TTDL-ZABTER-08-NYA-058
TTDL-ZABTER-08-NYA-058
བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གནོད་སྦྱིན་ཡུམ་གྱི་སྲོག་འཁོར་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༥༠༣༔ པདྨའི་བརྒྱུད་འཛིན་སྐྱེས་མཆོག་གིས༔ མི་སྲུན་སྲོག་བདག་སྒྲུབ་པའི་ཚེ༔ ཡབ་འཁོར་ལ་བསྡེབ་ཡུམ་འཁོར་ནི༔ ཤོག་དཀར་དྲི་མ་མེད་པ་ལ༔ མུ་ཁྱུད་རིམ་པ་བཞི་བསྐོར་བའི༔ དབུས་སུ་ཡུམ་གྱི་སྐུ་གཟུགས་བྲིས༔ ཐུགས་ཀར་བྷྱོཿཡི་ཡི་གེ་དགོད༔ མཐའ་མར་སྔགས་མགོ་ཕྱིར་བསྟན་ཏེ༔ བྷྱོ་མ་མོ་རཀྨོ་ཀྲོ་ཏ་གྷྲཾ་བྷྱོ༔ ཤཾ་ར་བྷྱོ༔ མ་མོ་གསོད་བྱེད་ཆེན་མོའི་བླ་གནས་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ བཛྲ་ས་མ་ཡ༔ ཞེས་བྲིས༔ དེ་ཡི་ཕྱི་རིམ་པདྨ་འདབ་བཞི་ལ༔ མ་བྷྱོ༔ ཞེས་བྲིས༔ མཚམས་བཞིར༔ ཛ་ཧྲཱིཿཞེས་བྲིས༔ དེའི་ཕྱི་རིམ་ནོར་བུ་དམར་པོ་བརྒྱད་བྲིས༔ དེའི་ཕྱི་རིམ་མུ་ཁྱུད་ལ་མིག་བརྒྱད་བྲི༔ མཐར་ཕྱོགས་བཞིར་ལྕགས་ཀྱུ་དང་༔ མཚམས་བཞིར་ཞགས་པ་རེ་བྲིས༔ བར་མཚམས་སུ་མེ་རིས་བསྐོར་རོ༔ ཡབ་ཡུམ་ཁ་སྦྱོར་དུ་བསྡེབ་པའི་མཚམས་སུ་རྩ་སྔགས་ལ་ལས་བཞིའི་ཤམ་བུ་བཏགས་ལ་བཞག༔ ཡབ་ཀྱི་སྲོག་རྟེན་ཕ་བོང་ལོང་བུ་དང་ཙན་དན་དཀར་པོའི་ཕུར་པ༔ ཡུམ་གྱི་སྲོག་རྟེན་བྱུ་རུ་དང་ཙན་དན་དམར་པོའི་ཕུར་པ་རྣམས་དར་སྣས་དྲིལ་ཏེ་གཞུག༔ བཟང་པོ་དྲུག་སྦྱོར་སྨན་གྱིས་ནན་དུ་བྱུག༔ རབ་གནས་བྱ་ཞིང་འབྲལ་མེད་རྟེན་དུ་འཆང་༔ དེས་ནི་སྙིང་ཉེ་ཕྲིན་ལས་ཐོགས་མེད་འགྲུབ༔ བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཚོགས་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཚམས་སྤྲུལ་རིན་པོ་ཆེ་ཀུན་བཟང་བདེ་ཆེན་རྡོ་རྗེའི་བཀས་བསྐུལ་ངོར་གཏན་ལ་དབབ་པའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།