དག་སྣང་ཡེ་ཤེ་དྲ་བ་ལས༔ བདེན་པའི་སྟོབས་བཟློག་གནམ་ལྕགས་སྤུ་གྲི༔

From Dudjom Wiki
Revision as of 11:04, 29 August 2024 by Mort (talk | contribs)

TTDL-ZABTER-15-BA-026
Wylie title dag snang ye she dra ba las: bden pa'i stobs bzlog gnam lcags spu gri: TTDL-ZABTER-15-BA-026.pdf
Location bdud 'joms gling pa zab gter
Volume 15, Text 26, Pages 137-138 (Folios 1a1 to 1b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye she dra ba las bden pa'i stobs bzlog gnam lcags spu gri. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 137-138. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: zlog byang   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Averting or Dispelling Rites- zlog pa
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Rdo rje phur pa
Colophon

རིག་འཛིན་བདུད་འཇོམས་རྡོ་རྗེས་མཁའ་འགྲོ་གསང་བའི་མཛོད་ལས་བཤུས་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།།

rig 'dzin bdud 'joms rdo rjes mkha' 'gro gsang ba'i mdzod las bshus pa'i yi ge pa ni phun tshogs bkra shis so/_/dge'o//_

[edit]
༁ྃ༔ དག་སྣང་ཡེ་ཤེ་དྲ་བ་ལས༔ བདེན་པའི་སྟོབས་བཟློག་གནམ་ལྕགས་སྤུ་གྲི་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེཿབདེན་པའི་སྟོབས་ཀྱིས་བཟློག་པ་ནིཿན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་རྒྱལ་བའི་མཐུ་སྟོབས་དང་༔ ཆོས་ཉིད་རྣམ་པར་དག་པ་དང་༔ རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ཆོས་སྲིད་ཚེ་བསོད་ལོངས་སྤྱོད་ལ༔ བར་ཆད་གནོད་འཚེ་མི་མཐུན་ཕྱོགས༔ མ་ལུས་བསྡུས་ཏེ་དགྲ་ལ་བཟློག༔ སྡང་བར་བྱེད་པའི་དགྲ་དཔུང་བཟློག༔ གནོད་པར་བྱེད་པའི་གདོན་བགེགས་བཟློགཿབཀའ་སྲུང་ཡོངས་ཀྱིས་རྒོལ་བ་བཟློགཿསྡེ་བརྒྱད་ཡོང་ཀྱིས་རྒོལ་བ་བཟློགཿསྣང་སྲིད་ལྷ་འདྲེས་རྒོལ་བ་བཟློགཿབན་བོན་ཀླ་ཀློའི་མཐུ་ནུས་བཟློག༔ བྱང་ཆུབ་སྒྲུབ་པའི་བར་ཆད་བཟློགཿནད་རིམས་ཡམས་ནད་གོད་ཁ་བཟློགཿསད་སེར་བཙའ་ཐན་ལོ་ནད་བཟློགཿསྔོན་ལས་འཕྲལ་རྐྱེན་ངན་པ་བཟློགཿབྱད་ཕུར་གཏད་ཁྲམ་ཧོམ་ཟོར་བཟློག༔ མི་ཁ་ཁ་མཆུ་མཁོན་འཐབ༴རང་བྱད་རང་ལ་ལྡོག་པ༴མོ་རྩིས་རྨི་ངན་ཐན་ལྟས༴སྡང་བར་བྱེད་པའི་དགྲ་ལ་བཟློག༔ གནོད་པར་བྱེད་པའི་བགེགས་ལ་བཟློག༔ རྗེས་ཤུལ་མེད་པར་བཟློག་གྱུར་ཅིག༔ འདི་ཡིས་མི་བཟློག་གང་ཡང་མེད༔ རིག་འཛིན་མཁའ་འགྲོའི་དགོངས་རྒྱས་བཏབ༔ ཡི་དམ་རྒྱ་མཚོའི་བྱིན་རླབས་འདུ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ (བརྡ་ཡིག་) རིག་འཛིན་བདུད་འཇོམས་རྡོ་རྗེས་མཁའ་འགྲོ་གསང་བའི་མཛོད་ལས་བཤུས་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།། །