DJYD-KABUM-22-ZA-037
DJYD-KABUM-22-ZA-037
༄༅། །རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་གཏོར་མའི་དཔེ་རིས་བཞུགས་སོ། །
扫描 (1བ)༈ ཕུར་པའི་རྩ་གཏོར་གདན་གྲུ་བཞིར་ལྕགས་འཁར་རྩིབས་བཅུ་རྩིབས་བཞི་བརྩེགས་སྟེང་དཔལ་གཏོར་ཕུར་གཟུགས་པད་འདབ་ཅན་ཏེ། དབང་སྒྲུབ་གང་ལའང་འདྲའོ། ། ༈ བཟློག་པའི་གཏོར་ཆེན་གཙོ་བོ་འཁོར་རང་འདྲ་ལྔས་བསྐོར་བ་དྲག་རྒྱན་རྔམས་བརྗིད་ཅན། སྲུང་ཟློག་གི་འཁོར་ལོ་རྒྱབ་སྤྲོད་དུབཙུག་པ། (2ན)༈ དམ་ཅན་སྤྱིའི་གཏོར་མ་དཔུང་རང་རྒྱབ་ཀྱི་གཡས་གཡོན་དུ་ལྷ་གྲངས་ཀྱི་མཐེབ་ཀྱུ་བརྩེགས་པ། གཡས་སུ་གཏེར་བདག་སྤྱིར་དམར་གཏོར་མཐེབ་ཀྱུ་ཅན་དང་། གཡོན་དུ་གཞི་བདག་སྤྱིར་དཀར་གཏོར་མཐེབ་རིལ་གྱིས་མཚན་པ་ཅན་ནོ། ། ༈ ཕུར་སྲུང་དམར་གཏོར་གྲུ་གསུམ་ལོགས་རེར་འཁོར་རང་འདྲ་ལྔ་ལྔས་བསྐོར་བ་མཐེབ་ཀྱུ་ཅན་ནོ། །
༈ ཤན་པ་ལྕགས་འཁོར་རྩིབས་བརྒྱད་སྟེང་དམར་གཏོར་གྲུ་གསུམ་གྲི་རིས་ཅན་ཆེ་བརྗིད་ལ་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བར་མེ་རིས་བརྒྱན་ཅིང་སྙིང་གིས་མཚན་པ་སྟེ། དཀྱུས་སུ་གདན་མེད་ཀྱང་རུང་ངོ་། །
(2བ)༈ དབང་ལྔའི་མེ་ཏོག་དུག་གི་མེ་རོག་གིས་མཚན་པ། ༈ དྲག་པོའི་ཞལ་ཟས་མགོ་བོ་ཡན་ལག་གློ་སྙིང་གིས་མཚན་པ། ༈ ཞི་བའི་ཞལ་ཟས་རྒྱན་སྤྲོས་གང་མཛེས། (3ན)༈ གཞི་བདག་སྤྱི་གཏོར་དཀར་ཟླུམ་རིལ་ཅན། ༈ བགེགས་གཏོར་དམར་པོ་མདུན་དུ་མཐེབ་རིལ་དང་ཏིང་ལོ། རྒྱབ་ནས་ཆང་བུས་དཀྲིས་པ། ༈ ཆད་མདོའི་གཏོར་མ་གྲུ་གསུམ་མདུན་དུ་མཐེབ་ཀྱུ་གསུམ་སྟེང་མཐེབ་ཀྱུ་གྱེན་ལང་གསུམ་དང་། རྒྱབ་ཀྱི་གཡས་གཡོན་དུ་གྱེན་ལང་རེ་རེ། ༈ བརྟན་མའི་གཏོར་མ་དབུས་སུ་གྲུ་གསུམ། (ན) གཡས་སུ་གྲུ་བཞི། (མ) གཡོན་དུ་ཟླུམ་པོ། (ཀ)གསུམ་ཀའི་མདུན་མཐེབ་ཀྱུ་སུམ་བརྩེགས་རེ། ༈ ཚོགས་ཀྱི་ལོངས་སྤྱོད་བཟའ་བཅའ་སྣ་ཚོགས་ཀྱིས་བསྐོར་བ། (3བ)༈ ཁྲོ་བཅུའི་ཟློག་གཏོར་གཡས་གཡོན་དུ་ཟ་གསོད་རེའི་འཁོར་ཅན་སོ་སོའི་སྐུ་ཙཀ་བཙུག་པ། ༈ སྲས་མཆོག་གི་གཏོར་ཟོར་ལོགས་རེར་མཐེབ་ཀྱུ་བདུན་རེ་བརྩེགས་པ། ༈ སྒོ་སྐྱོང་དང་དམ་ཅན་གྱི་གཏོར་ཟོར་འདྲ་བ་ལས། སྒོ་སྐྱོང་འཁོར་མེད་དང་། དམ་ཅན་ལ་འཁོར་གསུམ་རེ། (4ན)༈ དབང་མོ་ཉེར་བརྒྱད་ཀྱི་ཀོང་ཟེར་མཚེ་ཡུངས་བཙུགས་པ། ༈ སྐྱེར་མདའ་དུག་ཤིང་གི་མདེའུ་ཚོན་དོ་བ་ཅན། འུག་པ། ཁྲ། སྲིན་བྱ། བྱ་རོག་རྣམས་ཀྱི་སྒྲོས་བརྒྱན་པ་དུག་ཁྲག་གུ་གུལ་ཚིལ་ཆེན་གྱིས་བྱུག་པ་བཞི། ༈ གཡག་རྒོད་ཀྱི་རྭ་གཡས་པར་མི་ཁྱི་རའི་ཁྲག་དང་དམེ་ཁྲག་སོགས་སྦྱར་བའི་ཁ་རོ་རས་ཀྱིས་བཀབ་པ།
༈ དུར་རྡོ་ལ་དུག་ཁྲག་གིས་བྷྱོ་ཟློག་རྦད་བྲིས་པ་དང་། ཚོན་སྐུད་ཀྱི་སྒུལ་མོ་ཞིང་ལྤགས་ཀྱི་མཐིལ་དང་ཡུག་སྐྲའི་འཇག་ཅན། ༈ །མཚེ་ཡུངས་དུག་གྲི་ཕྱེ་གསུམ་འབྲུ་ནག་སོགས་ཀྱི་ཟོར་ཀོང་འདྲ་ཞིང་། ཕུང་ས་ཐུན་སྣ་དུག་ཁྲག་གིས་སྦུས་པ།
(4བ)༈ ཞི་བའི་སྲེག་གཏོར་ཟླུམ་པོ་པས་སྦུགས་རིལ་བུ་ཅན་དཀར་པ། ༈ རྒྱས་པའི་སྲེག་གཏོར་གྲུ་བཞི་པད་འདབ་ཅན་སེར་པོ་ནོར་བུས་མཚན་པ། ༈ དབང་གི་སྲེག་གཏོར་ཟླ་གམ་པད་འདབ་ལྔ་བ་དམར་པོ་པདྨས་མཚན་པ། ༈ དྲག་པོའི་སྲེག་གཏོར་གྲུ་གསུམ་ནག་པོ་རལ་གྲིས་མཚན་པ་སྟེ། འདི་རྣམས་འདས་མ་འདས་གཉིས་ཀར་འདྲའོ། ། མནན་པའི་ལས་གཤིན་གྱི་མཆོད་གཏོར་ཀྱང་འདི་དང་འདྲའོ། ། (5ན)༈ དངོས་གྲུབ་ཀྱི་འབྲང་རྒྱས། ༈ ཚེའི་འབྲང་རྒྱས། དེ་ལྟར་འདིར་རགས་རིམ་བྲིས་པ་རྣམས་ཕྱོགས་མཚོན་ཙམ་སྟེ། ཞིབ་པར་མཐོང་བརྒྱུད་ཀྱི་ལག་ལེན་ལ་འདྲིས་པར་བྱ་བ་ཤིན་ཏུ་གཅེས་སོ། །