TTDL-ZABTER-15-BA-117

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-117

གཏེར་སྲུང་གཉན་པོ་གཡུ་རྩིའི་གསོལ་མཆོད་བཞུགས་སོ༔ ཧཱུྃ་ཛ༔ ཨོ་རྒྱན་བཀའ་ཡི་སྲུང་མ་ཆེ༔ གཉན་པོ་གཡུ་རྩེ་ཡུམ་སྲས་མཆོད༔ བཀའ་འཁོར་བྲན་གཡོག་བཅས་པ་རྣམས༔ དམ་ཚིག་གཉན་ལ་མ་འདའ་བར༔ འདིར་གཤེགས་མཐུན་རྫས་སྣ་ཚོགས་རོལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ འདོད་དོན་འབད་མེད་ལྷུན་གྲུན་སྩོལ༔ བར་ཆད་དགྲ་བགེགས་རྡུལ་དུ་རློག༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་པ་འདི་ཡང་བདུད་འཇོམས་རྡོ་རྗེས་བརྡ་ལ་བརྟེན་་ནས་སྦྱར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།