TTDL-ZABTER-14-PHA-071

From Dudjom Wiki
Revision as of 13:53, 21 August 2024 by Mort (talk | contribs)

TTDL-ZABTER-14-PHA-071
Wylie title TTDL-ZABTER-14-PHA-071.pdf
Location bdud 'joms gling pa zab gter
Volume 14, Text 71, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 14: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
༄༅།།སྭསྟི༔ གདོད་ནས་ཡེ་སངས་རྒྱས་པ་ཆོས་ཀྱི་སྐུ༔ ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུ་ལམ་གྱི་མཆོག༔ གང་འདུལ་སྤྲུལ་པའི་རོལ་གར་ཚོགས་ཀྱི་མཆོག༔ མཆོག་གསུམ་ངོ་བོ་བླ་མའི་ཞབས་བརྟན་ཤོག༔ བརྒྱུད་གསུམ་བླ་མའི་ཆུ་བོ་འདུས་པའི་མཚོ༔ ཡི་དམ་རྒྱུད་སྡེ་དཀྱིལ་འཁོར་ཐུགས་ལ་རྫོགས༔ འཁོར་འདས་སྟོང་ཆེན་མཁའ་འགྲོ་ཡུམ་གྱི་ཀློང་༔ རྩ་གསུམ་ངོ་བོ་བླ་མའི་ཞབས་བརྟན་ཅིང་༔ མཛད་པ་ཕྲིན་ལས་ཕྱོགས་མཐར་དར་རྒྱས་ནས༔ སྲིད་མཚོར་དུབ་པའི་སྐྱེ་འགྲོ་དབུགས་དབྱུང་སྟེ༔ མཐར་ཐུག་སྟོན་འཁོར་དབྱེར་མེད་རོལ་པ་རུ༔ ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་པར་ཤོག༔ ཅེས་བསོད་ནམས་མཆོག་གྲུབ་དང་ཨོ་རྒྱན་བསྲུང་གཉིས་ཀྱི་ངོར་བདུད་འཇོམས་པས་སོ།།།།༄༅༔ ཨོཾ་སྭསྟི༔ བསླུ་མེད་མཆོག་གསུམ་བདེན་པའི་བྱིན་རླབས་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས༔ རིག་འཛིན་འཇིགས་མེད་མི་བསྐྱོད་རྡོ་རྗེ་ཡི༔ ཞབས་པད་རྡོ་རྗེའི་ཁྲི་ལ་རྟག་བརྟན་ནས༔ མཛད་པ་ཕྲིན་ལས་ནུབ་མེད་འཕེལ་རྒྱས་ཤོག༔ མཐར་ཐུག་སྟོན་འཁོར་དབྱེར་མེད་རོལ་པ་རུ༔ འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་ཤོག༔ ཅེས་འཇིགས་མེད་ཡེ་ཤེས་དར་རྒྱས་ཀྱི་ངོར་རིག་འཛིན་ཆེན་པོ་བདུད་འཇོམས་རྡོ་རྗེས་བྲིས་པ་དགེའོ།།མངྒ་ལཾ།།།།