བཀའ་སྲུང་སྤྱིའི་ཕྲིན་བཅོལ་ཧོཿ བཀའ་སྲུང་དྲེགས་པའི་སྡེ་ཚོགས་སོགས།

From Dudjom Wiki
Revision as of 12:07, 28 August 2024 by Mort (talk | contribs)

TTDL-ZABTER-13-PA-108
Wylie title bka' srung spyi'i phrin bcol hoH bka' srung dregs pa'i sde tshogs sogs TTDL-ZABTER-13-PA-108.pdf
Location bdud 'joms gling pa zab gter
Volume 13, Text 108, Pages 389 (Folios 1a1 to 1a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Bka' srung spyi'i phrin bcol hoH bka' srung dregs pa'i sde tshogs sogs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 389. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dbang sdud phrin col  
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Exhortations to Act - phrin bcol
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity Bka' srung
Colophon
  • First colophon: རིགས་སྲས་དྲིས་མེད་འོད་ཟེར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ལས་ཕབ་པ་དགེའོ།
  • Second colophon: ཞེས་བདུད་འཇོམས་རྡོ་རྗེས་སྦྱར་བ་དགེ།
  • First colophon: rigs sras dris med 'od zer gyis bskul ngor bdud 'joms rdo rjes dag snang las phab pa dge'o/
  • Second colophon: zhes bdud 'joms rdo rjes sbyar ba dge/
[edit]
༁ྃ༔ ཧོཿ བཀའ་སྲུང་དྲེགས་པའི་སྡེ་ཚོགས་དགོངས༔ དམ་ཚིག་གཉན་པོ་དཔང་བཙུགས་ཏེ༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ སྣང་སྲིད་སྐྱེ་འགྲོའི་བློ་ཡིད་སེམས༔ ཁབ་ལེན་རྡོ་དང་ལྕགས་འཕྲད་བཞིན༔ རང་དབང་མེད་པར་དབང་དུ་བསྡུས༔ ཟས་ནོར་ལོངས་སྤྱོད་འདོད་རྒུའི་དཔལ༔ རྒྱུ་མི་འཆད་པར་བདག་ལ་སྩོལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ བཛྲ་ས་མ་ཡ༔ སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་མ་ཡ་མི་སྙིང་བསྒུལ་བསྒུལ་མི་བློ་བསྒྱུར་བསྒྱུར་སརྦ་རཏྣ་བ་སུ་ཁ་དྷེ་སིདྡྷི་ཕ་ལ་ཧོ༔ རིགས་སྲས་དྲིས་མེད་འོད་ཟེར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ལས་ཕབ་པ་དགེའོ། །༁ྃ༔ བཀའ་སྲུང་གཉན་པོ་ཁྱེད་རྣམས་ཀྱི༔ བདག་གི་རྟ་ཕྱུགས་ནོར་ལུག་སྐྱོངས༔ མི་ནད་ནོར་གྱི་གོད་ཁ་བཟློག༔ རྟ་ཡི་གཡང་ལྷ་དགྲ་བླ་མཛོད༔ གྲངས་སྤེལ་སྟོབས་ཤུགས་ནུས་རྩལ་བསྐྱེད༔ གནོད་བྱེད་དགྲ་བགེགས་སྒྲོལ་ཞིང་བཟློག༔ དམ་ལ་མ་འདའ་ས་མ་ཡ༔ ཞེས་བདུད་འཇོམས་རྡོ་རྗེས་སྦྱར་བ་དགེ། །།