TTDL-ZABTER-06-CHA-035

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-06-CHA-035

བཀའ་བརྒྱད་འབྱུང་པོ་འདུལ་བྱེད་ཕྱོགས་བཞི་སྐུ་ཡི་དཀྱིལ་འཁོར་རྒྱབ་སྤྲོད་དུ་ཡོད་པ༔ རེ་རེ་བཞིན་དབུ་སྟོང་ཕྱག་སྟོང་ཞབས་སྟོང་ཀུན་ཀྱང་དམོད་པའི་ཕྱག་རྒྱ་མཛད་པ༔ བ་སྤུ་ཐམས་ཅད་གནམ་ལྕགས་ཀྱི་རྡོ་རྗེ་རྭ་གདེངས་པ༔ ར་རྩེ་ལས་དྲི་ངན་ཐུན་མཚོན་མེ་དཔུང་གི་ཚོགས་འཕྲོས་པས༔ མཐའ་དམག་ཀླ་ཀློའི་རིགས་སྔགས་དང་ནུས་པ་བཅོམ་པ༔ ཞབས་སྟོང་བརྡབ་པས་སྲིད་གསུམ་རྨིང་ནས་བཤིག་པར་བྱེད་པ༔ སྤྱན་གཡོ་ཞིང་འཁྲུགས་པས་རྡོ་རྗེའི་ཚྭ་ཚྭ་འཕྲོ་བས་སྣང་མུན་གྱི་སྐབས་བྱེད་པ༔ རེ་རེའི་མདུན་དུ་ཡུམ་གནམ་ཞལ་མ་ཡང་དབུ་དང་ཕྱག་ཞབས་ལྔ་བརྒྱའི་ཚུལ་དུ་ཡོད་པ༔ ནུ་མ་ལས་ཁྲག་ཆར་བབ་པས་ཀླ་ཀློའི་ཡུལ་ཁམས་ཕུང་ཞིང་བཤིག་པ༔ བྷ་ག་ནས་དུག་རླངས་སྔོ་དམར་དུ་འཐིབ་པས་ཀླ་ཀློའི་ཡུལ་ཁམས་མུན་པར་བསྒྱུར་བ་དམོད་པའི་ཕྱག་རྒྱ་ཅན་ནོ༔ དབུ་ཁྲིད་བརྡ་ཡིག༔ ༥༩༡དཀར་ཆག་སྣང་བྱེད་སྒྲོན་མེ་སོགས་བཀའ་བརྒྱད་འབྱུང་འདུལ་གྱི་བརྡ་༠༠༠༠༠༠༠༠༠༠༠༠༠༠༠༠བརྡ་ཡིག༔