TTDL-ZABTER-16-MA-020

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-16-MA-020

༠༠༠༠༠བརྡ་ཡིག༦༩ཨེ་མ་ཧོ༔ ཆོས་ཉིད་རྣམ་པར་དག་པའི་མཁའ་དབྱིངས་སུ༔ ཀུན་བཟང་ཐུགས་ཀྱི་ཀློང་ཆེན་ཟབ་རྒྱའི་ཆོས༔ ཐབས་ཤེས་དུ་མའི་སྒོ་རུ་ཤར་བ་ཡི༔ སྐུ་གསུམ་སྒྱུ་འཕྲུལ་དཀོན་མཆོག་རིན་པོ་ཆེ༔ ཁྱབ་བདག་འཁོར་ལོའི་མགོན་པོ་བླ་མ་མཁྱེན༔ འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངས༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་སྩོལ༔ ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ༔ ལས་རྐྱེན་ངན་པའི་དབང་དུ་མི་འགྲོ་ཞིང་༔ སྒོ་གསུམ་དམ་པའི་ཆོས་སུ་འགྱུར་བར་ཤོག༔ ནམ་ཞིག་ཚེ་ཡི་འདུ་བྱེད་བསྟུང་བའི་ཚེ༔ འཆི་བ་དང་པོ་འོད་གསལ་ཆོས་སྐུ་ཡི༔ ངོ་ཤེས་གདིང་ཐོབ་བརྟན་པ་རབ་ཐོབ་ནས༔ འཁོར་འདས་མཉམ་གྲོལ་མཉམ་ཉིད་ཀ་དག་ཏུ༔ ཀུན་ཏུ་བཟང་པོ་ཉིད་དུ་སངས་རྒྱས་ཤོག༔ ཐུགས་རྗེའི་འོད་ཟེར་ཆུ་ཟླའི་རོལ་གར་གྱིས༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག༔ ཅེས་སློབ་བུ་རིག་གྲོལ་དང་ཆོས་བརྟན་གཉིས་ཀྱིས་བསྐུལ་ངོར་བདུད་འཇོམས་པས་སྨྲས་པའོ།།