TTDL-ZABTER-14-PHA-035
TTDL-ZABTER-14-PHA-035
བརྡ་ཡིག་༠༠༠༠༠༠༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཐུགས་མཆོག་ཕྱག་ན་རྡོ་རྗེའི་སྒོ་ནས་ཀླུ་བཙན་གཟའ་གསུམ་གྱི་དུག་དབྱུང་དག་བྱེད་བུམ་པའི་ཆུ་རྒྱུན་བཞུགས༔ བརྡ་ཡིག་༠༠༠༠༠༠༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༢༩༠༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་དབང་ཕྱུག་ཧེ་རུ་ཀ༔ གསང་བདག་བཛྲ་པཱ་ཎི་ལ༔ རྣམ་པ་ཀུན་ནས་ཕྱག་བགྱིའོ༔ དུས་ངན་སྙིགས་མ་ལྔ་བརྒྱའི་དུས༔ སེམས་ཅན་དུག་ལྔ་འཇོལ་ཉོག་ཏུ༔ སྤྱོད་པའི་ལས་དང་རྐྱེན་དབང་གིས༔ མི་འདོད་སྡུག་བསྔལ་ཟུག་རྔུ་འབྱུང་༔ དེ་བཟློག་སྟོབས་ལྡན་དྲེགས་པ་རྗེ༔ གསང་བདག་ཕྱག་ན་རྡོ་རྗེ་ལ༔ བརྟེན་ནས་གཟའ་ཀླུ་བདུད་བཙན་གྱི༔ དུག་དབྱུང་བྱབ་པའི་ཆོ་ག་འདི༔ བདག་ཉིད་རྡོ་རྗེ་ཐོད་ཕྲེང་གིས༔ ལས་ཅན་དག་གི་སྤྱོད་ཡུལ་དུ༔ བཞག་པའི་ནོར་བུ་རིན་ཆེན་འདིར༔ བསྙེན་བཀུར་ཞབས་ཏོག་སྒྲུབ་པར་མཛོད༔ རྒྱལ་དང་རྒྱལ་སྲས་རྣམས་ཀྱི་ལམ༔ རྨད་བྱུང་ཐུགས་བསྐྱེད་མཐའ་ཡས་པ༔ བྱང་ཆུབ་སེམས་ཀྱི་ཀུན་སློང་གི༔ ངལ་བ་ཁྱད་དུ་བསད་བྱས་ནས༔ འགྲོ་བའི་དོན་ལ་བརྩོན་པར་མཛོད༔ ས་མ་ཡ༔ དང་པོ་ལས་བུམ་བསྒྲུབ་པ་ནི༔ རྫས་ལ་བཟང་དྲུག་དྲི་སྨན་དང་༔ གླ་རྩི་སྤང་སྤོས་གུར་གུམ་བཅས༔ ཞིབ་བཏགས་ཆུ་གཙང་དག་དང་བསྲེས༔ མཚན་ལྡན་བུམ་པའི་སྣོད་དུ་བསྐྱིལ༔ ཡུལ་གསུམ་ཡེ་ཤེས་གསུམ་ལྡན་གྱི༔ ལྟ་བའི་ངར་དང་ལྡན་པའི་ངང་༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ ལས་ཀྱི་བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལྷ་རྫས་ལས་གྲུབ་པའི་བུམ་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བྱས་པ་ཁ་གཡེལ་ཞིང་ལྟོ་བ་ལྡིར་བ༔ ཞབས་ཞུམ་པ༔ མཆུ་འཕྱང་བ༔ པཉྩ་ལི་ཀའི་མགུལ་ཆིངས་བྱས་པ༔ རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་ཀློང་དུ་གེ་སར་འདབ་སྟོང་རྒྱས་པའི་ལྟེ་བར་ཨཱཿལས་ཟླ་བའི་གདན་ལ་ཨེཿབཾཿལཾཿརཾཿཡཾཿརྣམས་ཡོངས་སུ་གྱུར་པ་ལས༔ འབྱུང་བའི་ལྷ་མོ་དབུས་སུ་ཐུགས་མཆོག་ནམ་མཁའ་དབྱིངས་ཕྱུག་མ་མཐིང་གསལ༔ ཤར་དུ་ལས་བྱེད་མ་མཱ་ཀི་དཀར་མོ༔ ལྷོ་རུ་ཡོན་ཏན་སངས་རྒྱས་སྤྱན་མ་སེར་གསལ༔ ནུབ་ཏུ་གསུང་མཆོག་གོས་དཀར་མོ་དམར་མོ༔ བྱང་དུ་ཕྲིན་ལས་དམ་ཚིག་སྒྲོལ་མ་ལྗང་གསལ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ་ཞལ་ཞི་ཞིང་འཛུམ་པ༔ དབུ་སྐྲ་ཆུན་འཕྱང་རིན་པོ་ཆེའི་རྩེ་བྲན་བྱས་ཤིང་ཟར་བུ་ཐུར་དུ་བཀྲོལ་བ༔ ཕྱག་གཡས་བུམ་པ་དང་གཡོན་པར་རྨ་བྱའི་མདོངས་འོད་གསལ་བ་འཛིན་ཅིང་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པ༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་པའི་གནས་གསུམ་ནས་འོད་འཕྲོས༔ དབྱིངས་ནས་ཡེ་ཤེས་པ་སྤྱན་དྲངས་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ བཛྲ་ས་མ་ཡ་ཛཿཏིཥྛ་ལྷན༔ ཨ་ཏི་པཱུ་ཧོཿཔྲ་ཏཱིཙྪ་ཧོཿཨརྒྷཾ་པདྱཾ་སོགས་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ ཁམས་ལྔ་གནས་དག་ཡེ་ཤེས་ལྔ་ཡི་བདག༔ འབྱུང་ལྔར་དབང་བསྒྱུར་རིགས་ལྔའི་དགྱེས་བསྐྱེད་མ༔ དབྱིངས་ཕྱུག་མཱ་ཀི་གོས་དཀར་དམ་ཚིག་སྒྲོལ༔ ཕྲིན་ལས་རོལ་པའི་མཁའ་འགྲོའི་ཀློང་ལ་བསྟོད༔ དེ་ནས་འཛབ་དམིགས་ནི༔ རང་གི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་བརྒྱུད་དེ་བུམ་ལྷའི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ་དོན་གཉིས་བྱས༔ ཚུར་འདུས་བུམ་པའི་ཆུ་ལ་ཐིམ་པས་དག་བྱེད་ཀྱི་ནུས་པ་དང་ལྡན་པར་གྱུར༔ ཨེ་བཾ་ལཾ་རཾ་ཡཾ་སརྦ་ཌཱ་ཀི་ནཱི་ལས་ཉོན་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྒྱ་རྩ་བརྗོད༔ མཆོད་བསྟོད་བྱས་མཐར༔ ཡེ་ཤེས་པ་གཤེགས༔ དམ་ཚིག་པ་ཆུར་ཞུ་བས་དག་བྱེད་ཀྱི་ཆུ་ནུས་པ་དང་ལྡན་པར་གྱུར༔ དེ་ནས་བུམ་པ་ཐོགས་ལ༔ རང་ཉིད་གསང་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་བསྲུང་བྱའི་ལུས་ངག་ཡིད་གསུམ་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་བག་ཆགས་ངན་པ་དང་མི་གཙང་བའི་འབག་རྩོག་ཐམས་ཅད་ཁྲུས་ཆུས་བཀྲུས་འོད་ཟེར་གྱིས་སྦྱངས་ཤིང་གསལ་བར་གྱུར༔ ཧཱུྃ་ཧྲཱིཿདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་དགྱེས་པ་བསྐྱེད་པའི་ཡུམ༔ ནམ་མཁའི་ལྷ་མོ་དབྱིངས་ཕྱུག་མས༔ བསྲུང་བྱའི་ལུས་ངག་ཡིད་གསུམ་གྱི༔ ནད་གདོན་བར་ཆད་རྐྱེན་གེགས་བདུད༔ གྲིབ་དང་མི་གཙང་དམ་གྲིབ་དུག༔ རྒྱལ་བའི་ཐུགས་ཀྱི་རང་བཞིན་ཆུས༔ ཆོས་ཉིད་ཀློང་དུ་བཀྲུ་བར་མཛོད༔ ཆོས་དབྱིངས་ཡེ་ཤེས་གསལ་གྱུར་ཅིག༔ ཨོཾ་བུདྡྷ་ཌཱ་ཀི་ནཱི་བསྲུང་བྱའི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཞི་ཞིང་དག་པར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་ཧྲཱིཿདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་དགྱེས་པ་བསྐྱེད་པའི་ཡུམ༔ ཆུ་ཡི་ལྷ་མོ་མ་མཱ་ཀི༔ བསྲུང་བྱའི་ལུས་ངག་ཡིད་གསུམ་གྱི༔ ནད་གདོན་བར་ཆད་རྐྱེན་གེགས་བདུད༔ གྲིབ་དང་མི་གཙང་དམ་གྲིབ་དུག༔ རྒྱལ་བའི་སྐུ་ཡི་རང་བཞིན་ཆུས༔ ཆོས་ཉིད་ཀློང་དུ་བཀྲུ་བར་མཛོད༔ མེ་ལོང་ཡེ་ཤེས་གསལ་གྱུར་ཅིག༔ བཾ་བཛྲ་ཌཱ་ཀི་ནཱི་བསྲུང་བྱའི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཞི་ཞིང་དག་པར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་ཧྲཱིཿདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡོན་ཏན་དགྱེས་པ་བསྐྱེད་པའི་ཡུམ༔ ས་ཡི་ལྷ་མོ་སངས་རྒྱས་སྤྱན༔ བསྲུང་བྱའི་ལུས་ངག༴ནད་གདོན་བར་ཆད༴གྲིབ་དང་མི་གཙང་༴རྒྱལ་བའི་ཡོན་ཏན༴ཆོས་ཉིད་ཀློང་དུ༴མཉམ་ཉིད་ཡེ་ཤེས་གསལ་གྱུར་ཅིག༔ ལཾ་རཏྣ་ཌཱ་ཀི་ནཱི་བསྲུང་བྱའི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཞི་ཞིང་དག་པར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་ཧྲཱིཿདུས་གསུམ་སངས་རྒྱས༴གསུང་གི་དགྱེས་པ༴མེ་ཡི་ལྷ་མོ་གོས་དཀར་མོ༔ བསྲུང་བྱའི་ལུས་ངག༴ནད་གདོན་བར་ཆད༴གྲིབ་དང་མི་གཙང་༴རྒྱལ་བའི་གསུང་གི༴ཆོས་ཉིད་ཀློང་དུ༴སོར་རྟོག་ཡེ་ཤེས་གསལ་གྱུར་ཅིག༔ རཾ་པདྨ་ཌཱ་ཀི་ནཱི་བསྲུང་བྱའི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཞི་ཞིང་དག་པར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་ཧྲཱིཿདུས་གསུམ་སངས་རྒྱས༴ཕྲིན་ལས་དགྱེས་པ༴རླུང་གི་ལྷ་མོ་དམ་ཚིག་སྒྲོལ༔ བསྲུང་བྱའི་ལུས་ངག༴ནད་གདོན་བར་ཆད༴གྲིབ་དང་མི་གཙང་༴རྒྱལ་བའི་ཕྲིན་ལས༴ཆོས་ཉིད་ཀློང་དུ༴བྱ་གྲུབ་ཡེ་ཤེས་གསལ་གྱུར་ཅིག༔ ཡཾ་ཀརྨ་ཌཱ་ཀི་ནཱི་བསྲུང་བྱའི་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཞི་ཞིང་དག་པར་གྱུར་ཅིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་བྱབ་པ་ནི༔ ཧཱུྃ༔ རང་བཞིན་གདོད་ནས་རྣམ་དག་ཀྱང་༔ གློ་བུར་དྲི་མའི་རྒྱུ་རྐྱེན་གྱིས༔ བག་ཆགས་འཁོར་བའི་སྒྲིབ་བག་ཀུན༔ རྒྱལ་བའི་ཐུགས་རྗེའི་བྱིན་རླབས་དཔལ༔ ཡེ་ཤེས་ལྔ་ཡི་ངོ་བོ་རུ༔ ཡོངས་ཤར་རྟེན་འབྲེལ་རྨ་བྱའི་མདངས༔ འོད་ཟེར་ལྔ་ཡིས་བྱབ་པ་ཡིས༔ དྲི་མེད་མཁའ་ལྟར་དག་གྱུར་ཅིག༔ ཤེལ་སྒོང་ཅི་བཞིན་གསལ་གྱུར་ཅིག༔ ཡི་གེ་བརྒྱ་པ་དང་༔ མི་འཁྲུགས་པའི་གཟུངས་ཀྱི་མཐར༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ཨེ་བཾ་ལཾ་རཾ་ཡཾ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བསྲུང་བྱའི་འདུ་བ་རྣམ་བཞིའི་ནད་ཐམས་ཅད་བྱབ་ཨ་པ་ན་ཡེ་སྭཱ་ཧཱ༔ ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད་བྱབ་ཨ་པ་ན་ཡེ་སྭཱ་ཧཱ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད༴ཕ་རོལ་བའི་མི་ཁ་ཐམས་ཅད༴རྨི་ལམ་ངན་པ་ཐམས་ཅད༴ལྟས་ངན་པ་ཐམས་ཅད༴གཟའ་དང་དྲང་སྲོང་གི་གནོད་པ་ཐམས་ཅད༴རྒྱལ་འགོང་དམ་སྲིའི་གནོད་པ་ཐམས་ཅད༴དགེ་བསྙེན་ཐེའུ་རང་གི་གནོད་པ་ཐམས་ཅད༴ས་བདག་ཀླུ་གཉན་གྱི་གནོད་པ་ཐམས་ཅད༴ལེགས་སུ་མི་དགའ་བ་ཉེས་སུ་དགའ་བའི་གནོད་པ་ཐམས་ཅད༴དེ་ནས་ཡུངས་ཀར་བྲབ་པ་ནི༔ ཧཱུྃ༔ ང་ནི་དུས་གསུམ་སངས་རྒྱས་ཀྱི༔ ཐུགས་ཀྱི་རང་གདངས་ཁྲོ་བོའི་རྒྱལ༔ གསང་བདག་ཕྱག་ན་རྡོ་རྗེ་སྟེ༔ ཡུངས་ཀར་ཤ་རི་ར་ནི་ཐུན༔ ཁྱོད་ཀྱི་ལུས་གདོན་ལ་བྲབ་པས༔ ནད་གདོན་བར་ཆད་རྐྱེན་བགེགས་དང་༔ མདོར་ན་ལུས་ངག་ཡིད་གསུམ་ལ༔ ཉེས་རྐྱེན་ལོག་འདྲེན་ཐམས་ཅད་ཀུན༔ བསྐྲད་རྨོངས་དབྱེ་ལས་བྱས་གྱུར་ནས༔ སྤྲིན་མེད་ཉི་ཤར་ལྟར་གསལ་ཤོག༔ རྩ་སྔགས་མཐར༔ ཨོཾ་ཕུ་ལེ་ཕུ་ལེ་ཕུད་སྭཱ་ཧཱ༔ ཧ་ལ་ཧ་ལ་ཕུད་ཕུད་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་གླུད་གཏོར་བྱིན་བརླབས་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ གླུད་གཏོར་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་འདོད་རྒུའི་འབྱུང་གནས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་སོགས་སཾ་བྷ་ར་ཧཱུྃ༔ དེ་བཞིན་གཤེགས་པ་བཞིའི་མཚན་ཀྱང་བརྗོད༔ ཀྱཻ༔ ངར་འཛིན་འཁྲུལ་པ་ལས་བྱུང་བའི༔ གློ་བུར་ལྷགས་པའི་ལན་ཆགས་དང་༔ གྲིབ་བདག་གནོད་བྱེད་ཕོ་མོ་རྣམས༔ འདོད་ཡོན་གླུད་གཏོར་འདི་བཞེས་ཏེ༔ རྒྱུ་སྦྱོར་མི་ནོར་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་སེམས་སྤོངས་ཤིག༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོག༔ དགའ་མགུ་ཡི་རང་ཚིམ་གྱུར་ཅིག༔ དེ་ནས་བསྐུལ་བ་ནི༔ ཧཱུྃ༔ རང་བཞིན་འབར་བའི་གཞལ་ཡས་ནས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་ཀྱི་བདག་ཉིད་རྡོ་རྗེ་འཆང་༔ འདིར་བྱོན་རྣལ་འབྱོར་གྲོགས་མཛོད་ཅིག༔ ཤར་གྱི་ཁྲོ་རྒྱལ་རྣམ་པར་རྒྱལ༔ སྙིང་རྗེ་ཚད་མེད་ཀློང་ནས་བཞེངས༔ ཐུགས་རྗེའི་དབང་གིས་འདིར་གཤེགས་ཤིག༔ བདུད་རྩི་ཕུད་གཏོར་རཀྟ་བཞེས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ ཞེ་སྡང་ལས་བྱུང་གདོན་བགེགས་སྲུངས༔ བྱད་བཀྲོལ་དུག་རྣམས་ཕྱིར་ཕྱུངས་ཤིག༔ ནད་དང་རྐྱེན་གེགས་མཐའ་དག་ཐུལ༔ ཞི་བའི་ཕྲིན་ལས་གྲུབ་པར་མཛོད༔ མེ་ལོང་ཡེ་ཤེས་དངོས་གྲུབ་སྩོལ༔ དེ་ནས་དུག་བྱུང་ནི༔ ཀྱཻ༔ རྒྱ་མཚོ་ཆེ་ལ་དབང་བསྒྱུར་ཞིང་༔ དཀར་ཕྱོགས་སྐྱོང་བ་ཀླུ་ཡི་རྗེ༔ རྗེ་རིགས་རྒྱལ་པོ་འཁོར་དང་བཅས༔ གནོད་སྦྱིན་ཕུར་བུ་ཤིང་གཟའ་དང་༔ དམུ་བདུད་བཙན་གྱི་རིགས་རྣམས་ཀུན༔ དུག་གྲིབ་གནོད་སྦྱོར་ལས་བྱུང་བའི༔ གདུག་རྩུབ་མཐོང་ཐོས་ཁ་རླངས་དུག༔ རེག་པའི་དུག་དང་བཅས་པ་ཀུན༔ ད་ལྟ་ཉིད་དུ་ཕྱིར་ཕྱུངས་ཤིག༔ གལ་ཏེ་གནོད་ཅིང་འཁུ་བ་ན༔ བདག་ཉིད་བཛྲ་པཱ་ཎི་ཡི༔ ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས༔ རྨོངས་བསྐྲད་དྲག་པོའི་ལས་རྣམས་བྱེད༔ དེ་བས་གསང་བདག་བཀའ་མ་བཅག༔ མཛེ་སྐྲན་ཕོལ་མིག་གཉན་ལྷོག་སོགས༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ སྟེང་གདོན་ལྷ་དང་འོག་གདོན་ཀླུ༔ གཟའ་གཉན་དམུ་བཙན་མ་མོ་བདུད༔ གནོད་སྦྱིན་ཡུད་མིད་རྒྱལ་པོ་དང་༔ འགོང་པོ་ཐེའུ་རང་སྲིན་པོ་ཡམས༔ འབྱུང་པོ་དམ་སྲི་གཤིན་རྗེ་དང་༔ རྗེ་རིགས་དམངས་རིགས་བྲམ་ཟེའི་རིགས༔ གདོལ་པ་དགའ་བོ་འཇོག་པོ་དང་༔ ཉེར་དགའ་མཐའ་ཡས་པདྨའི་གདུང་༔ དུང་སྐྱོང་ནོར་རྒྱས་རིགས་ལྡན་པ༔ ཝ་རུ་ཎ་སེ་ལ་སོགས་པའི༔ འབྱུང་བ་ས་ཤིང་ཆུ་མེ་རླུང་༔ ལྕགས་དང་ནམ་མཁའི་དུག་རྣམས་ཀུན༔ རང་རང་སོ་སོའི་དབྱིངས་སུ་བསྡུས༔ རྐྱེན་ངན་བར་ཆད་བྱང་གྱུར་ཅིག༔ དེ་ནས་བུམ་ཁྲུས་ནི༔ ཧཱུྃ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ དྲི་མེད་བུམ་པའི་གཞལ་ཡས་ཁང་༔ ནང་ན་གསང་བདག་ལྷ་ཚོགས་བཞུགས༔ དག་བྱེད་བདུད་རྩིའི་ཆུ་རྒྱུན་གྱིས༔ བསྲུང་བྱ་རྣམས་ལ་ཁྲུས་བགྱིས་པས༔ ཞེ་སྡང་ལས་ལས་བྱུང་བ་ཡི༔ ལུས་ངག་ཡིད་ཀྱི་ནད་གདོན་དུག༔ གྲིབ་དང་འབག་རྩོག་ཐམས་ཅད་ཀུན༔ བཀྲུའོ་བྱབ་བོ་དག་གྱུར་ཅིག༔ རྩ་སྔགས་མཐར༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ཨེ་བཾ་ལཾ་རཾ་ཡཾ་ཤུདྡྷེ་ཤུདྡྷེ་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཀུ་རུ་ཡེ་སྭཱ་ཧཱ༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་ཕྱུང་ཕྱུང་༔ ཨོཾ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ༔ འབྱུང་བ་ཆུ་དང་ཤིང་གི་དུག་ཐམས་ཅད་རང་གནས་སུ་བསྡུས་ཤིག༔ ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་པའི་ལུས་ཕྱི་ནང་གི་གདོན་དང་དུག་ཐམས་ཅད་དུད་ཁུའི་རྣམ་པར་རྐང་མཐིལ་ནས་བྱུང་སྟེ་ངར་གླུད་ལ་ཐིམ་པར་གྱུར༔ དེ་ནས་བསྐུལ་བ་ནི༔ ཧཱུྃ༔ རང་བཞིན་འབར་བའི་གཞལ་ཡས་ནས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་ཀྱི་བདག་ཉིད་རྡོ་རྗེ་འཆང་༔ འདིར་བྱོན་རྣལ་འབྱོར་གྲོགས་མཛོད་ཅིག༔ ལྷོ་ཡི་ཁྲོ་རྒྱལ་གཤིན་རྗེ་གཤེད༔ བྱམས་པ་ཚད་མེད་ཀློང་ནས་བཞེངས༔ ཐུགས་རྗེའི་དབང་གིས་འདིར་གཤེགས་ཤིག༔ བདུད་རྩི་ཕུད་གཏོར་རཀྟ་བཞེས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ ང་རྒྱལ་ལས་བྱུང་གདོན་བགེགས་སྲུངས༔ བྱད་བཀྲོལ་དུག་རྣམས་ཕྱིར་ཕྱུངས་ཤིག༔ ནད་དང་རྐྱེན་གེགས་མཐའ་དག་ཐུལ༔ རྒྱས་པའི་ཕྲིན་ལས་གྲུབ་པར་མཛོད༔ མཉམ་ཉིད་ཡེ་ཤེས་དངོས་གྲུབ་སྩོལ༔ དེ་ནས་དུག་བྱུང་ནི༔ ཀྱཻ༔ རྒྱ་མཚོ་ཆེ་ལ་དབང་བསྒྱུར་ཞིང་༔ དཀར་ནག་གཉིས་སྐྱོང་ཀླུ་ཡི་རྗེ༔ དམངས་རིགས་རྒྱལ་པོ་ཆེན་པོ་དང་༔ ཉི་མ་མིག་དམར་མེ་གཟའ་དང་༔ དམུ་བདུད་བཙན་གྱི་རིགས་རྣམས་ཀུན༔ དུག་གྲིབ་གནོད་སྦྱོར་ལས་བྱུང་བའི༔ གདུག་རྩུབ་མཐོང་ཐོས་ཁ་རླངས་དུག༔ རེག་པའི་དུག་དང་བཅས་པ་ཀུན༔ ད་ལྟ་ཉིད་དུ་ཕྱིར་ཕྱུངས་ཤིག༔ གལ་ཏེ་གནོད་ཅིང་འཁུ་བ་ན༔ བདག་ཉིད་བཛྲ་པཱ་ཎི་ཡི༔ ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས༔ རྨོངས་བསྐྲད་དྲག་པོའི་ལས་རྣམས་བྱེད༔ དེ་བས་གསང་བདག་བཀའ་མ་བཅག༔ མཛེ་སྐྲན་ཕོལ་མིག་གཉན་ལྷོག་སོགས༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ སྟེང་གདོན་ལྷ་དང་འོག་གདོན་ཀླུ༔ གཟའ་གཉན་དམུ་བཙན་མ་མོ་བདུད༔ གནོད་སྦྱིན་ཡུད་མིད་རྒྱལ་པོ་དང་༔ འགོང་པོ་ཐེའུ་རང་སྲིན་པོ་ཡམས༔ འབྱུང་པོ་དམ་སྲི་གཤིན་རྗེ་དང་༔ རྗེ་རིགས་དམངས་རིགས་བྲམ་ཟེའི་རིགས༔ གདོལ་པ་དགའ་བོ་འཇོག་པོ་དང་༔ ཉེར་དགའ་མཐའ་ཡས་པདྨའི་གདུང་༔ དུང་སྐྱོང་ནོར་རྒྱས་རིགས་ལྡན་པ༔ ཝ་རུ་ཎ་སེ་ལ་སོགས་པའི༔ འབྱུང་བ་ས་ཤིང་ཆུ་མེ་རླུང་༔ ལྕགས་དང་ནམ་མཁའི་དུག་རྣམས་ཀུན༔ རང་རང་སོ་སོའི་དབྱིངས་སུ་བསྡུས༔ རྐྱེན་ངན་བར་ཆད་བྱང་གྱུར་ཅིག༔ དེ་ནས་བུམ་ཁྲུས་ནི༔ ཧཱུྃ༔ དྲི་མེད་བུམ་པའི་གཞལ་ཡས་ཁང་༔ ནང་ན་གསང་བདག་ལྷ་ཚོགས་བཞུགས༔ དག་བྱེད་བདུད་རྩིའི་ཆུ་རྒྱུན་གྱིས༔ བསྲུང་བྱ་རྣམས་ལ་ཁྲུས་བགྱིས་པས༔ ང་རྒྱལ་ལས་ལས་བྱུང་བ་ཡི༔ ལུས་ངག་ཡིད་ཀྱི་ནད་གདོན་དུག༔ གྲིབ་དང་འབག་རྩོག་ཐམས་ཅད་ཀུན༔ བཀྲུའོ་བྱབ་བོ་དག་གྱུར་ཅིག༔ རྩ་སྔགས་མཐར༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ཨེ་བཾ་ལཾ་རཾ་ཡཾ་ཤུདྡྷེ་ཤུདྡྷེ་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཀུ་རུ་ཡེ་སྭཱ་ཧཱ༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་ཕྱུང་ཕྱུང་༔ ཨོཾ་བཛྲ་སུ་སུ་ཏ་ཡེ་སྭཱ་ཧཱ༔ འབྱུང་བ་ས་ཡི་དུག་ཐམས་ཅད་རང་གནས་སུ་བསྡུས་ཤིག་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་པའི་ལུས་ཕྱི་ནང་གི་གདོན་དང་དུག་ཐམས་ཅད་དུད་ཁུའི་རྣམ་པར་རྐང་མཐིལ་ནས་བྱུང་སྟེ་ངར་གླུད་ལ་ཐིམ་པར་གྱུར༔ དེ་ནས་བསྐུལ་བ་ནི༔ ཧཱུྃ༔ རང་བཞིན་འབར་བའི་གཞལ་ཡས་ནས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་ཀྱི་བདག་ཉིད་རྡོ་རྗེ་འཆང་༔ འདིར་བྱོན་རྣལ་འབྱོར་གྲོགས་མཛོད་ཅིག༔ ནུབ་ཀྱི་ཁྲོ་རྒྱལ་རྟ་མགྲིན་རྒྱལ༔ དགའ་བ་ཚད་མེད་ཀློང་ནས་བཞེངས༔ ཐུགས་རྗེའི་དབང་གིས་འདིར་གཤེགས་ཤིག༔ བདུད་རྩི་ཕུད་གཏོར་རཀྟ་བཞེས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ འདོད་ཆགས་ལས་བྱུང་གདོན་བགེགས་སྲུངས༔ བྱད་བཀྲོལ་དུག་རྣམས་ཕྱིར་ཕྱུངས་ཤིག༔ ནད་དང་རྐྱེན་གེགས་མཐའ་དག་ཐུལ༔ དབང་གི་ཕྲིན་ལས་གྲུབ་པར་མཛོད༔ སོར་རྟོག་ཡེ་ཤེས་དངོས་གྲུབ་སྩོལ༔ དེ་ནས་དུག་བྱུང་ནི༔ ཀྱཻ༔ རྒྱ་མཚོ་ཆེ་ལ་དབང་བསྒྱུར་ཞིང་༔ དཀར་ཕྱོགས་སྐྱོང་བ་ཀླུ་ཡི་རྗེ༔ བྲམ་ཟེ་རྒྱལ་པོ་ཆེན་པོ་དང་༔ གནོད་སྦྱིན་ཝ་སངས་ལྕགས་གཟའ་དང་༔ དམུ་བདུད་བཙན་གྱི་རིགས་རྣམས་ཀུན༔ དུག་གྲིབ་གནོད་སྦྱོར་ལས་བྱུང་བའི༔ གདུག་རྩུབ་མཐོང་ཐོས་ཁ་རླངས་དུག༔ རེག་པའི་དུག་དང་བཅས་པ་ཀུན༔ ད་ལྟ་ཉིད་དུ་ཕྱིར་ཕྱུངས་ཤིག༔ གལ་ཏེ་གནོད་ཅིང་འཁུ་བ་ན༔ བདག་ཉིད་བཛྲ་པཱ་ཎི་ཡི༔ ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས༔ རྨོངས་བསྐྲད་དྲག་པོའི་ལས་རྣམས་བྱེད༔ དེ་བས་གསང་བདག་བཀའ་མ་བཅག༔ མཛེ་སྐྲན་ཕོལ་མིག་གཉན་ལྷོག་སོགས༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ སྟེང་གདོན་ལྷ་དང་འོག་གདོན་ཀླུ༔ གཟའ་གཉན་དམུ་བཙན་མ་མོ་བདུད༔ གནོད་སྦྱིན་ཡུད་མིད་རྒྱལ་པོ་དང་༔ འགོང་པོ་ཐེའུ་རང་སྲིན་པོ་ཡམས༔ འབྱུང་པོ་དམ་སྲི་གཤིན་རྗེ་དང་༔ རྗེ་རིགས་དམངས་རིགས་བྲམ་ཟེའི་རིགས༔ གདོལ་པ་དགའ་བོ་འཇོག་པོ་དང་༔ ཉེར་དགའ་མཐའ་ཡས་པདྨའི་གདུང་༔ དུང་སྐྱོང་ནོར་རྒྱས་རིགས་ལྡན་པ༔ ཝ་རུ་ཎ་སེ་ལ་སོགས་པའི༔ འབྱུང་བ་ས་ཤིང་ཆུ་མེ་རླུང་༔ ལྕགས་དང་ནམ་མཁའི་དུག་རྣམས་ཀུན༔ རང་རང་སོ་སོའི་དབྱིངས་སུ་བསྡུས༔ རྐྱེན་ངན་བར་ཆད་བྱང་གྱུར་ཅིག༔ དེ་ནས་བུམ་ཁྲུས་ནི༔ ཧཱུྃ༔ དྲི་མེད་བུམ་པའི་གཞལ་ཡས་ཁང་༔ ནང་ན་གསང་བདག་ལྷ་ཚོགས་བཞུགས༔ དག་བྱེད་བདུད་རྩིའི་ཆུ་རྒྱུན་གྱིས༔ བསྲུང་བྱ་རྣམས་ལ་ཁྲུས་བགྱིས་པས༔ འདོད་ཆགས་ལས་ལས་བྱུང་བ་ནི༔ ལུས་ངག་ཡིད་ཀྱི་ནད་གདོན་དུག༔ གྲིབ་དང་འབག་རྩོག་ཐམས་ཅད་ཀུན༔ བཀྲུའོ་བྱབ་བོ་དག་གྱུར་ཅིག༔ རྩ་སྔགས་མཐར༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ཨེ་བཾ་ལཾ་རཾ་ཡཾ་ཤུདྡྷེ་ཤུདྡྷེ་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཀུ་རུ་ཡེ་སྭཱ་ཧཱ༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་ཕྱུང་ཕྱུང་༔ ཨོཾ་བཛྲ་རཾ་རཾ་སྭཱ་ཧཱ༔ འབྱུང་བ་མེའི་དུག་ཐམས་ཅད་རང་གནས་སུ་བསྡུས་ཤིག་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་པའི་ལུས་ཕྱི་ནང་གི་གདོན་དང་དུག་ཐམས་ཅད་དུད་ཁུའི་རྣམ་པར་རྐང་མཐིལ་ནས་བྱུང་སྟེ་ངར་གླུད་ལ་ཐིམ་པར་གྱུར༔ དེ་ནས་བསྐུལ་བ་ནི༔ ཧཱུྃ༔ རང་བཞིན་འབར་བའི་གཞལ་ཡས་ནས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ ཐུགས་ཀྱི་བདག་ཉིད་རྡོ་རྗེ་འཆང་༔ འདིར་བྱོན་རྣལ་འབྱོར་གྲོགས་མཛོད་ཅིག༔ བྱང་གི་ཁྲོ་རྒྱལ་བདུད་རྩི་འཁྱིལ༔ བཏང་སྙོམས་ཚད་མེད་ཀློང་ནས་བཞེངས༔ ཐུགས་རྗེའི་དབང་གིས་འདིར་གཤེགས་ཤིག༔ བདུད་རྩི་ཕུད་གཏོར་རཀྟ་བཞེས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ༔ ཕྲག་དོག་ལས་བྱུང་གནོད་བྱེད་སྲུངས༔ བྱད་དཀྲོལ་དུག་རྣམས་ཕྱིར་ཕྱུངས་ཤིག༔ ནད་དང་རྐྱེན་གེགས་མཐའ་དག་ཐུལ༔ དྲག་པོའི་ཕྲིན་ལས་གྲུབ་པར་མཛོད༔ བྱ་གྲུབ་ཡེ་ཤེས་དངོས་གྲུབ་སྩོལ༔ དེ་ནས་དུག་བྱུང་ནི༔ ཀྱཻ༔ རྒྱ་མཚོ་ཆེ་ལ་དབང་བསྒྱུར་ཞིང་༔ ནག་ཕྱོགས་སྐྱོང་བ་ཀླུ་ཡི་རྗེ༔ གདོལ་པའི་རྒྱལ་པོ་ཆེན་པོ་དང་༔ ཟླ་བ་ལག་པ་ཆུ་གཟའ་དང་༔ དམུ་བདུད་བཙན་གྱི་རིགས་རྣམས་ཀུན༔ དུག་གྲིབ་གནོད་སྦྱོར་ལས་བྱུང་བའི༔ གདུག་རྩུབ་མཐོང་ཐོས་ཁ་རླངས་དུག༔ རེག་པའི་དུག་དང་བཅས་པ་ཀུན༔ ད་ལྟ་ཉིད་དུ་ཕྱིར་ཕྱུངས་ཤིག༔ གལ་ཏེ་གནོད་ཅིང་འཁུ་བ་ན༔ བདག་ཉིད་བཛྲ་པཱ་ཎི་ཡི༔ ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་ཀྱིས༔ རྨོངས་བསྐྲད་དྲག་པོའི་ལས་རྣམས་བྱེད༔ དེ་བས་གསང་བདག་བཀའ་མ་བཅག༔ མཛེ་སྐྲན་ཕོལ་མིག་གཉན་ལྷོག་སོགས༔ གདུག་རྩུབ་ཐམས་ཅད་ཕྱིར་ཕྱུངས་ཤིག༔ སྟེང་གདོན་ལྷ་དང་འོག་གདོན་ཀླུ༔ གཟའ་གཉན་དམུ་བཙན་མ་མོ་བདུད༔ གནོད་སྦྱིན་ཡུད་མིད་རྒྱལ་པོ་དང་༔ འགོང་པོ་ཐེའུ་རང་སྲིན་པོ་ཡམས༔ འབྱུང་པོ་དམ་སྲི་གཤིན་རྗེ་དང་༔ རྗེ་རིགས་དམངས་རིགས་བྲམ་ཟེའི་རིགས༔ གདོལ་པ་དགའ་བོ་འཇོག་པོ་དང་༔ ཉེར་དགའ་སོགས་གོང་བཞིན་འགྲེ༔ དེ་ནས་བུམ་ཁྲུས་ནི༔ ཧཱུྃ༔ དྲི་མེད་བུམ་པའི༴ནང་ན་གསང་བདག༴དག་བྱེད་བདུད་རྩིའི༴བསྲུང་བྱ་རྣམས་ལ༴ཕྲག་དོག་ལས་ལས༴ལུས་ངག་ཡིད་ཀྱི༴གྲིབ་དང་འབག་རྩོག༴བཀྲུའོ་བྱབ་བོ༴རྩ་སྔགས་མཐར༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ཨེ་བཾ་ལཾ་རཾ་ཡཾ་ཤུདྡྷེ་ཤུདྡྷེ་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཀུ་རུ་ཡེ་སྭཱ་ཧཱ༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་ཕྱུང་ཕྱུང་༔ ཨོཾ་བཛྲ་ཡཾ་ཡཾ་སྭཱ་ཧཱ༔ འབྱུང་བ་རླུང་གི་དུག་ཐམས་ཅད་རང་༴ནད་པའི་ལུས་ཕྱི་ནང་༴དེ་ནས་བསྐུལ་བ་ནི༔ ཧཱུྃ༔ རང་བཞིན་འབར་བའི་གཞལ་ཡས་ནས༔ དུས་གསུམ་རྒྱལ་བ༴ཐུགས་ཀྱི་བདག་ཉིད༴འདིར་བྱོན་རྣལ་འབྱོར༴སྟེང་འོག་མཚམས་བཞིར་གནས་པ་ཡི༔ ཁྲོ་བོའི་རྒྱལ་པོ་ཆེན་པོ་ནི༔ དབྱུག་སྔོན་མི་གཡོ་འདོད་པའི་རྒྱལ༔ རྣམ་རྒྱལ་ཧཱུྃ་ཀཱར་སྟོབས་པོ་ཆེ༔ ཕྲིན་ལས་ཚད་མེད་ཀློང་ནས༴ཐུགས་རྗེའི་དབང་གིས༴བདུད་རྩི་ཕུད་གཏོར༴རྒྱུ་སྦྱོར་ཡོན་གྱི༴ཉོན་མོངས་དུག་ལྔ་དུག་གསུམ་དང་༔ བརྒྱད་ཁྲི་བཞི་སྟོང་ལས་བྱུང་བའི༔ བྱད་དཀྲོལ་དུག་རྣམས༴ནད་དང་རྐྱེན་གེགས༴དྲག་པོའི་ཕྲིན་ལས༴མཆོག་དང་ཐུན་མོང་༴དེ་ནས་དུག་བྱུང་ནི༔ ཀྱཻ༔ རྒྱ་མཚོ་ཆེ་ལ་དབང་བསྒྱུར་ཞིང་༔ ཀླུ་ཆེན་བརྒྱད་པོ་འཁོར་བཅས་དང་༔ དམུ་བདུད་བཙན་གྱི་རིགས་རྣམས་ཀུན༔ དུག་གྲིབ་གནོད་སྦྱོར་ལས་བྱུང་བའི༔ གདུག་རྩུབ་མཐོང་ཐོས་ཁ་རླངས་དུག༔ རེག་པའི་དུག་དང་སོགས་ནས་བྱང་གྱུར་ཅིག༔ མཐར་གོང་བཞིན་འགྲེའོ༔ དེ་ནས་བུམ་ཁྲུས་ནི༔ ཧཱུྃ༔ དྲི་མེད་བུམ་པའི༴ནང་ན་གསང་བདག༴དག་བྱེད་བདུད་རྩིའི༴བསྲུང་བྱ་རྣམས་ལ༴ཉོན་མོངས་བརྒྱད་ཁྲི་ལས་བྱུང་བའི༔ ལུས་ངག་ཡིད་ཀྱི་ནད་གདོན་དུག༔ གྲིབ་དང་འབག་རྩོག༴བཀྲུའོ་བྱབ་བོ༴རྩ་སྔགས་མཐར༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་ཨེ་བཾ་ལཾ་རཾ་ཡཾ་ཤུདྡྷེ་ཤུདྡྷེ་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཀུ་རུ་ཡེ་སྭཱ་ཧཱ༔ ནཱ་ག་ཤིག་ཤིག༔ ནཱ་ག་ཁྲོལ་ཁྲོལ༔ ནཱ་ག་ཕྱུང་ཕྱུང་༔ ཨོཾ་བཛྲ་མ་མ་མཁའ་ཞུ་མཁའ་ཞུ་སྭཱ་ཧཱ༔ འབྱུང་བ་ནམ་མཁའི་དུག་ཐམས་ཅད་རང་གནས་སུ་བསྡུས་ཤིག་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནད་པའི་ལུས་ཕྱི་ནང་གི་གདོན་དང་དུག་ཐམས་ཅད་དུད་ཁུའི་རྣམ་པར་རྐང་མཐིལ་ནས་བྱུང་སྟེ་ངར་གླུད་ལ་ཐིམ་པར་གྱུར༔ དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ང་ནི་གདོད་ནས་འཁོར་འདས་རྫོགས་པ་ཆེ༔ རང་བཞིན་མ་བཅོས་འོད་གསལ་ཆེན་པོ་སྟེ༔ སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་དཔལ༔ མི་འགྱུར་མི་ཤིགས་རྡོ་རྗེའི་གད་མོ་འདོན༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་ཉིད་དབྱིངས་ལས་འགགས་མེད་རོལ་པའི་རྒྱན༔ ལྷུན་གྲུབ་རྩལ་ལས་ཐུགས་རྗེའི་རོལ་པ་རུ༔ གསང་བདག་དྲེགས་པ་ཟིལ་གནོན་ཁྲོ་བོའི་རྒྱལ༔ སྣང་སྲིད་འཁོར་འདས་ཐམས་ཅད་ང་ཡི་དབང་༔ སྡེ་བརྒྱད་འབྱུང་པོ་ཀུན་གྱི་གཤེད་མ་ཆེ༔ ལོག་འདྲེན་བསྲེགས་བྱེད་མེ་ལྕེའི་འཁོར་ལོ་བསྐོར༔ བཀའ་སྡོད་དམ་ཅན་སྲུང་མའི་སྤྲོ་གཞི་སྟེ༔ ཐམས་ཅད་ང་ཡི་བཀའ་ལས་འདའ་མ་བྱེད༔ ཧཱུྃ་ཧཱུྃ་ཧཱུྃ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་དབང་ཕྱུག་དཔལ༔ ཐུགས་ཀྱི་བདག་ཉིད་བཛྲ་པཱ་ཎི་ཡི༔ བསྒོ་བའི་ཚིག་འདི་ཁྱོད་ཅག་རྣམས་ལ་བྱ༔ བདེན་པའི་བཀའ་ལ་མི་ཉན་གང་ཡང་མེད༔ སྨྲོས་པའི་ཚིག་ལ་མི་ཉན་གང་ཡང་མེད༔ བཏུང་བའི་ཆུ་ལ་མི་འཐུང་གང་ཡང་མེད༔ ཟབ་མོའི་དོན་ལ་མི་སེམས་གང་ཡང་མེད༔ དེ་ཕྱིར་དམ་ལ་མ་འདའ་ཚིག་ལ་ཉོན༔ ཐོག་མེད་དུས་ནས་སེམས་ཅན་ཐམས་ཅད་ཀུན༔ ཕ་དང་མ་ཡི་རྒྱུ་རྐྱེན་གྱིས་བསྐྱེད་དེ༔ དྲིན་གྱིས་བསྐྱངས་པའི་གཟོ་བ་དེ་དག་ལ༔ སྔར་བྱས་མ་ཚོར་ལས་ངན་རྐྱེན་དབང་གིས༔ མི་འདོད་རྒྱུས་བསྐྱེད་འབྲས་བུ་སྡུག་བསྔལ་མྱོང་༔ ད་ནི་ངེས་པའི་ཚིག་གིས་སྣ་དྲངས་ཏེ༔ བྱང་ཆུབ་སེམས་ཀྱི་ཤེས་རྒྱུད་ཡོངས་བརླན་ཏེ༔ བསྲུང་བྱའི་ནད་གདོན་བར་ཆད་ཞི་བར་མཛོད༔ བཟུང་བ་ཐོངས་ལ་བཅིངས་པ་རབ་ཏུ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པའི་ལས་ལས་ཁྱོག༔ ཆག་ཆེ་ཉམ་ང་བར་ཆད་ཞི་བར་མཛོད༔ ད་ལྟ་ཉིད་དུ་འབྱུང་བའི་ཁམས་བརྟེན་པའི༔ གཟའ་ཀླུ་བདུད་བཙན་གནོད་སྦྱིན་མི་སྲུན་པ༔ ཁྱེད་རྣམས་སྟོང་ཆེན་དབྱིངས་སུ་འགྲོ་བར་གྱིས༔ བཀའ་ལས་འདའ་ན་རབ་ཁྲོས་ལྕགས་སྡིག་དང་༔ ཕོ་ཉ་མཚོན་ཐུན་རྡོ་རྗེའི་ཚྭ་ཚྭ་ཡིས༔ ལུས་སེམས་འཚིགས་ཤིང་དམྱལ་བར་ལྟུང་ཏ་རེ༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཀུན་བཟང་རྡོ་རྗེ་འཆང་དང་ཐོད་ཕྲེང་རྩལ༔ བརྒྱུད་ལྡན་རིག་འཛིན་བླ་མའི་བཀའ་དམ་བཞིན༔ བརྔན་གཏོར་གཡས་གཡོན་གཅུས་པ་གཟའ་བཙན་བཤོས༔ དཀར་གཏོར་མཛེས་ལྡན་ཀླུ་ཡི་བརྔན་གཏོར་ཏེ༔ དགྱེས་པར་བཞེས་ལ་རང་རང་གནས་སུ་དེངས༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ གཟའ་ཉི་མ་ནག་ཆུང་ནམ་མཁའ་ལ་ཕྲ་ཤ་ར་ར་སྭཱ་ཧཱ༔ གཟའ་ཟླ་བ་ནམ་མཁའ་ལ་ཕྲ་ཤ་ར་ར་སྭཱ་ཧཱ༔ གཟའ་མིག་དམར་ནམ་མཁའ་ལ༴གཟའ་ལག་པ༴གཟའ་ཕུར་བུ༴གཟའ་པ་སངས༴གཟའ་སྤེན་པ༴གཟའ་དུ་བ་མཇུག་རིང༴གཟའ་ལས་ཀྱི་སྡེ་བརྒྱད༴གཟའ་གདོང་མོ་བཞི༴སྐར་ཆེན་ཕོ་སྐར༴གཟའ་སྒྲ་གཅན་འཛིན༴གཟའ་མེ་རུ་རྩེ༴རྒྱུ་སྐར་ཉི་ཤུ་རྩ་བརྒྱད༴འཁོར་ལྷ་སྲིན་སྡེ་བརྒྱད་ནམ་མཁའ་ལ་ཕྲ་ཤ་ར་ར་སྭཱ་ཧཱ༔ དུག་དབྱིངས་སུ་བསྡུས་ཤིག་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ངར་གླུད་བསྔོ་བ་ནི༔ ཀྱཻ༔ ཏིང་ངེ་འཛིན་གྱིས་བྱིན་བརླབས་པའི༔ ངར་མི་སྨྲ་མཁས་ལྗགས་དང་ལྡན༔ གཟུགས་མཛེས་ངོམས་པ་ཆོག་མི་ཤེས༔ དར་གོས་རིན་ཆེན་རྒྱན་གྱིས་སྤྲས༔ འགྲོ་མཁས་ལྡེམ་ལྡེམ་སྟངས་སྟབས་ལེགས༔ གཅིག་ལས་གྲངས་མེད་སྤྲུལ་པ་ཡིས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ༔ གནོད་ཅིང་གདུག་པའི་སེམས་ལྡན་པ༔ འབྱུང་པོའི་ཚོགས་ལ་བསྔོ་འོ་སྦྱིན༔ རྟ་ཕྱུགས་གཟུགས་འགྲོས་དར་གོས་ཕྲུག༔ སྣམ་ཐེར་ལ་སོགས་གོས་ཀྱི་རིགས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ༔ གནོད་ཅིང་གདུག་པའི་སེམས་ལྡན་པ༔ འབྱུང་པོའི་ཚོགས་ལ་བསྔོ་འོ་སྦྱིན༔ ཤ་རི་ཁྲག་མཚོ་རུས་གྲམ་ཁྲོད༔ དཀར་གསུམ་མངར་གསུམ་ཤིང་ཐོག་རིགས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ༔ གནོད་ཅིང་གདུག་པའི་སེམས་ལྡན་པ༔ འབྱུང་པོའི་ཚོགས་ལ་བསྔོ་འོ་སྦྱིན༔ རིན་ཆེན་རིགས་དང་འབྲས་བུའི་རིགས༔ ནས་འབྲས་སྲན་མ་ཡུངས་ཀར་སོགས༔ མཁོ་རྒུའི་ལོངས་སྤྱོད་ཇི་སྙེད་པ༔ རྒྱུ་སྦྱོར་ཡོན་བདག༴གནོད་ཅིང་གདུག་པའི༴འབྱུང་པོའི་ཚོགས་ལ༴དགའ་མགུ་ཡི་རང་ཚིམ་གྱུར་ཅིག༔ རིན་ཆེན་མང་དང་གཟུགས་མཛེས་དང་༔ འཇམ་ཀླས་འཇིགས་བྲལ་ལ་ཕྱག་འཚལ༔ བསྔོས་པ་བཞིན་དུ་ཐོབ་གྱུར་ཅིག༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས་མཚན་བཞི་བཅས་རྩ་གཅིག་གམ་ཅི་འགྲུབ་མཐར༔ བཟློག་པ་ནི༔ ཀྱཻ༔ ངར་གླུད་འདོད་ཡོན་ལྔ་ལྡན་འདི༔ གཟའ་བཙན་ཀླུ་བདུད་མ་མོ་དང་༔ ཐེའུ་རང་སྲི་རྐུན་འབྱུང་པོའི་རིགས༔ ནད་བདག་རིམས་བདག་ཡམས་ཀྱི་བདག༔ བགེགས་རིགས་ལན་ཆགས་ཚོགས་ལ་སྦྱིན༔ བུ་ལོན་ལན་ཆགས་བྱང་གྱུར་ཅིག༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ཀླུ་གདོན་ས་བདག་གནོད་པ༴གཟའ་གདོན་རྒྱུ་སྐར་གནོད་པ༴ཡ་བདུད་རྒྱལ་པོའི་གནོད་པ༴མ་བདུད་རྒྱལ་མོའི་གནོད་པ༴ཁ་བཞི་བཙན་གྱི་གནོད་པ༴མགྱོགས་པ་སྡེ་བརྒྱད་གནོད་པ༴ཚངས་པ་བརྒྱ་བྱིན་གནོད་པ༴འབྱུང་པོ་རོ་ལངས་གནོད་པ༴ནད་རིམས་ཡམས་ནད་གོད་ཁ༴གྲིབ་དང་ཉེར་འཚེ་ཐམས་ཅད༴འཕྲོག་མ་མ་བུ་ལྔ་བརྒྱ༴བྱིས་པའི་གདོན་ཆེན་བཅོ་ལྔ༴མདོར་ན་ལོ་ཀེག་ཟླ་ཀེག་དང་༔ ཞག་དང་ཟ་མའི་ཀེག་རྣམས༴ཚེ་དང་སྲོག་གི་གནོད་པ༴དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐུ་གསུམ་སྲུང་མའི་བདེན་སྟོབས་ཀྱིས༔ མི་མཐུན་ཕྱོགས་རྣམས་ཐམས་ཅད་ཀུན༔ རྗེས་ཤུལ་མེད་པར་བཟློག་གྱུར་ཅིག༔ ཨོཾ་བཛྲ་པཱ་ཎི་ཡཀྴ་ཀྲོ་ཏ་སརྦ་ས་མ་ཡ་བར་ཆད་གནོད་བྱེད་ཐམས་ཅད་རྦད་བཟློག༔ དེ་ནས་ལམ་བསྟན་པ་ནི༔ ཀྱཻ༔ སྣང་ཞིང་སྲིད་པའི་ལྷ་སྲིན་སྡེ༔ འབྱུང་པོ་མི་དང་མི་མ་ཡིན༔ ལོག་འདྲེན་བར་ཆད་ཐམས་ཅད་ཀུན༔ ད་ནི་ཁྱོད་ལ་ལམ་བསྟན་འཚལ༔ རང་རང་གནས་སུ་འགྲོ་རེ་རན༔ ཕྱི་ཡི་འབྱུང་བ་ལྔ་པོ་ཡང་༔ ཁྱོད་ཀྱི་ཤ་ཁྲག་དྲོད་དབུགས་སེམས༔ དབྱེར་མེད་ཆེན་པོ་རོ་གཅིག་པའི༔ བྱར་མེད་རང་གྲོལ་ཀློང་དུ་ཨཱ༔ ངར་འཛིན་འཁྲུལ་པའི་རྒྱུ་རྐྱེན་གྱི༔ གློ་བུར་ལྷགས་པའི་རྐྱེན་སྣང་ཀུན༔ ཆོས་དབྱིངས་རང་གྲོལ་ཀུན་ཏུ་བཟང་༔ མ་བཅོས་སྐྱེ་མེད་ངང་དུ་ཨཱཿཡི་དམ་ལྷ་ཡི་ང་རྒྱལ་གྱིས༔ བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ༔ ཁྲུས་གླུད་ལོ་བདུད་སྟེང་དུ་དོར༔ དམིགས་པའི་གནད་དང་ལྡན་གྱུར་ན༔ བར་ཆད་རྐྱེན་གེགས་བྱང་བར་འགྱུར༔ ནད་པ་ནད་ལས་གྲོལ་བ་དང་༔ བུ་ལོན་ལན་ཆགས་བྱང་བར་འགྱུར༔ སྔོན་སྨོན་བཟང་པོའི་རྟེན་འབྲེལ་གྱིས༔ པད་འབྱུང་ཟབ་པའི་ཐུགས་གཏེར་དང་༔ འཕྲད་པ་ལས་འབྲེལ་རྩལ་གྱིས་དྲིན༔ གཞན་དྲིན་མི་འཇོག་དེ་རུ་གོ༔ སུ་མ་མགུ་ཡང་ཞེ་བློ་བདེ༔ གཏད་མེད་ཡོངས་གྲོལ་རྫོགས་པ་ཆེ༔ ཤར་གྲོལ་སྔ་ཕྱི་མེད་པའི་དབྱིངས༔ ཟུང་འཇུག་ཡེ་ཤེས་ཆེན་པོ་རུ༔ བླ་མའི་རྣམ་པར་ཡོངས་ཤར་བ༔ གཏེར་ཆེན་ཐམས་ཅད་མཁྱེན་པ་ཡི༔ བསྟན་སྲིད་ཕྱོགས་བཅུར་རྒྱས་གྱུར་ཅིག༔ བཀའ་འདི་དྲེགས་པ་སྡེ་དགུས་སྲུངས༔ དམ་ཉམས་ལྟ་ལོག་སྲོག་རྩ་ཆོད༔ གཤེ་སྐུར་མཁན་གྱི་དབང་པོ་སྣུབས༔ ཚུལ་བཞིན་ཉམས་ལེན་སྐལ་ལྡན་གྱི༔ གྲུབ་འབྲས་མངོན་དུ་གྱུར་བར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་སྐྱབས་རྗེ་ཐམས་ཅད་མཁྱེན་པའི་ཟབ་མོའི་གཏེར་བྱོན་གསང་བདག་ཕྱག་ན་རྡོ་རྗེའི་སྒྲུབ་པའི་ལས་མཐའ་དུག་བྱུང་འདི་འདྲ་ཞིག་དགོས་ཞེས་བྱ་བྲལ་དོན་གྱི་རྣལ་འབྱོར་པ་འཇམ་དཔལ་རྡོ་རྗེ་དང་མཆེད་གྲོགས་དམ་གཙང་ཆོས་ཉིད་འོད་གསལ་འཇའ་ལུས་རྡོ་རྗེས་ནན་བསྐུལ་ངོར་གཏེར་ཆེན་བླ་མ་དགྱེས་པའི་འབངས་པདྨ་འགྲོ་འདུལ་གསང་སྔགས་གླིང་པའམ་ཀློང་ཆེན་རབ་འབྱམས་དགྱེས་པའི་རྡོ་རྗེར་འབོད་ཀྱང་།དོན་དུ་དུག་ལྔ་མེ་འབར་རྒད་པོ་བི་མ་ལ་རསྨིས་བྲིས་པ་དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག།།།