TTDL-ZABTER-15-BA-039
TTDL-ZABTER-15-BA-039
དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྨན་བླའི་བསྒོམ་བཟླས་བདེ་ཆེན་ལམ་བྱེད་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བདེ་གཤེགས་ལམ་དུ་བྱེད་པའི་ཐབས༔ ཧཱུྃ༔ གནས་ལུགས་མ་བཅོས་སྤྲོས་མཐའ་བྲལ༔ གཞིར་གནས་བདེ་ཆེན་སྨན་གྱི་བླ༔ མཐིང་ནག་ཞི་འཛུམ་འོད་ཕུང་འབར༔ ཕྱག་གཡས་མཆོག་སྦྱིན་སྨན་རྒྱལ་དང་ཿགཡོན་པས་མཉམ་བཞག་ལྷུང་བཟེད་བསྣམསཿམཚན་དཔེ་རབ་རྫོགས་སྤྲུལ་སྐུའི་ཆསཿཔད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགསཿཐུགས་ཀར་པདྨ་ཟླ་གདན་ལ༔ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོརཿབཟླས་པས་འཁོར་བ་དོང་སྤྲུགས་བསམ༔ ཨོཾ་ན་མོ་བྷག་ཝ་ཏེ་བྷེ་ཥཛྱཻ་སོགས་མཚན་བརྗོད་ལཿན་མོཿཀུན་ཁྱབ་ཀུན་མཁྱེན་ཀུན་ཏུ་གཟིགསཿསྡུག་བསྔལ་ནད་སེལ་སྨན་གྱི་བླཿསྐུ་དང་ཡེ་ཤེས་ཡོན་ཏན་གཏེརཿཡོངས་རྫོགས་དཔལ་ལ་འདུད་ཅིང་བསྟོདཿའདི་ལྟར་བསྒོམ་དང་བཟླས་བརྗོད་ན༔ རྣམ་མཁྱེན་ལམ་ལ་ཉེ་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རང་སློབ་འཇམ་དཔལ་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏན་ལ་ཕབ་པའོ༔ དགེའོ།།།།