DUDJOM-THROMA-042

From Dudjom Wiki
Revision as of 09:26, 16 July 2025 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DUDJOM-THROMA-042

དབུ་ཁྲིད་༠༠༠༠༠༠༠༠བརྡ་ཡིག ༣༨༩ ༣༩༠ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་འདུས་པའི་གཟུ་དཔང་བཞུགས་སོ༔ ན་མོ༔ དཀོན་མཆོག་གསུམ་པོ་གཟུ་དང་དཔང་༔ རྩ་གསུམ་སྲུང་མ་གཟུ་དང་དཔང་༔ མ་མོ་མཁའ་འགྲོ་གཟུ་དང་དཔང་༔ ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་༔ སྣང་སྲིད་ལྷ་འདྲེ་གཟུ་དང་དཔང་༔ བདག་ནི་མ་ཉེས་མ་ཡོའོ༔ མ་ཉེས་དཔུང་དང་ར་དམར་དགོངས༔ དམ་ཉམས་དགྲ་གཤེད་སྡིག་ཅན་འདིས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དམ་པའི་ཆོས་ཁྲིམས་ཟབ་མོ་བསྣུབ༔ དགེ་འདུན་དམ་དང་འདུལ་ཁྲིམས་བཤིག༔ ཉེས་མེད་སེམས་ཅན་སྡུག་ཏུ་མནར༔ སྡིག་ཅན་སྐྱེ་བོའི་ཁ་མགོན་བྱས༔ དེ་འདྲའི་ལས་ངན་སྡིག་ཅན་འདི༔ བསྒྲལ་བའི་ཞིང་བཅུ་ངེས་པར་ཚང་༔ འདི་ལ་བྱམས་བརྩེ་བྱེད་པ་དག༔ དམ་ཉམས་དམ་སྲིའི་རིགས་སུ་ངེས༔ དེ་ཕྱིར་བྱམས་བརྩེ་མ་ཤོར་བར༔ མཐུ་དང་ནུས་པའི་སྟོབས་ཤུགས་ཕྱུང་༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དུས་ལ་བབ་པོ་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨོ་རྒྱན་རྡོ་རྗེས་བསྐུལ་བའི་ངོར། །ཁྲག་འཐུང་བདུད་འཇོམས་དཔའ་བོས་བྲིས། །དགེའོ།། །།