TTDL-ZABTER-15-BA-128

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-128

དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་ཚོགས༔ ཕྱི་ཡི་སྡེ་བརྒྱད་ནང་གི་སྡེ་བརྒྱད་དང་༔ གསང་བའི་སྡེ་བརྒྱད་མཆོག་གི་སྡེ་བརྒྱད་དང་༔ སྤྲུལ་པའི་སྡེ་བརྒྱད་སྣང་སྲིད་སྡེ་བརྒྱད་སོགས༔ སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་བྲན་གཡོག་བཅས༔ འདིར་གཤེགས་གསེར་སྐྱེམས་གཏོར་མའི་མཆོད་འབུལ་བཞེས༔ མཐུན་རྐྱེན་བསམ་དོན་བསྒྲུབ་ལ་འགལ་རྐྱེན་བཟློག༔ རབ་འབྱམས་ཕྲིན་ལས་མ་ལུས་ཡོངས་གྲུབ་མཛོད༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ ཞེས་པའང་བདུད་འཇོམས་པས་སོ༔