DJYD-KABUM-22-ZA-042
DJYD-KABUM-22-ZA-042
༄༅། །ཕུར་པ་སྤུ་གྲི་རེག་ཕུང་གི་གཏོར་མའི་ དཔེའུ་རིས་བཞུགས། །
扫描 (1བ)༈ ཕུར་པ་སྤུ་གྲི་རེག་ཕུང་གི་རྩ་གཏོར་གདན་གྲུ་བཞིན་སྟེང་ལྕགས་འཁོར་རྩིབས་བཅུའི་ཁར་དཔལ་གཏོར་ཕུར་གཟུགས་པད་འདབ་བཞིས་མཚན་པ་རྒྱན་སྤྲོས་ཅན་ནོ། ། ༈ སྨད་ལས་ཟློག་པའི་གཏོར་ཆེན་ཐོག་གཟུགས་རྣོ་དབལ་ཅན་འཁོར་ལྷ་གྲངས་དང་མཉམ་པས་བསྐོར་བ་རྩང་དམར་སོགས་དྲག་རྒྱན་རྔམས་བརྗིད་ཅན། རྩེར་ཟློག་སྲུང་གི་ཙཀྲ་དང་སྐུ་རྟེན་ཁྱུང་དར་ནག་གི་འཕུར་ལྡིང་གཡོ་བ་ཅན་ནོ། ། (2ན)༈ ཕུར་སྲུང་གི་མཆོད་གཏོར་གྲུ་གསུམ་ལོགས་རེར་འཁོར་རང་འདྲ་ལྔ་ལྔས་བསྐོར་བ་མཐེབ་ཀྱུས་མཚན་པ་ཅན་ནོ། ། ༈ ཆད་མདོ་སྤྱི་ལྟར། ༈ བརྟན་གཏོར་སྤྱི་ལྟར་རོ། །