TTDL-ZABTER-15-BA-036

From Dudjom Wiki
Revision as of 15:01, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-036
Wylie title TTDL-ZABTER-15-BA-036.pdf
Location bdud 'joms gling pa zab gter
Volume 15, Text 36, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ གཏུམ་མོའི་སྤྱན་འདྲེན་དབང་བྱིན་འབེབས་པ་བྱིན་རླབས་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༩༧དཔའ་བོ་དང་ནི་མཁའ་འགྲོ་མའི༔ གྲོང་ཁྱེར་མཆོག་ལ་ཕྱག་འཆལ་ལོ༔ མ་དག་ལས་ཀྱི་རྩ་ཐུག་རླུང་༔ དག་གསུམ་འཁོར་ལོར་སྦྱང་བའི་ཕྱིར༔ སྤྱན་འདྲེན་དང་ནི་བྱིན་འབེབས་ལ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་དཔའ་བོ་མཁའ་འགྲོ་དང་༔ རིན་འཛིན་བླ་མའི་ཚོགས་ཀྱིས་བསྐོར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་པ་རྩ་དང་གཡོ་བ་རླུང་༔ བཀོད་པ་བྱང་ཆུབ་སེམས་མཆོག་ལ༔ སྐུ་གསུམ་ཡེ་ཤེས་བྱིན་ཆེན་ཕོབ༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ༔ སྒྲུབ་སྡེ་བརྒྱད་ཀྱི་དངོས་གྲུབ་བརྙེས༔ གྲུབ་པའི་རིག་འཛིན་མཆོག་བརྒྱད་ལ༔ དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ ཐུགས་རྗེའི་ཤུགས་ཀྱིས་གཤེགས་སུ་གསོལ༔ གནས་པ་རྩ་དང་གཡོ་བ་རླུང་༔ བཀོད་པ་བྱང་ཆུབ་སེམས་མཆོག་ལ༔ སྐུ་གསུམ་ཡེ་ཤེས་བྱིན་ཆེན་ཕོབ༔ རང་སྣང་དོན་གྱི་འོག་མིན་ནས༔ ཡེ་ཤེས་རྒྱུ་མའི་སྐུ་བརྙེས་པཿའབྲེལ་ཚད་ཐར་པའི་ཞིང་དུ་འདྲོངསཿས་ར་ཧ་པ་ལ་སོགས་པའིཿགྲུབ་ཆེན་བརྒྱད་ཅུ་འཁོར་དང་བཅསཿབྱིན་གྱིས་རླབ་ཕྱིར་གཤེགས་སུ་གསོལཿགནས་པ་རྩ་དང་གཡོ་བ་རླུང་༔ བཀོད་པ་བྱང་ཆུབ་སེམས་མཆོག་ལཿསྐུ་གསུམ་ཡེ་ཤེས་བྱིན་ཆེན་ཕོབཿསྲིད་ལས་དབེན་པའི་གནས་མཆོག་ཏུ༔ གྲུབ་འབྲས་མངོན་གྱུར་རྫོགས་སངས་རྒྱས༔ སྤྲུལ་པའི་རྗེ་འབངས་ཉི་ཤུ་ལྔ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ གནས་པ་རྩ་དང་གཡོ་བ་རླུང་༔ བཀོད་པ་བྱང་ཆུབ་སེམས་མཆོག་ལ༔ སྐུ་གསུམ་ཡེ་ཤེས་བྱིན་ཆེན་ཕོབ༔ གཙུག་ཏོར་ཡེ་ཤེས་འཁོར་ལོ་རུ༔ གང་འདུལ་ཐབས་ཀྱིས་གདུལ་བྱ་འདུལ༔ རྩ་བརྒྱུད་རིག་འཛིན་བླ་མའི་ཚོགས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་པ་རྩ་དང་གཡོ་བ་རླུང་༔ བཀོད་པ་བྱང་ཆུབ་སེམས་མཆོག་ལ༔ སྐུ་གསུམ་ཡེ་ཤེས་བྱིན་ཆེན་ཕོབ༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ནས༔ ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་ལྷ༔ རྒྱུ་འཕྲུལ་རོལ་པའི་འཁོར་དང་བཅས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་པ་རྩ་དང་གཡོ་བ་རླུང་༔ བཀོད་པ་བྱང་ཆུབ་སེམས་མཆོག་ལ༔ སྐུ་གསུམ་ཡེ་ཤེས་བྱིན་ཆེན་ཕོབ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཛ་ཛ༔ ཨ་བེ་ཤ་ཡ་ཨ་ཨཱཿབྱིན་རླབས་ཡེ་ཤེས་རླུང་མཆོག་གིས༔ ལུས་ཀྱི་རྩ་མདུད་ཡོངས་གྲོལ་ནས༔ སྤྲུལ་པའི་སྐུ་རུ་སྨིན་གྲོལ་ཤོག༔ གཏུམ་མོ་ཡེ་ཤེས་མེ་ཉིད་ཀྱིས༔ སྒྲིབ་གཉིས་བག་ཆགས་ཀུན་གཞོམ་སྟེ༔ ཡེ་ཤེས་རང་ཞལ་མངོན་གྱུར་ནས༔ ལོངས་སྤྱོད་རྫོགས་སྐུར་སྨིན་གྲོལ་ཤོག༔ བདེ་སྟོང་ཡེ་ཤེས་བདུད་རྩི་ཡིས༔ དཔའ་བོ་མཁའ་འགྲོ་ཡོངས་མཉེས་ཤིང་༔ ཐིག་ལེ་དག་པ་ཆོས་སྐུར་སྨིན༔ གྲུབ་པ་བརྒྱད་ལ་དབང་འབྱོར་ཏེ༔ ཡེ་ཤེས་སྒྱུ་མའི་སྐུ་ཐོབ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།