TTDL-ZABTER-13-PA-062

From Dudjom Wiki
Revision as of 10:44, 23 August 2024 by Mort (talk | contribs)

TTDL-ZABTER-13-PA-062
Wylie title TTDL-ZABTER-13-PA-062.pdf
Location bdud 'joms gling pa zab gter
Volume 13, Text 62, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མ་མོ་ཕུར་སྲུང་རྒྱ་མཚོའི་བསྐང་གསོལ་འདོད་འཇོའི་དཔལ་ཕྲེང་བཞུགས་སོ༔ ན་མོ་གུ་རུ་ཝེ༔ ཕྱི་ནང་གསང་བའི་མཆོད་པ་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་སྤེལ༔ རང་ཉིད་རྡོ་རྗེ་ཕུར་པར་བསྒོམས༔ བྷྱོ༔ སྔགས་སྲུང་སྨུག་ནག་འོད་འཕྲོ་དང་༔ དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ འདོད་ཡོན་མི་ཟད་གཏེར་ཆེན་པོས༔ ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་༔ ཙ་ཏི་མཆེད་གསུམ་ཐུགས་དམ་བསྐང་༔ བྲན་མོ་བཅུ་བཞིའི་ཐུགས་དམ་བསྐང་༔ གཡོག་དང་ཡང་གཡོག༴རང་བྱུང་རྒྱལ་མོའི༴རེ་ཏཱི་མཆེད་བཞིའི༴ཤྭ་ན་མཆེད་བཞིའི༴བདག་ཉིད་མ་བཞིའི༴ས་བདག་མ་བཞིའི༴སྐྱེས་བུ་གིང་བཞིའི༴ཕུར་སྲུང་ཡོངས་ཀྱི༴ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གསོལ་ལོ་མཆོད་དོ་དགྱེས་དགོངས་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་ཅིང་༔ རྣམ་མཁྱེན་སངས་རྒྱས་ས་ལ་སྐྱོལ༔ བཀའ་དང་དམ་ཚིག་འདིར་དགོངས་ལ༔ ཐུགས་རྗེའི་བརྩེ་བས་བདག་སྐྱོངས་ཤིག༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་མཛོད༔ མ་མ་བཛྲ་ས་མ་ཡ༔ མ་མོ་ཡིད་ལ་བྱས་ནས་སུ༔ རྟག་ཏུ་བརྗོད་པས་ཕྲིན་ལས་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ་ཞེས་པ་འདི་ཡང་བཙུན་པ་བློ་གྲོས་ཀྱིས་བསྐུལ་ངོར་བདུད་འཇོམས་གླིང་པས་སོ།།དགེའོ།།།།