TTDL-ZABTER-15-BA-025

From Dudjom Wiki
Revision as of 15:00, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-025
Wylie title TTDL-ZABTER-15-BA-025.pdf
Location bdud 'joms gling pa zab gter
Volume 15, Text 25, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྣང་སྲིད་ཕུར་པའི་རྒྱས་འདེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༣༡ཆོས་ཉིད་དོན་གྱི་རྣལ་འབྱོར་པས༔ ཨཱ༔ གཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་རྣམས་ཆོས་ཉིད་ཆེན་པོར་ཞིག༔ སྐད་ཅིག་སྟོང་གསལ་ཆེན་པོ་ལས༔ མཚོ་ལ་གཟའ་སྐར་ཤར་བ་བཞིན༔ དུར་ཁྲོད་མེ་རི་འབར་བའི་ཞིང་༔ དེ་དབུས་དྲག་པོའི་གཞལ་ཡས་ཁང་༔ རྒྱན་དང་བཀོད་པ་རབ་རྫོགས་པའི༔ ལྟེ་བར་ཀླུ་གཉན་བརྒྱད་བརྒྱད་ཀྱི༔ རང་གཟུགས་སྦལ་སྦྲུལ་བཅུ་དྲུག་སྟེང་སྡེ་བརྒྱད་ཕྱོགས་སྐྱོང་ཕོ་མོའི་གཟུགས༔ གྲུ་གསུམ་དབྱིབས་སུ་བརྩིགས་པའི་སྟེང་ཿལྷ་མིན་གཙོ་དང་ལྷ་ཆེན་རྣམསཿབསྣོལ་བའི་སྟེང་དུ་པད་ཉིའི་གདན༔ དཔངས་མཐོ་རབ་ཡངས་བརྗིད་པའི་དབུས༔ བདུད་ཆེན་བཞི་དང་རྒྱལ་བསེན་ཚོགས༔ འདུས་པ་མ་ཏྲཾ་མགོ་དགུའི་སྟེང་༔ རང་རིག་ཧཱུྃ་ལས་འོད་འཕྲོས་པས༔ རྒྱལ་བ་མཆོད་ཅིང་འགྲོ་དོན་བྱས༔ འཁོར་འདས་ཡོངས་ཀྱི་གཟི་བྱིན་བསྡུས༔ ཡོངས་གྱུར་རྡོ་རྗེ་ཕུར་པར་ཤར༔ མཐིང་ནག་དཀར་དམར་ཁྲོ་གཏུམ་བརྗིད༔ སྤྱན་དགུ་གཡོ་ཞིང་ཁྲོ་གཉེར་སྡུད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཧ་ཧཱུྃ་ཕཊ་སྒྲས་སྲིད་གསུམ་འདར༔ སྨ་ར་མེ་འབར་དགྲ་བགེགས་བསྲེགས༔ སྨིན་མར་གློག་འཁྱུག་ཆོས་ཉིད་སྟོན༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ དང་པོའི་ཕྱག་གཉིས་རྡོ་རྗེ་མེ༔ བར་མ་རྩེ་ལྔ་ཁ་ཊཱྃ་གདེངས༔ ཐ་གཉིས་ཐལ་སྦྱར་ཕུར་པ་འདྲིལ༔ སྐུ་སྨད་གནམ་ལྕགས་ཕུར་པ་ཡིས༔ ཐར་པ་ནག་པོའི་དོན་སྙིང་ཕུག༔ སྐུ་ནང་གནས་ལྔ་ཡེ་ཤེས་ཀྱི༔ རང་གཟུགས་ངོམས་པ་ཁྲོ་ཆེན་ཚོགས༔ དཀར་དམར་མཐིང་སེར་ལྗང་གུར་ཤར༔ ཏིལ་གོང་ཕྱུར་བ་བཞིན་དུ་འགེངས༔ བ་སྤུའི་བུ་ག་ཐམས་ཅད་དུ༔ ཉི་མ་དང་ནི་འོད་ཟེར་བཞིན༔ དཔལ་གྱི་བཀའ་སྡོད་དྲེགས་པའི་ཚོགས༔ གཅིག་ལས་བརྒྱ་སྟོང་བྱེ་བ་ཕྲག༔ སྐྱིན་ཐང་བཞིན་འཕྲོ་ཐོག་ལྟར་འབེབས༔ ཞིང་བཅུའི་རཱུ་ཏྲ་ལོག་འདྲེན་གྱི༔ བླ་སྲོག་ཕུང་ཁམས་བརླག་ཅིང་རོལ༔ གནས་གསུམ་སྤྲུལ་པ་ཁྱུང་སྡིག་ཕག༔ སྤྲོ་ཞིང་དུག་གསུམ་རང་གཟུགས་ཀྱི༔ གདོན་ཆེན་རྣམ་གསུམ་གསོད་ཅིང་ཟ༔ མདུན་རྒྱབ་ཀུན་ནས་མེ་རླུང་དང་༔ མཚོན་ཐུན་དྲི་ངན་བུ་ཡུག་འཚུབས༔ གནོད་བྱེད་ནད་གདོན་བགེགས་རཱུ་ཏྲ༔ ས་མཁར་སྒྱོགས་རྡོས་གཏོར་བ་བཞིན༔ བརླག་ཅིང་མེ་ཆུ་འཕྲད་ལྟར་བསྣུབས༔ དེ་ཡི་ཕྱི་རིམ་པད་ཉི་དང་༔ གཟུང་འཛིན་རཱུ་ཏྲ་བསྣོལ་བའི་སྟེང་༔ གཙོ་བོའི་ཡེ་ཤེས་རང་གདངས་ལས༔ ཤར་དུ་བཛྲ་ཀཱི་ལ་དཀར༔ ལྷོ་རུ་རཏྣ་ཀཱི་ལ་སེར༔ ནུབ་ཏུ་པདྨ་ཀཱི་ལ་དམར༔ བྱང་དུ་ཀརྨ་ཀཱི་ལ་ལྗང་ཿཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ རང་རང་རིགས་ཀྱི་ཕུར་པ་འདྲིལཿསྐུ་སྨད་དབལ་ཕུར་རྣོ་ངར་ལྡན༔ དུག་ལྔ་ཡེ་ཤེས་ལྔ་རུ་འབིགས༔ བསྐལ་པའི་མེ་དཔུང་ཀློང་དུ་བསྐྱེད༔ ཕྱོགས་བཅུར་ཡེ་ཤེས་ཁྲོ་བོ་བཅུ༔ སྤྲུལ་པ་ཟ་གསོད་ཕོ་མོ་དང་༔ འགུགས་འཆིང་སྡོམ་མྱོས་སྒོ་མ་བཞི༔ རང་བྱུང་རང་ཤར་ཆེན་པོར་བསྒོམ༔ ཕྱི་རིམ་དབང་ཕྱུག་ཉེར་བརྒྱད་དང་༔ ཕུར་སྲུང་བཀའ་སྡོད་དམ་ཅན་ཚོགས༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བསྐྱེད༔ དེ་ལྟར་གསལ་བའི་གཙོ་འཁོར་ལྷའི༔ རྡོ་རྗེའི་སྙིང་པོའི་འོད་ཟེར་གྱིས༔ སྐུ་གསུམ་ཡེ་ཤེས་རོལ་པའི་ལྷ༔ མངོན་གྱུར་ཆེན་པོར་སྤྱན་འདྲེན་ནོ༔ གཉིས་མེད་རོལ་པར་བརྟན་བཞུགས་གསོལ༔ རང་ངོ་མཇལ་བའི་བརྡ་ཕྱག་འཚལ༔ ཆོས་ཅན་ཆོས་ཉིད་ཆེན་པོར་མཆོད༔ སྤྱི་དཔལ་མངོན་གྱུར་སྲིད་ལས་རྒྱལ༔ རང་བྱུང་རང་ཤར་ཆེན་པོར་བསྟོད༔ དེ་ནས་འཛབ་དགོངས་ནི༔ རང་ཉིད་རྡོ་རྗེ་གཞོན་ནུ་ཡི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ མི་བསྐྱོད་མཐིང་ནག་གསལ་བ་ཡི༔ ཐུགས་ཀར་ཉི་མར་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཧཱུྃ་མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ རང་སྒྲས་གཟུང་འཛིན་རྟོག་པ་བཤིག༔ བདག་མེད་གནས་ལུགས་མངོན་དུ་གྱུརཿཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་བཾ་ཧཱུྃ་ཕཊཿདེ་ནས་བསྒྲུབ་པ་ལ༔ ལྷ་སྔགས་སྤྲུལ་པའི་འོད་ཟེར་གྱིས༔ སྣོད་བཅུད་དཀྱིལ་འཁོར་གསུམ་དུ་སྦྱང་༔ དབང་བྱིན་དངོས་གྲུབ་མ་ལུས་པཿབསྡུས་དེ་སྙིང་པོ་སྔགས་ལ་བསྟིམཿཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མཱ་ར་སེ་ན་པྲ་མར་ཏ་ན་ཡེ༔ སརྦ་བིགྷྣཱ་བཾ་ཧཱུྃ་ཕཊ༔ ལས་སྦྱོར་ལ༔ ལྷ་སྔགས་སྤྲུལ་པའི་འོད་ཟེར་གྱིས༔ ཕྲིན་ལས་བཞི་བསྒྲུབ་དངོས་གྲུབ་བསྡུས༔ བདུད་དང་བདུད་ཀྱི་རིགས་ཀྱི་ལྷ༔ མེ་སྟག་ཆུ་ཡིས་བསད་བཞིན་བསམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་མ་རཀྨོ་ཡཀྨོ༔ ཀཱ་ལ་རཱུ་པ་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུམ་རི་ལི་ལི༔ སྙིང་ཙིག་ཙིག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཀརྨ༔ ཤཱི་གྷྲི་ཾཀ་ར་ཡེ༔ མ་ར་ས་ནི༔ པྲ་མར་དྷ་ནི་ཡེ་ཧཱུྃ༔ ཕཊདེ་ཡིས་གནད་ལྡན་ངེས་གྲོལ་བྱེད༔ ལོག་པ་བདུད་ཀྱི་ཕྱོགས་ལས་རྒྱལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིབ༔ ཞེས་སློབ་བུ་དགེ་འདུན་གྱི་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།མངྒ་ལཾ།།།།