TTDL-ZABTER-15-BA-007

From Dudjom Wiki
Revision as of 14:56, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-007
Wylie title TTDL-ZABTER-15-BA-007.pdf
Location bdud 'joms gling pa zab gter
Volume 15, Text 7, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ གུ་རུ་རྩ་བ་གསུམ་གྱི་བླ་རྡོ་བྲི་ཐབས་དངོས་གྲུབ་ཆར་འབེབས་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ལས་སྐལ་ལྡན་པའི་གང་ཟག་གིས༔ རྩ་གསུམ་སྲུང་མ་སྒྲུབ་པའི་རྟེན༔ བླ་རྡོ་དངོས་གྲུབ་ཆར་འབེབས་བསྟན༔ མཐིང་ཤོག་གམ་ནི་སྨན་ཤོག་ལ༔ མུ་ཁྱུད་རིམ་པ་བརྒྱད་དུ་བསྐོར༔ ལྟེ་བར་བླ་མའི་སྣང་བརྙན་བྲི༔ མུ་ཁྱུད་དང་པོར་སྔགས་མགོ་མདུན༔ གཡས་བཀོད་ཚུལ་དུ་འདི་ལྟར་བྲི༔ ཧཱུྃ་བཛྲ་ཙིཏྟ་ཨཱཿཨོཾ་ཨ་མི་དྷེ་ཝ་ཨ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱ༔ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འཕོ་མེད་ཕྱག་རྒྱ་ཆེན་པོའི་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་སྩོལ་བར་མཛད་དུ་གསོལ༔ སརྦ་པྲཛྙཱ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ དེའི་ཕྱི་མུ་ཁྱུད་གཉིས་པ་ལ༔ ཡི་དམ་བསྙེན་པ་ཅི་རིགས་དང་༔ དེ་བཞིན་རིགས་གསུམ་སྙིང་པོ་བཀོད༔ དེ་མཐར་སྤྱི་དྲིལ་སྔགས་འདི་བྲི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ འདོད་གསོལ་གོང་ལྟར་བྲི་བར་བྱ༔ དེའི་ཕྱི་མུ་ཁྱུད་གསུམ་པ་ལ༔ ཨོཾ་སརྦ་དྷརྨ་ཌཱ་ཀི་ནཱི་སརྦ་སཾ་བྷོ་ཌཱ་ཀི་ནཱི་སརྦ་ནིརྨ་ཌཱ་ཀི་ནཱི་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་ཧཱུྃ་ཕཊ༔ གོང་བཞིན་འདོད་གསོལ་དང་བཅས་བཀོད༔ དེའི་ཕྱི་མུ་ཁྱུད་བཞི་པ་ལ༔ འཁོར་ལོ་རྩིབས་བརྒྱད་རྩིབས་རྩེ་ཧཱུྃ༔ རྩིབས་མཆན་བརྒྱད་ལ་ཕྱོགས་བཞི་རུ༔ ཤར་དུ༔ ཨོཾ་བཛྲ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷོ་རུ༔ ཨོཾ་རཏྣ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་ཏུ༔ ཨོཾ་པདྨ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ བྱང་དུ༔ ཨོཾ་ཀརྨ་རཀྵ་་ཀུ་རུ་ཡེ་སྭཱ་ཧཱ༔ མཚམས་བཞིར༔ རུ་ལུ་རུ་ལུ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ དེའི་ཕྱི་མུ་ཁྱུད་ལྔ་པ་ལ༔ བཀའ་སྲུང་རྣམས་ཀྱི་འབོད་སྔགས་བཀོད༔ དེ་རྗེས་སྤྱི་དྲིལ་སྔགས་འདི་ནི༔ སརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ་སརྦ་ས་མ་ཡ༔ ཆེ་གེ་མོའི་ནད་གདོན་འགལ་རྐྱེན་བར་ཆད་ཆག་ཆེ་ཉམ་ང་ལོ་ཀེག་ཟླ་གཤེད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ༔ ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་མངའ་ཐང་ཡེ་ཤེས་ཡོན་ཏན་རླུང་རྟ་བླ་གཟའ་སྙན་གྲགས་ཐམས་ཅད་རྒྱས་པའི་ཕྲིན་ལས་དམ་པ་མཛད་དུ་གསོལ༔ པུཥྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཁམས་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་ཆེ་བཙན་མཁས་བཙུན་བུ་སློབ་ཐམས་ཅན་དབང་དུ་སྡུད་པའི་ཕྲིན་ལས་དམ་པ་མཛད་དུ་གསོལ༔ ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ༔ བར་ཆད་དམ་སྲི་བདུད་བགེགས་རྒྱལ་བསེན་གཟུགས་ཅན་གཟུགས་མེད་དགྲ་གདོན་བགེགས་ཚོགས་ཐམས་ཅད་རྗེས་མེད་ཤུལ་མེད་ལྷག་མེད་དུ་བརླག་པའི་ཕྲིན་ལས་མཛད་དུ་གསོལ༔ མཱ་ར་ཡ་ཕཊ༔ དེའི་ཕྱིར་མུ་ཁྱུད་དྲུག་པ་ལ༔ ཨཱ་ལི་ཀཱ་ལི་རྟེན་སྙིང་བཀོད༔ དེའི་ཕྱི་མུ་ཁྱུད་བདུན་པ་ལ༔ སྣ་ཚོགས་རྡོ་རྗེའི་ར་བས་བསྐོར༔ དེའི་ཕྱི་རིམ་མུ་ཁྱུད་བརྒྱད་པ་ལ༔ མེ་རིས་གཡས་འཁྱིལ་བཀོད་པར་བྱ༔ རྫས་ལ་བཟང་དྲུག་ཆོས་སྨན་བྱུག༔ གཞལ་ཡས་ལྷ་ཡི་རོལ་པར་བསྐྱེད༔ དབྱིངས་ནས་ཡེ་ཤེས་སྤྱན་དྲངས་བསྟིམ༔ སྒྲུབ་པའི་རྟེན་བཙུག་ལྷར་གསལ་གནད༔ འབྲལ་མེད་བཅིང་ནས་བཏགས་པས་གྲོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཨྠིྀཞེས་པ་འདི་ཉིད་སློབ་བུ་ཀློང་ཆེན་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒལཾ།