TTDL-ZABTER-14-PHA-032

From Dudjom Wiki
Revision as of 13:42, 21 August 2024 by Mort (talk | contribs)

TTDL-ZABTER-14-PHA-032
Wylie title TTDL-ZABTER-14-PHA-032.pdf
Location bdud 'joms gling pa zab gter
Volume 14, Text 32, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
བརྡ་ཡིག་༠༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ རྩ་གསུམ་དྲིལ་སྒྲུབ་ཀྱི་བསྐང་བ་ཀུན་བཟང་མཆོད་སྤྲིན་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༢༤༩༔ བདེ་སྟོང་མཆོད་པའི་རྫས་རྣམས་ཀུན༔ རྣམ་ཀུན་མཆོག་ལྡན་ཆོས་སྐུའི་གཤིས༔ འཛད་མེད་ལོངས་སྤྱོད་གཏེར་དུ་བསྒྱུར༔ ནམ་མཁའ་མཛོད་སྔགས་ལན་བདུན་བརྗོད༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿགཟུང་འཛིན་རྣམ་དག་ཆོས་ཉིད་མཆོད་པའི་སྤྲིན༔ གཞི་སྣང་ལྷུན་གྲུབ་བསྐང་བའི་རྫས་རྣམས་ཀྱིས༔ གདོད་མའི་མགོན་པོ་དཔལ་ལྡན་བླ་མ་དང་༔ རྡོ་རྗེ་གཞོན་ནུ་ཡི་དམ་རྒྱུད་སྡེའི་ལྷ༔ ཡེ་ཤེས་མཚོ་རྒྱལ་འབུམ་ཕྲག་མཁའ་འགྲོའི་ཚོགས༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི༔ ཐུགས་དམ་བསྐང་ངོ་ཉམས་ཆག་འགལ་འཁྲུལ་བཤགས༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ༔ སྒྲུབ་པའི་རྐྱེན་སྣང་འགལ་འཁྲུལ་བར་ཆད་སོལ༔ ཕྲིན་ལས་རབ་འབྱམས་ཐོགས་མེད་མྱུར་འགྲུབ་ཤོག༔ དེ་ལྟར་དམིགས་པའི་གནད་ལྡན་པས༔ ཉམས་ཆག་བྱང་ཞིང་ཚོགས་རྫོགས་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་སྒྲུབ་བརྩོན་དམ་པ་བླ་མ་འཇམ་དཔལ་གྱིས་བསྐུལ་ངོར་གཏེར་ཆེན་བླ་མའི་དགོངས་རྒྱུད་བཙལ་བྱུང་བ་བཞིན་ཀློང་ཆེན་རབ་འབྱམས་དགྱེས་པའི་རྡོ་རྗེས་བྲིས།དགེའོ།།།།