རིགས་འདུས་པདྨའི་ངེས་པ་དོན་གྱི་རྒྱལ་ཚབ་གཏེར་ཆེན་ཆོས་རྗེ་བླ་མ་དམ་པ།

From Dudjom Wiki
Revision as of 20:02, 9 November 2026 by Jeremi (talk | contribs) (New collection pages (Thinley Norbu gsung 'bum / Dudjom gsung thor bu))
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-SUNGTHORBU-01-AA-022
Wylie title rigs 'dus pad+ma'i nges pa don gyi rgyal tshab gter chen chos rje bla ma dam pa
Location bdud 'joms rin po che'i gsung thor bu
Volume 1, Text 22, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rigs 'dus pad+ma'i nges pa don gyi rgyal tshab gter chen chos rje bla ma dam pa. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
རིགས་འདུས་པདྨའི་ངེས་པ་དོན་གྱི་རྒྱལ་ཚབ་གཏེར་ཆེན་ཆོས་རྗེ་བླ་མ་དམ་པ། ༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གི་གསུང་འབུམ་རིན་པོ་ཆེ་ཆོས་སྐུའི་རིང་བསྲེལ་གླེགས་བམ་འབྲས་ཆོས་ཉེར་ལྔའི་བདག་ཉིད། སྐལ་ལྡན་ཐར་འདོད་ཡོངས་ཀྱི་བསོད་ནམས་ཀྱི་གོ་སྐལ་དུ་བཞུགས་བཞིན་པ་དེ་ལྟར་ན་ཡང༌། འདིར་དེ་དག་གི་ཁོངས་སུ་མ་ཚུད་པའི་གཏེར་ཆེན་བླ་མ་རང་ཉིད་ཀྱི་གསུང་ཡིན་ངེས་ཆོས་ཚན་ཐོར་བུ་ཁག་གཏེར་ཆེན་རིན་པོ་ཆེའི་སློབ་ཆེན་གྱི་གྲས། ཨོ་ཌི་ཤ་བདུད་འདུལ་རབ་བརྟན་གླིང་གི་བླ་རབས་སུ་བཞུགས་པ་རྡོ་ཤུལ་བླ་མ་རྡོ་རྗེ་རྣམ་རྒྱལ་གྱི་ཕྱག་དཔེའི་ཁོངས་སུ་བཞུགས་པ་དང༌། གཞན་ཡང་དགོངས་གཏེར་འཇམ་དཔལ་སྨྲ་སེང་སྒྲུབ་ཐབས་སོགས་ཁ་ཐོར་དུ་བཞུགས་པ་རྣམས་དང༌། གསུང་བྲིས་འགའ་སྒྲ་འཛིན་འཁོར་ཐག་ལས་བཤུས་པ་ད་བར་གང་རྙེད་བཞུགས་སུ་གསོལ་བ་དང༌། གཞན་ཡང་ཞལ་ཤེས་ཟིན་ཐུན་དང་ཆོ་གའི་ཟིན་བྲིས་ཁག ༧སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་གསུང་ཁྲོས་མའི་སྨོན་ལམ་གྱི་ས་བཅད་སོགས་མཁས་གྲུབ་གཞན་གྱི་གསུང་རེ་ཟུང་ཡང་ཕྱོགས་འདིར་ཉེ་བར་མཁོ་བས་བཞུགས་སུ་གསོལ་བ་འདི་དག་གིས་ཟབ་གཏེར་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཤིང་རྒྱས་པ་དང༌། དཔལ་ལྡན་བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཆ་རྐྱེན་དུ་འགྱུར་པ་གོར་མ་ཆག་ཅེས་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་སྤྱི་ལོ ༢༠༢༣ ཟླ ༧ ཚེས ༧ ལ་འབྲུག་བུམ་ཐང་ཐར་པ་གླིང་ནས།