TTDL-ZABTER-13-PA-075

From Dudjom Wiki
Revision as of 10:45, 23 August 2024 by Mort (talk | contribs)

TTDL-ZABTER-13-PA-075
Wylie title TTDL-ZABTER-13-PA-075.pdf
Location bdud 'joms gling pa zab gter
Volume 13, Text 75, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་གསོལ་མཆོད་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༨༡ཀྱཻ༔ གནམ་ས་གཙང་ཆབ་ཕྱེད་ཀྱི་བདག༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང་༔ ཀོང་བཙུན་དེ་མོ་ཡུམ་དང་བཅས༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར༔ རྒྱལ་བ་ཤཱཀྱ་ཐུབ་པ་དང་༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ ཨོ་རྒྱན་པདྨ་ཐོད་ཕྲེང་སོགས༔ རིག་འཛིན་བརྒྱུད་པའི་བཀའ་དམ་གྱིས༔ འབོད་དོ་སྤྱན་འདྲེན་གཤེགས་སུ་གསོལ༔ བདག་གི་གྲོགས་དང་སྲུང་མར་བཞུགས༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་མི་ཟད་གཏེར་དུ་འབུལ༔ དཀར་གསུམ་དང་ནི་མངར་གསུམ་དང་༔ ཤ་ཚིལ་རྐང་དང་ལྷ་བ་དང་༔ ཁྲག་ཞག་འོ་མཚོ་ཇ་ཆང་སྐྱེམས༔ འབྲུ་སྣ་སྨན་སྣ་ཤིང་ཐོག་རིགས༔ བཟའ་བཅའ་བཏུང་བ་ལྡག་གཞིབ་ཟས༔ ར་ཡི་ཤ་ཁྲག་ར་གསུར་དང་༔ གསེར་དངུལ་ཟངས་ལྕགས་རིན་ཆེན་རིགས༔ དར་ཟབ་གོ་མཚོན་གཟུགས་འགྲོས་དང་༔ དཀོར་ནོར་ལོངས་སྤྱོད་སྣ་ཚོགས་པ༔ མདོར་ན་ཡིད་ལ་གང་འདོད་པའི༔ ལོངས་སྤྱོད་མི་ཟད་གཏེར་དུ་འབུལ༔ དམ་ཅན་ཆེན་པོའི་ཐུགས་དམ་བསྐང་༔ རྡོ་རྗེ་ལེགས་པའི་ཐུགས་དམ་བསྐང་༔ སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང་༔ མགར་བ་ནག་པོའི༴ཨ་ཅོ་ཆེན་པོའི༴ཚོང་དཔོན་ཆེན་པོའི༴དགྲ་ལྷ་ཆེན་པོའི༴བརྟན་མ་ཡུམ་གྱི༴མོན་པ་ཕོ་མོའི༴མཆེད་འཁོར་ཚོགས་ཀྱི༴ཡང་འཁོར་བཀའ་སྡོད༴གསོལ་ལོ་མཆོད་དོ་དགྱེས་གྱུར་ཅིག༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་མཛོད༔ མི་མཐུན་ཕྱོགས་རྣམས་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད༔ སྣང་སྲིད་སྐྱེ་འགྲོ་དབང་དུ་སྡུས༔ འདོད་རྒུའི་དཔལ་ཡོན་ཆར་དུ་ཕོབས༔ གཟུགས་ཅན་དགྲ་ལ་ལྟས་ངན་ཐོངས༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ གཟུགས་མེད་བགེགས་ཀྱི་མགོ་འཕང་ཆོམས༔ རྒོལ་དང་གནོད་པའི་སྦྱོར་རྩུབ་བཟློག༔ མངོན་སྤྱོད་ལས་ཀྱིས་དགྲ་བགེགས་སོད༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ དེ་ལྟར་གྲངས་ལྡན་བསྐྱར་གྱུར་ན༔ བཀའ་སྲུང་གཉན་པོ་བྲན་ཁོལ་ཞིང་༔ ཕྲིན་ལས་རྣམ་བཞི་ཐོགས་མེད་འགྲུབ༔ བཀྲ་ཤིས་དགེ་ལེགས་དཔལ་འཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་རིགས་སྲས་ཀུན་བཟང་ནོར་བུས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།