DUDJOM-THROMA-017

From Dudjom Wiki
Revision as of 09:26, 16 July 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-017

དབུ་ཁྲིད༠༠༠༠༠༠༠༠བརྡ་ཡིག ༢༡༩ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་འདུས་པའི་བསྐང་བ་རིན་ཆེན་ཕྲེང་མཛེས་བཞུགས་སོ༔ དབུ་ཁྲིད༠༠༠༠༠༠༠༠བརྡ་ཡིག ༢༡༩ ༠༠༠༠༠༠༠༠༠བརྡ་ཡིག ༢༢༠ ན་མོ་གུ་ས་ར་ཧ་པ་ཡེ༔ མཁའ་འགྲོ་འདུས་པའི་བསྐང་བ་ནི༔ སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ངང་༔ ཕཊ་ཕཊ་ཕཊ༔ ཞིང་གི་མཆོག་གྱུར་འོག་མིན་ནས༔ རྩ་བརྒྱུད་བླ་མ་གཤེགས་སུ་གསོལ༔ གནས་ཀྱི་མཆོག་གྱུར་མཁའ་སྤྱོད་ནས༔ མ་དང་མཁའ་འགྲོ་གཤེགས་སུ་གསོལ༔ གླིང་གི་གླིང་མཆོག་འཛམ་བུའི་གླིང་༔ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ གནས་ཀྱི་མིང་ནི་རང་བྱུང་ཚལ༔ རབ་འཇིགས་རྔམས་པའི་ཆོ་འཕྲུལ་ངོམས༔ རི་བོ་ཐམས་ཅད་རུས་པའི་རི༔ རྩི་ཤིང་ཐམས་ཅད་མདའ་དང་མདུང་༔ ཆུ་འབབས་ཐམས་ཅད་ཁྲག་དང་རྣག༔ སྒྲ་སྐད་ཐམས་ཅད་ཕཊ་དང་ཕེཾ༔ གཟུགས་སྣང་ཐམས་ཅད་མཁའ་འགྲོའི་གར༔ མེ་རླུང་མཚོན་གྱི་དྲྭ་ལ་འཁྲིགས༔ ཁྲོ་བཅུ་རྒྱུ་བར་མི་ནུས་ཤིང་༔ རྡོ་རྗེ་ཅན་ཡང་འཇིགས་པའི་གནས༔ ཨོ་རྒྱན་རང་བྱུང་དུར་ཁྲོད་དེར༔ བཞུགས་པའི་ཡུམ་ཆེན་འཁོར་འདས་བདག༔ རྡོ་རྗེ་ཕག་མོ་གཤེགས་སུ་གསོལ༔ ཁྲོས་མ་ནག་མོ༴ དབྱིངས་ཀྱི་ཡུམ་ལྔ༴ ལས་མཛད་མ་བཞི༴ ཁྲག་འཐུང་མ་བཞི༴ དབང་ཕྱུག་ཉེར་བརྒྱད་གཤེགས་སུ་གསོལ༔ དེ་ལས་སྤྲུལ་པའི་ཞིང་ཁམས་ནི༔ གནས་མཆོག་ཉི་ཤུ་རྩ་བཞི་དང་༔ ཡུལ་ནི་སུམ་ཅུ་རྩ་གཉིས་དང་༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི་དཔའ་བོ་མཁའ་འགྲོའི་ཚོགས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ མ་ལུས་འཁོར་བཅས་གཤེགས་ནས་ཀྱང་༔ སྒྲུབ་པའི་གནས་མཆོག་དམ་པ་འདི༔ མཁའ་སྤྱོད་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་པའི་གནས་ཁང་གཞལ་ཡས་འདི༔ འོག་མིན་གནས་སུ་བྱིན་གྱིས་རློབས༔ སྒྲུབ་པའི་དཀྱིལ་འཁོར་ཆེན་པོ་འདི༔ ལྷུན་གྲུབ་ཞིང་དུ་བྱིན༴ བདག་ཅག་སྒྲུབ་མཆོག་ཕོ་མོ་རྣམས༔ དཔའ་བོ་དཔའ་མོར་བྱིན༴ སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་ངང་༔ རང་གྲོལ་ཆེན་པོར་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ ཚོགས་ཀྱི་ལོངས་སྤྱོད་དམ་རྫས་ཀུན༔ ཟག་མེད་བདུད་རྩིར་བྱིན་གྱིས་རློབས༔ འབྱུང་བཞི་སྒྱུ་མའི་ཕུང་པོ་འདི༔ ཡེ་ཤེས་འོད་སྐུར་བྱིན་གྱིས་རློབས༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་འདི༔ ཡེ་ཤེས་དབྱིངས་སུ་བཤིག་ཏུ་གསོལ༔ ཕཊ་ཕཊ་ཕཊ༔ དེ་ནས་ཐུགས་དམ་བསྐང་བ་ནི༔ ཧཱུྃ༔ སྟོང་གསུམ་བྷནྡྷ་འབར་བའི་སྣོད༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་གཏིབ༔ བཀོད་པ་རབ་འབྱམས་རྒྱན་དུ་ཤར༔ ཡེ་ཤེས་བདུད་རྩིའི་ངོ་བོར་གནས༔ ཕཊ༔ འོག་མིན་བརྡལ་ཁྱབ་ཞིང་ཁམས་ནས༔ ཀུན་ཏུ་བཟང་མོའི་ཐུགས་དམ་བསྐང་༔ བཀོད་པ་ལྷུན་གྲུབ་ཕོ་བྲང་ནས༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ དག་པ་མཁའ་སྤྱོད་ཕོ་བྲང་ནས༔ ཁྲོས་མ་ནག་མོའི༴ སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ སངས་རྒྱས་མཁའ་འགྲོའི༴ མངོན་པར་དགའ་བའི་ཞིང་ཁམས་ནས༔ རྡོ་རྗེ་མཁའ་འགྲོའི༴ དཔལ་དང་ལྡན་པའི་ཞིང་ཁམས་ནས༔ རིན་ཆེན་མཁའ་འགྲོའི༴ བདེ་བ་ཅན་གྱི་ཞིང་ཁམས་ནས༔ པདྨ་མཁའ་འགྲོའི༴ ལས་རབ་རྫོགས་པའི་ཞིང་ཁམས་ནས༔ ལས་ཀྱི་མཁའ་འགྲོའི༴ ཤར་ཕྱོགས་ཞི་བའི་དཀྱིལ་འཁོར་ནས༔ ཞི་མཛད་དཀར་མོའི༴ ལྷོ་ཕྱོགས་རྒྱས་པའི་ཞིང་ཁམས་ནས༔ རྒྱས་མཛད་སེར་མོའི༴ ནུབ་ཕྱོགས་དབང་གི་དཀྱིལ་འཁོར་ནས༔ དབང་སྡུད་དམར་མོའི༴ བྱང་ཕྱོགས་དྲག་པོའི་དཀྱིལ་འཁོར་ནས༔ སྒྲོལ་བྱེད་ལྗང་མོའི༴ ཤར་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ དཀར་མོ་རྣམ་རྒྱལ༴ ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔ སེར་མོ་དོན་གྲུབ༴ ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔ དམར་མོ་ཚེ་འཕེལ༴ བྱང་ཕྱོགས་ཕུར་པའི་དུར་ཁྲོད་ནས༔ ལྗང་མོ་དབུགས་ལེན༴ དུར་ཁྲོད་རོལ་པའི་མུ་རན་ནས༔ དབང་མོ་ཉེར་བརྒྱད༴ མ་ངེས་སྟོང་གསུམ་ལེགས་ཉེས་མཁན༔ འབུམ་ཕྲག་མཁའ་འགྲོའི་ཐུགས་དམ་བསྐང་༔ གནས་དང་ཡུལ་དང་དུར་ཁྲོད་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ན༔ བཞུགས་པའི་མཁའ་འགྲོ་ཞིང་སྐྱོང་དང་༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ རྒྱལ་ཆེན་སྡེ་བཞིའི༴ དཔལ་མགོན་བདུན་ཅུའི༴ ཕྱོགས་སྐྱོང་བཅུ་ཡི༴ སྡེ་དཔོན་སུམ་ཅུའི༴ དྲེགས་ཆེན་བཅོ་བརྒྱད༴ དགེ་བསྙེན་ཉེར་གཅིག༴ བརྟན་མ་བཅུ་གཉིས༴ ལྷ་སྲིན་སྡེ་བརྒྱད༴ ཡང་ལྷ་ཟོ་དོར༴ དབེན་གནས་སྲུང་མའི༴ སྣང་སྲིད་ལྷ་འདྲེའི༴ ཁམས་གསུམ་ཡོངས་ཀྱི་ཐུགས་དམ་བསྐང་༔ ཕྱི་མཆོད་ཉེར་སྤྱོད་བདུན་གྱིས་བསྐང་༔ ནང་མཆོད་འདོད་ཡོན་སྣ་ལྔས་བསྐང་༔ གསང་མཆོད་སྨན་གཏོར་རཀྟས༴ དཀར་གསུམ་མངར་གསུམ་ཚོགས་ཀྱིས༴ ཤ་ལྔ་བདུད་རྩི་རྣམ་ལྔས༴ དར་ཟབ་སྟག་གཟིག་གོས་ཀྱིས༴ གསེར་ངུལ་ཟངས་ལྕགས་ནོར་བུས་བསྐང་༔ འདབ་ཆགས་སྡེར་ཆགས་རྨིག་ཆགས་སོགས༔ གཟུགས་འགྲོས་སྣ་ཚོགས་དཀོར་གྱིས་བསྐང་༔ ཤ་ཁྲག་རྐང་རུས་ཚོགས་ཀྱིས༴ འབྲུ་སྣ་སྨན་སྣ་ཟས་ཀྱིས༴ ཤ་ཆང་བདུད་རྩི་ཕུད་ཀྱིས༴ བརྟེན་མཁར་རྒྱན་ཆ་གོས་ཀྱིས༴ བཟའ་བཅའ་བཏུང་བ་ལྡག་གཞིབ་སོགས༔ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱིས་བསྐང་༔ སྐུ་ལ་མཆོད་འབུལ་གཟི་བྱིན་འབར༔ སྐུ་ཡི་ཉམས་ཆག་སྐོང་གྱུར་ཅིག༔ གསུང་ལ་མཆོད་འབུལ་འགགས་པ་ཁྲོལ༔ གསུང་གི་ཉམས་ཆག༴ ཐུགས་ལ་མཆོད་འབུལ་བདེ་སྟོང་བསྐྱེད༔ ཐུགས་ཀྱི་ཉམས་ཆག༴ མ་རིག་གསུམ་དང་གཟུང་འཛིན་གྱི༔ དབང་གྱུར་ཉེས་བྱས་ཉམས་ཆག་ཀུན༔ མཆོག་དམན་མགྲོན་གྱུར་ཀུན་ལ་བཤགས༔ ཉམས་ཆག་འགལ་འཁྲུལ་བྱང་གྱུར་ཅིག༔ རྟོག་སྒྲིབ་བག་ཆགས་དག་གྱུར་ཅིག༔ ཁམས་གསུམ་སྐུ་གསུམ་ཀློང་གྲོལ་ནས༔ བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཕཊ་ཕཊ་ཕཊ༔ ཡེ་ཤེས་ཀ་པཱ་ལ་ཡི་ནང་༔ དཀར་གསུམ་མངར་གསུམ་སྨན་སྣ་ཚོགས༔ གསེར་དངུལ་གཡུ་དང་མུ་ཏིག་སོགས༔ རིན་ཆེན་སྣ་ཚོགས་གཟུགས་འགྲོས་ཚོགས༔ འདོད་ཡོན་མི་ཟད་ལོངས་སྤྱོད་ཀྱིས༔ ཀླུ་རྒྱལ་ཆེན་པོའི་ཐུགས་མ་དམ་བསྐང་༔ མི་མགོན་དཀར་པོའི་ཐུགས་དམ་བསྐང་༔ ཀླུ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་༔ ས་ཆུ་རྡོ་ཤིང་བྲག་ལ་སོགས༔ འབྱུང་བ་འདི་ལ་དབང་མཛད་པའི༔ ཀླུ་གཉན་རྣམས་ཀྱི་ཐུགས་དམ་བསྐང་༔ ས་བདག་རྣམས་ཀྱི་ཐུགས་དམ་བསྐང་༔ ཁྱེད་ཅག་རྫུ་འཕྲུལ་སྟོབས་དང་ལྡན༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་བདག༔ བདག་གིས་ཁྱེད་མཆོད་ཁྱེད་བསྟོད་ཀྱི༔ ཕྲིན་ལས་བསྒྲུབ་ལ་རོགས་དན་མཛོད༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔ དམ་ལས་མ་འདའ་ས་མ་ཡ༔ ཕཊ༔ སྟོང་གསུམ་བྷནྡྷའི་སྣོད་ཡངས་པར༔ ཤ་ཁྲག་རུས་པའི་ཕུང་པོ་དང་༔ འདོད་ཡོན་མི་ཟད་ལོངས་སྤྱོད་གཏེར༔ མཐུན་པའི་རྫས་མཆོག་དཔག་མེད་སྤྲིན༔ ཕཊ༔ ལྷོ་ཕྱོགས་ལྕགས་མཁར་དགུ་རིམ་ནས༔ སྐྱེ་འགྲོའི་སྲོག་ལ་དབང་མཛད་པ༔ གཤིན་རྗེ་ནག་པོའི་ཐུགས་དམ་བསྐང་༔ ཡ་མ་རཱ་ཛའི་ཐུགས་དམ་བསྐང་༔ ལས་མཁན་བརྒྱད་ཀྱི་ཐུགས་དམ་བསྐང་༔ སྤྲུལ་འཁོར་བྱེ་བའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ངོ་ས་མ་ཡ༔ རྣལ་འབྱོར་སྒྲུབ་པའི་བར་ཆད་སོལ༔ ཁམས་གསུམ་དབང་སྡུད་དངོས་གྲུབ་སྩོལ༔ དགྲ་བགེགས་གདུག་པ་ཚར་ཆོད་ཅིག༔ ངེས་མེད་གནས་སུ་སྒྲུབ་ཚུག་ཟུངས༔ སྙིང་རུས་དག་སྣང་རྟེན་ཕུར་ཚུགས༔ བྱང་ཆུབ་སྒྲུབ་པའི་བསྐུལ་མ་མཛོད༔ བསྙེན་སྒྲུབ་མཐར་ཕྱིན་ངང་དུ་སྐྱོལ༔ མཐུན་རྐྱེན་སྦྱོར་བའི་ཡོན་བདག་གྱིས༔ འགལ་རྐྱེན་བཟློག་པའི་ཕོ་ཉ་མཛོད༔ དམ་ཚིག་གཉན་པོ་དཔང་དུ་བཙུགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཕཊ༔ ཨ་ལས་ཀ་པཱ་ལ་ཡི་སྣོད༔ ཡངས་ཤིང་རྒྱ་ཆེ་དཔངས་མཐོ་བའི༔ ནང་དུ་ཤ་ཁྲག་དམར་གཏོར་བཤམས༔ འདོད་ཡོན་མཆོད་སྤྲིན་ནམ་མཁའི་མཛོད༔ སྣང་སྲིད་ཐམས་ཅད་ཡོངས་ཁྱབ་གྱུར༔ ཕཊ་ཕཊ་ཕཊ༔ ནུབ་ཕྱོགས་ཟངས་མཁར་དམར་པོ་ནས༔ དགྲ་སྲོག་གཅོད་པའི་སྤུ་གྲི་ནི༔ བཙན་རྒོད་ཆེན་པོའི་ཐུགས་དམ་བསྐང་༔ ཤན་པ་ཆེན་པོའི་ཐུགས་དམ་བསྐང་༔ ཀི་འདེབས་ཆེན་པོའི་ཐུགས་དམ་བསྐང་༔ སྦས་འཁོར་སུམ་བརྒྱའི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ ངེས་མེད་གནས་སུ་སྒྲུབ་གྲོགས་མཛོད༔ སྙིང་རུས་དག་སྣང་རྟེན་ཕུར་ཚུགས༔ བྱང་ཆུབ་སྒྲུབ་པའི་བསྐུལ་མ་མཛོད༔ བསྙེན་སྒྲུབ་མཐར་ཕྱིན་ངང་དུ་སྐྱོལ༔ མཐུན་རྐྱེན་སྦྱོར་བའི་ཡོན་བདག་གྱིས༔ འགལ་རྐྱེན་བཟློག་པའི་ཕོ་ཉ་མཛོད༔ དམ་ཚིག་གཉན་པོ་དབང་དུ་བཙུགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཕཊ་ཕཊ་ཕཊ༔ ཐོད་མཁར་གྲུ་གསུམ་གཏམས་པའི་ནང་༔ ཞིང་ཆེན་བླ་བྲེ་ནམ་མཁའི་རྒྱན༔ རྒྱུ་མའི་དྲྭ་བ་བར་སྣང་རྒྱན༔ ཤ་རི་ཁྲག་མཚོ་ས་གཞིའི་རྒྱན༔ མ་དང་མཁའ་འགྲོ་མཉེས་བྱེད་པའི༔ ལོངས་སྤྱོད་མི་ཟད་ནམ་མཁའ་མཛོད༔ ཕཊ་ཕཊ་ཕཊ༔ དཔལ་ལྡན་ལྷ་མོའི་ཐུགས་དམ་བསྐང་༔ སྲིད་པའི་རྒྱལ་མོའི༴ རང་བྱུང་རྒྱལ་མོའི༴ དམག་ཟོར་རྒྱལ་མོའི༴ ཧེ་ལེ་འབར་མའི༴ སྲིད་པའི་མ་མོའི༴ རེ་མ་ཏཱི་ཡི༴ རེ་མ་ཛི་ཡི༴ རེ་མ་ཛུ་ཡི༴ རེ་མ་ཛ་ཡི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་ཉམས་ཆག་བཤགས༔ རྣལ་འབྱོར་སྒྲུབ་པའི་བར་ཆད་སོལ༔ ངེས་མེད་གནས་སུ་སྒྲུབ་གྲོགས་མཛོད༔ སྙིང་རུས་དག་སྣང་རྟེན་ཕུར་ཚུགས༔ བྱང་ཆུབ་སྒྲུབ་པའི་བསྐུལ་མ་མཛོད༔ བསྙེན་སྒྲུབ་མཐར་ཕྱིན་ངང་དུ་སྐྱོལ༔ མཐུན་རྐྱེན་སྦྱོར་བའི་ཡོན་བདག་གྱིས༔ འགལ་རྐྱེན་བཟློག་པའི་ཕོ་ཉ་མཛོད༔ དམ་ཚིག་གཉན་པོ་དཔང་དུ་བཙུགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་སྒྱུ་མའི་རྣལ་འབྱོར་པ་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཡིག་མེད་ནམ་མཁའི་བརྡ་རིས་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་རྡོ་རྗེའོ། །དགེ་ལེགས་འཕེལ།། །།