TTDL-ZABTER-15-BA-057

From Dudjom Wiki
Revision as of 15:06, 28 August 2024 by Mort (talk | contribs)

TTDL-ZABTER-15-BA-057
Wylie title TTDL-ZABTER-15-BA-057.pdf
Location bdud 'joms gling pa zab gter
Volume 15, Text 57, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. '. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: . Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྩ་གསུམ་སྲུང་མ་དར་ལ་བརྟེན་པ་བཞུགས་སོ༔ ན་མོ་གུ་རུ་པོདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༦༣གཞི་ནི་རས་སམ་དར་འཇམ་ལ༔ སྨན་དང་དམ་རྫས་དག་གིས་བྱུག༔ གནས་བཟང་ས་སྣ་རིན་ཆེན་ཕྱེ༔ བླུགས་ནས་མཚལ་ལམ་སྣག་ཚ་ཡིས༔ ཐོད་བུམ་རྡོ་རྗེ་ནོར་བུ་བྲིས༔ ཨོཾ་ཨཱ་ཧཱུྃ༔ སརྦ་མ་ཧཱ་གུ་རུ་བཱིདྱ་དྷ་ར་སིདྡྷི་ཕ་ལ་ཧཱུྃ་ཨཱཿརིག་འཛིན་བླ་མའི་དཀྱིལ་འཁོར་ལྷ༔ མ་ལུས་བརྟེན་པའི་དར་ལ་འདུས༔ ཐོད་བུམ་རྡོ་རྗེ་ནོར་བུ་ལ༔ རྟེན་ཆོས་བརྟན་པར་བཞུགས་ནས་ཀྱང་༔ དོན་ཀུན་འགྲུབ་པའི་དངོས་གྲུབ་སྩོལ༔ མ་ཧཱ་གུ་རུ་སརྦ་ས་མ་ཡ་ཛ་སྟྭཾ༔ འཁོར་ལོ་རྡོ་རྗེ་རིན་ཆེན་དང་༔ པདྨ་རྒྱ་གྲམ་ཚོམ་དུ་བཀོད༔ སརྦ་མ་ཧཱ་དྷེ་ཝ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཡི་དམ་རྒྱལ་བ་རྒྱ་མཚོའི་ཚོགས།།མ་ལུས་བརྟེན་པའི་དར་ལ་འདུས༔ ཕྱག་རྒྱ་རྣམ་པ་ལྔ་པོ་འདིར༔ རྟེན་ཆོས་བརྟན་པར་བཞུགས་ནས་ཀྱང་༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་སྩོལ༔ སརྦ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་དྷེ་ཝ་ཧཱུྃ༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔ གྲི་ཁུག་ཐོད་ཁྲག་ཁ་ཊཱྃ་བྲིས༔ མ་བྷྱོ་ཛ་ཧྲཱིཾ་མ་ཧ་རི་ནི་ས་ར་ཙ་ཧྲཱིཾ་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ སརྦ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨཱ༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོའི་ཚོགས༔ མ་ལུས་བརྟེན་པའི་དར་ལ་འདུས༔ ཁ་ཊྭཱྃ་གྲི་གུག་ཐོད་ཁྲག་འདིར༔ རྟེན་ཆོས་བརྟན་པར་བཞུགས་ནས་ཀྱང་༔ ཕྲིན་ལས་ཡོངས་འགྲུབ་དངོས་གྲུབ་སྩོལ༔ མ་མ་སརྦ་ཌཱ་ཀི་ནཱི་ཧཱུྃ་བྷྱོ༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔ དེ་ནས་ཙན་དན་བིང་ཆེན་བྲིས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ན་ཐ་སརྦ་ས་མ་ཡ་ཕེཾ་ཛཿཨ་བེ་ཤ་ཡ་ཏིཥྛ་ལྷན༔ ཡེ་ཤེས་མགོན་པོ་ཐམས་ཅད་ཀུན༔ མ་ལུས་བརྟེན་པའི་དར་ལ་འདུས༔ ཙན་དན་བིང་ཆེན་འདི་ཉིད་ལ༔ རྟེན་ཆོས་བརྟན་པར་བཞུགས་ནས་ཀྱང་༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ དེ་ནས་མཁར་ཐབས་ཐོག་གསུམ་བྲིས༔ སརྦ་དྷརྨ་པཱ་ལ་ས་མ་ཡ་ཕེཾ་ཕེཾ་ཛ་ཛ༔ ཡེ་ཤེས་དབྱིངས་དང་དབྱིངས་བཞུགས་པའི༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ མ་ལུས་བརྟེན་པའི་དར་ལ་འདུས༔ རིན་ཆེན་གསེར་མཁར་སུམ་ཐོག་འདིར༔ རྟེན་ཆོས་བརྟན་པར་བཞུགས་ནས་ཀྱང་༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ དེ་ནས་གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་བྲིས༔ སརྦ་ཀྵེ་ཊ་པཱ་ལ་ཨ༔ ཡཿམཿདུཿརུཿཙཿཤཿན༔ ས་མ་ཡ་ཕེཾ་ཕེཾ་ཛ་ཛ༔ འཁོར་འདས་གཉིས་སྐྱོང་སྲུང་མ་རྣམས༔ མ་ལུས་བརྟེན་པའི་དར་ལ་འདུས༔ གནམ་ལྕགས་འཁོར་ལོ་འདི་ཉིད་ལ༔ རྟེན་ཆོས་བརྟན་པར་བཞུགས་ནས་ཀྱང་༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ དེ་ནས་གླིང་བཞི་རི་རབ་བྲིས༔ སརྦ་ལོ་ཀཱ་པཱ་ལ་ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་ཕེཾ་ཕེཾ་ཛ་ཛ༔ འཇིག་རྟེན་སྐྱོང་བའི་དམ་ཅན་ཚོགས༔ མ་ལུས་བརྟེན་པའི་དར་ལ་འདུས༔ གླིང་བཞི་དང་ནི་རི་རབ་འདིར༔ རྟེན་ཆོས་བརྟན་པར་བཞུགས་ནས་ཀྱང་༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ དེ་ནས་ནོར་བུ་འབར་བ་བྲིས༔ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛམྦྷ་ལ་སརྦ་ས་མ་ཡ་ཕེཾ་ཕེཾ་ཛ་ཛཿཡེ་ཤེས་འཇིག་རྟེན་ནོར་ལྷའི་ཚོགས༔ མ་ལུས་བརྟེན་པའི་དར་ལ་འདུས༔ རིན་ཆེན་ནོར་བུ་འབར་བ་འདིར༔ རྟེན་ཆོས་བརྟན་པར་བཞུགས་ནས་ཀྱང་༔ འདོད་རྒུའི་ལོངས་སྤྱོད་དངོས་གྲུབ་སྩོལ༔ ན་མོ་བུདྡྷ་བུདྡྷརྨ་སངྒ་ཡ༔ ཧཱུྃ༔ རྩ་གསུམ་དམ་ཅན་རྒྱ་མཚོ་ཡིས༔ འཇིགས་དང་སྡུག་བསྔལ་མི་མཐུན་ཕྱོགས༔ མ་ལུས་ཞི་བའི་ཕྲིན་ལས་མཛོད༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཚེ་བསོད་ཡེ་ཤེས་ཡོན་ཏན་ཀུན༔ འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ འདོད་རྒུའི་དཔལ་ཡོན་ལོངས་སྤྱོད་ཀུན༔ དབང་དུ་འདུ་བའི་ཕྲིན་ལས་མཛོད༔ སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཀུན༔ བསད་གཅོད་བསྒྲལ་བཟློག་ཕྲིན་ལས་མཛོད༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་རྡོ་རྗེ་ཕུར་པ་སྣ་ཚོགས་རྡོ་རྗེ་བྲིས༔ དབུ་ཡི་འགོ་འདྲེན་རིག་གསུམ་སྔགས་ཀྱིས་བྱ༔ འདི་བྲིས་འཆང་བའི་སྐྱེ་བོ་དེ༔ མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ༔ དགེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ༔ བཀྲ་ཤིས་དཔལ་ཀྱིས་ཕྱུག་པར་འགྱུར༔ རྩ་གསུམ་འདུས་པའི་རྟེན་དར་རྫོགས་སོ༔ ཀུན་བཟང་མཚོ་སྐྱེས་རྡོ་རྗེ་ཡིས།།ཁྲག་འཐུང་བདུད་འཇོམས་དཔའ་བོར་གདམས།།རང་སློབ་ཚུལ་བཟང་བསྐུལ་ངོར་ཕབ།།ཡི་གེ་བློ་གྲོས་དབང་པོས་བྲིས།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།