DJYD-KABUM-23-A-028
DJYD-KABUM-23-A-028
(1ན)རིགས་བརྒྱའི་ཁྱབ་བདག་སྟོན་པ་འོད་མི་འགྱུར། འགྲོ་འདུལ་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །རྒྱལ་ཀུན་ངོ་བོ་གུ་རུ་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །གངས་ཅན་ཕུར་ཐོགས་གཙོ་བོ་གནུབས་ཆེན་རྗེ། །དག་སྣང་བཀའ་བབས་བདུད་འདུལ་པད་རྒྱལ་གླིང་། །ལུང་ཟིན་ཆོས་བདག་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །ཟབ་གསང་མན་ངག་རྒྱ་མཚོའི་ཡང་ཞུན་མཆོག །རྡོ་རྗེའི་ཚིག་རྐང་བདུན་པའི་རྣལ་འབྱོར་ལ། །བརྟེན་ནས་རིམ་གཉིས་ཉམས་ལེན་མཐར་ཕྱིན་ནས། །ཀུན་བཟང་པད་འབྱུང་གོ་འཕང་མྱུར་ཐོབ་ཤོག །(ཅེས་པའང་གཏེར་སྟོན་བླ་མ་ཉིད་ཀྱི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།)