཔལ་ཆས་གར་ཉམས་ལྡན༔ འཁོར་ལོ་རྒྱས་འདེབས་ཡུམ་གྱིས་འཁྲིལ༔ སྔོ་སྐྱ་ཁ་ཊྭཱྃ་དུང་ཁྲག་སྟོབ༔ ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྱུད༔ གཟིག་ཤམ་མགོ་ཕྲེང་སྦྲུལ་གྱིས་བརྒྱན༔ བསྐལ་པ་དུས་མཐའི་མེ་ལྟར་འབར༔ ཐུགས་ཀར་པདྨ་ཟླ་གདན་ལ༔ ཀུན་ཏུ་བཟང་པོ་ནམ་མཁའི་མདོག༔ རྒྱན་མེད་གཅེར་བུ་མཚན་དཔེས་སྤྲས༔ མཉམ་གཞག་སྐྱིལ་ཀྲུང་མཛད་པ་ཡི༔ ཐུགས་ཀར་ཉི་སྟེང་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་མཆོག་གསུམ་རྩ་གསུམ་དང་༔ སྐུ་གསུམ་རྒྱལ་བ་སྲས་དང་བཅས༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཤེས་པ་གཞན་དུ་མ་ཡེངས་པར༔ རྩེ་གཅིག་བཟླས་པས་དངོས་གྲུབ་ཐོབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ པདྨ་འོད་དུ་ཨ་ཐམ་རྒྱ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།