TTDL-ZABTER-15-BA-013

From Dudjom Wiki
Revision as of 14:56, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-013
Wylie title TTDL-ZABTER-15-BA-013.pdf
Location bdud 'joms gling pa zab gter
Volume 15, Text 13, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་སྒྲུབ་ཐབས་ཡེ་ཤེས་འོད་ཟེར་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ ༠༠༠༠བརྡ་ཡིག༦༣དང་པོ་སྐྱབས་སུ་འགྲོ་བ་ལ༔ ན་མོ༔ སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ ཡོངས་འདུས་བདག་ཉིད་བླ་མ་དང་༔ འཇམ་དཔལ་དབྱངས་ལ་སྐྱབས་སུ་མཆི༔ ལན་གསུམ༔ དེ་ནས་སེམས་བསྐྱེད་པ་ནི༔ ཧོཿམ་གྱུར་འགྲོ་བ་སེམས་ཅན་རྣམས༔ རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར༔ འཇམ་དཔལ་སྨྲ་བའི་སེང་གེ་ཡི༔ བསྒོམ་བཟླས་ཟབ་མོ་ལྷུར་ལེན་བྱ༔ ལན་གསུམ༔ དེ་ནས་དངོས་གཞི་ལྷ་བསྐྱེད་པ་ནི༔ རང་སྣང་ལྷུན་གྲུབ་བདེ་ཆེན་ཞིང་༔ འོད་གསལ་ཆོས་སྐུའི་ཕོ་བྲང་དབུས༔ མ་ཆགས་པདྨ་ཉི་ཟླའི་སྟེང་༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ མཁྱེན་རབ་དབང་ཕྱུག་འཇམ་པའི་དབྱངས༔ དམར་གསལ་ལོ་བརྒྱད་གཞོན་ནུའི་ཚུལ༔ ཞི་འཛུམ་མཚན་དང་དཔེ་བྱད་རྫོགས༔ ཕྱག་གཡས་ཤེས་རབ་རལ་གྲི་དང་༔ གཡོན་པས་བརྒྱད་སྟོང་གླེགས་བམ་བསྣམས༔ ལོངས་སྤྱོད་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས༔ འཇའ་འོད་ཐིག་ལེའི་ཀློང་དུ་བསྐྱེད༔ ཐུགས་ཀར་ཉི་ཟླའི་གྭའུ་རུ༔ ཧྲཱི༔ ཡིག་དམར་པོ་གསལ་འཚེར་ལ༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་བཅུད་མ་ལུས་པ༔ འོད་དམར་རྣམ་པར་ཚུར་བསྡུས་ཏེ༔ སྲོག་གི་སྙིང་པོར་བཅུད་དུ་དྲིལ༔ ཤེས་རབ་ཡེ་ཤེས་འབར་བར་བསྒོམས༔ ཨོཾ་ཧྲཱིཿདྷི་མ་མིདྷི་པཾ་མཉྫུ་ཤྲཱི་མུཾ་ཧྲཱིཿཔྲཛྙཱ་ཝརྡྷ་ནི་ཧྲཱིཿདྷི༔ སྭཱ་ཧཱདེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ་ཧྲཱི༔ ཀ་དག་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ༔ ལྷུན་གྲུབ་འགགས་མེད་སྐུ་དང་ཡེ་ཤེས་རྫོགས༔ ཐུགས་རྗེ་ཐབས་ཀྱིས་འགྲོ་བའི་དོན་མཛད་པའི༔ མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་བསྟོད༔ ཅེས་ཤེས་པ་གཞན་དུ་མ་ཡེངས་བར་ལྷའི་ང་རྒྱལ་དང་འགྲོགས༔ མི་ཚིག་གིས་བར་མ་ཆད་པར་སྔགས་ཀྱི་ཕྲེང་བ་ཉེར་གཅིག་པ་སྒྲ་དག་ལྷག་ཆད་མེད་པར་བཟླ༔ སྟན་གྱི་དྲོད་མ་ཡལ་བར་ལུས་ཀྱི་འགུལ་བསྐྱོད་དང་བྱ་བ་སྦང་བར་བྱའོ༔ གནད་དེས་ཉི་ཟླ་ཤར་བ་མེ་ཏོག་འཐུ་བ་མཚོན་ཆ་གླེགས་བམ་མཐོང་བ་ནམ་མཁའ་གཡའ་དག་པ་རྣམས་རྨི་བ་དང་༔ ལྷ་ཞལ་མཐོང་བ་ཉམས་རྟོག་གློ་བུར་དུ་སྐྱེ་བ་མངོན་ཤེས་འཆར་བ་རྣམས་འགྲུབ་པའི་མཚན་མར་ངེས་པར་འབྱུང་ངོ་༔ བསྐྱེད་པའི་གནད་ལྷའི་ང་རྒྱལ་མེད་ན་ལོ་བརྒྱར་བསྒྲུབ་ཀྱང་ལྷ་གང་འགྲུབ་མི་སྲིད་པས༔ བསྒོམ་བཟླས་མ་བྲལ་བ་གནད་དུ་ཤེས་པར་གྱིས་ཤིག༔ དེ་ནས་རིང་པོར་མི་ཐོགས་པར་དངོས་གྲུབ་ཀྱི་པྲ་ལྟས་འབྱུང་ངོ་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་སྐལ་ལྡན་སློབ་བུ་ཡེ་ཤེས་འོད་ཟེར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བ་ཨོ་རྒྱན་རང་ཤར་ལ་གཏད་རྒྱའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།