TTDL-ZABTER-13-PA-001

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-001

ཆོས་ཉིད་ནམ་མཁའ་ཀློང་མཛོད་ལས༔ མགོན་པོ་ཚོགས་ཀྱི་བདག་པོའི་སྒྲུབ་པ་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡སྒྲུབ་རྟེན་རྫས་དང་མཆོད་པའི་ཚོགས༔ དངོས་སུ་འབྱོར་བ་ཡིད་ཀྱིས་སྤྲུལ༔ སྔགས་ཀྱིས་སྤེལ་ཞིང་འདོད་རྒུར་བསྒྱུར༔ ལྷར་གསལ་ཤེས་པ་རྩེ་གཅིག་ངང་༔ རང་ཉིད་ལྟ་བ་གྱད་ཀྱི་ལྷའི༔ མདུན་དུ་བསྐལ་པའི་མེ་རླུང་དབུས༔ མགོན་པོ་ནག་པོ་ཁྲོ་ཞིང་གཏུམ༔ ཙནྡན་བེང་ཆེན་ཐོད་ཁྲག་བསྣམས༔ བེར་ནག་གསོལ་ཞིང་ཐོད་སྦྲུལ་བརྒྱན༔ ཡུམ་དང་ལྷ་དམག་དུང་ཕྱུར་འཁོར༔ མཚན་ནས་བརྗོད་ཅིང་སྤྱན་དྲངས་བསྟིམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ས་མ་ཡ་ཕེཾ་ཛཿཅི་མང་བརྗོད་མཐར༔ ལས་གཞུང་ལ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ མགོན་པོ་འཁོར་བཅས་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉེས་འགལ་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ རྣམ་བཞིའི་ཕྲིན་ལས་ལྷུན་གྲུབ་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ བསྐྱེད་དང་གསལ་བའི་གནད་ལྡན་ན༔ ཟླ་བ་བཅུ་ནས་ཞལ་མཐོང་ཞིང༔ རབ་འབྱམས་ཕྲིན་ལས་འབད་མེད་འགྲུབ༔ ཁམས་གསུམ་སྲིད་ལས་རྣམ་པར་རྒྱལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་དཔལ་ཆེན་ཕྱག་ན་རྡོ་རྗེས་དངོས་སུ་གསུངས་ནས་བདུད་འཇོམས་རྡོ་རྗེས་སྦྱར་བའོ།།དགེའོ།།།།