TTDL-ZABTER-15-BA-119

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-15-BA-119

ཟོ་དོར་དཔའ་བོ་ལྕགས་རྩེའི་གསོལ་མཆོད་འདོད་དོན་ཡོངས་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དངོས་སུ་འབྱོར་བའི་མཆོད་རྫས་ལ༔ ཡིད་ཀྱིས་དཔག་མེད་རབ་སྤེལ་ཏེ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཐར༔ བསྭོ་མྱུར་མགྱོགས་སྟོབས་རྩལ་ལྡན་པའི་ལྷ༔ གཡུང་དྲུང་ལྕགས་རྩེ་འཁོར་དང་བཅས༔ བན་དང་བོན་གྱི་ཐ་ཚིག་གིས༔ འབོད་དོ་འདིར་གཤེགས་བཅོལ་ལས་སྒྲུབས༔ དངོས་འབྱོར་ཡིད་སྤྲུལ་ལོངས་སྤྱོད་ཀྱིས༔ མཆོད་དོ་གསོལ་ལོ་དགྱེས་པར་རོལ༔ མཐུན་རྐྱེན་རོགས་ལྡན་བསམ་དོན་སྒྲུབས༔ དགྲ་བགེགས་སྒྲོལ་ཅིག་ས་མ་ཡ༔ ཏྲི་ཙ་བཛྲ་ས་མ་ཡ༔ རང་སློབ་དམ་པ་བཀྲ་ཤིས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།།།