TTDL-ZABTER-03-GA-011

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-03-GA-011

དག་སྣང་ཡེ་ཤེས་དྲྭ་བ་ལས༔ རྟ་མགྲིན་ཡང་ཁྲོས་ནག་པོའི་མཆོད་ཕྲེང་བདུད་རྩིའི་སྤྲིན་ཕུང་བཞུགས་སོ༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཡེ༔ ༠༠༠༠བརྡ་ཡིག༡༢༧དང་པོ་ཉེར་སྤྱོད་འབུལ་བ་ལ༔ ཧཱུྃ༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་འཕྲུལ༔ མཆོད་ཡོན་དང་ནི་ཞབས་བསིལ་དང་༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སིལ་སྙན་རོལ་མོའི་ཚོགས༔ དབང་དྲག་རོལ་པའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྡ་པྲ་ཏཱིཙྪ་སརྦ་པཱུ་ཛ་ཧོཿདེ་ནས་ནང་གི་མཆོད་པ་ལ༔ ཧཱུྃ༔ རང་བྱུང་ཡེ་ཤེས་རོལ་བའི་འཕྲུལ༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་ཡོན་རང་བྱུང་མཆོད་པའི་སྤྲིན༔ དབང་དྲག་རོལ་པའི་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་རཱུ་པ་ཤབྡ་སོགས་ནས་སྤཪྴེ་པྲ་ཏིཙྪ་སརྦ་པཱུ་ཛ་ཧོ༔ དེ་ནས་གསང་མཆོད་ལ༔ དང་པོ་བདུད་རྩི་སྨན་མཆོད་ནི༔ ཨོཾ་ཨཱཿཧཱུྃ༔ བརྡལ་ཁྱབ་ཡངས་པའི་ཀ་པཱ་ལར༔ ཁམས་གསུམ་ཡིག་འབྲུ་གསུམ་གྱི་ངང་༔ སྐུ་གསུང་ཐུགས་ཀྱི་བདུད་རྩིར་ཞུ༔ བདེ་སྟོང་ཡེ་ཤེས་ནུས་བཅུད་ལྡན༔ ཧཱུྃ༔ རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་༔ གང་ཟག་སྙན་བརྒྱུད་ཤོག་སེར་ཚིག་བརྒྱུད་དང་༔ བཀའ་བབས་ལུང་བརྒྱུད་སྨོན་ལམ་གཏེར་བརྒྱུད་སོགས༔ རིག་འཛིན་རྩ་བརྒྱུད་བླ་མ་ཐམས་ཅད་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ རྒྱུད་སྡེ་བཞི་དྲུག་ཐེག་དགུར་འབྲེལ་བ་ཡི༔ ཡི་དམ་དཔའ་བོ་མཁའ་འགྲོ་སྤྱི་དང་ནི༔ ཁྱད་པར་རྟ་མགྲིན་ཡང་ཁྲོས་ཡབ་དང་ཡུམ༔ རིགས་བཞི་ཁྲག་འཐུང་ཡབ་ཡུམ་སྒོ་སྐྱོང་བཞི༔ སྤྲུལ་པ་ཡང་སྤྲུལ་སྒྱུ་འཕྲུལ་འཁོར་ལོ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ལས་མཁན་སྤྲུལ་པའི་ཁྱུང་ཆེན་རིགས་ལྔ་དང་༔ ཕག་ནག་མགོ་དགུ་སྡིག་ནག་མེ་དབལ་སོགས༔ མི་སྲུན་གདུག་པ་འདུལ་བའི་མཐུ་རྩལ་ལ༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ བཀའ་སྲུང་དབང་ཕྱུག་མ་ཧཱ་དཱེ་ཝ་དང་༔ གནོད་སྦྱིན་ཤན་དམར་གཟའ་བདུད་རཱ་ཧུ་ལ༔ དྲེགས་པ་དམ་ཅན་སྡེ་དགུ་འཁོར་དང་བཅས༔ རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ༔ ཞིང་བཅུའི་དགྲ་བགེགས་ཚར་གཅོད་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཨོཾ་ཨཱཿཧཱུྃ༔ སྟོང་ཉིད་དབྱིངས་ཀྱི་ཀ་པཱ་ལར༔ གསང་གསུམ་རྡོ་རྗེའི་དབང་དངོས་གྲུབ༔ ཡིག་འབྲུ་གསུམ་གྱི་རྣམ་པར་ཤར༔ རྡོ་རྗེ་སྙིང་པོའི་འོད་ཟེར་གྱིས༔ བླངས་ཏེ་གསང་གསུམ་འཁོར་ལོར་བསྟིམ༔ དབང་དང་དངོས་གྲུབ་མཆོག་ཐོབ་འགྱུར༔ རྩ་སྔགས་མཐར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿདེ་ནས་རཀྟ་འབུལ་བ་ནི༔ ཧཱུྃ༔ ཆོས་དབྱིངས་དང་མཉམ་བྷནྡྷའི་སྣོད་མཆོག་ཏུ༔ འཁོར་བ་དབྱིངས་སྒྲོལ་རཀྟའི་རྒྱ་ཚོར་བསྐྱིལ༔ ཁྲོ་ཆེན་རྡོ་རྗེ་དབྱིངས་ཀྱིས་ཚོགས་ལ་འབུལ༔ བཞེས་ནས་འཁོར་བའི་འཁྲུལ་འཁོར་བཤིག་དུ་གསོལ༔ མ་ཧཱ་རཀྟ་ཁཱ་ཧི༔ དེ་ནས་གཏོར་མ་འབུལ་བ་ནི༔ ཧཱུྃ༔ བརྡལ་ཁྱབ་ཆོས་དབྱིངས་ཡངས་པའི་གཏོར་གཞོང་དུ༔ སྣང་སྲིད་གཞིར་བཞེངས་མ་ཧཱ་བ་ལིཾ་ཏ༔ འདོད་རྒུའི་ལོངས་སྤྱོད་སྣ་ཚོགས་རྒྱན་དུ་ཤར༔ དབང་དྲག་ཡང་ཁྲོས་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཁྱད་པར་མཆོད་པ་ལ༔ སྦྱོར་བའི་མཆོད་པ་ནི༔ ཧཱུྃ༔ སྣང་བ་ཐབས་ཀྱི་རང་བཞིན་དབང་དྲག་ལྷ༔ སྟོང་པ་ཡུམ་གྱི་རང་བཞིན་ཝཱ་ར་ཧི༔ སྙོམས་འཇུག་བདེ་སྟོང་བཅུད་ཀྱི་བྱང་ཆུབ་སེམས༔ དབང་དྲག་རོལ་པའི་དཀྱིལ་འཁོར་ལྷ་ལ་འབུལ༔ བདེ་སྟོང་དགའ་བཞིའི་ཡེ་ཤེས་དངོས་གྲུབ་སྩོལ༔ མ་ཧཱ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཧོ༔ དེ་ནས་བསྒྲལ་བའི་མཆོད་པ་ནི༔ ཧཱུྃ༔ སྟོང་ཉིད་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ༔ ཐབས་མཆོག་ཧེ་རུའི་གཏུན་བུའི་སྟོབས་ཤུགས་ཀྱིས༔ བདག་ལྟའི་རཱུ་དྲ་ཕོ་མོ་ཕྱེ་མར་བཏུལ༔ ཤ་རི་ཁྲག་མཚོ་ཕུང་ཁམས་སྐྱེ་མཆེད་བཅས༔ མཉམ་ཉིད་རོལ་པ་ཆེན་པོའི་ཞལ་དུ་བསྟབ༔ འཁོར་བ་མྱང་འདས་ཆེན་པོར་ཆོམ་མཛོད་ལ༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁ་རཾ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ འཁོར་འདས་ཡོངས་ལ་དབང་བསྒྱུར་ཆེ་བའི་མཆོག༔ བདག་ལྟའི་རཱུ་དྲ་འདུལ་ཕྱིར་སྐུར་སྣང་བ༔ གང་འདུལ་ཐབས་ཀྱིས་ཆོ་འཕྲུལ་སྣ་ཚོགས་སྟོན༔ དབང་དྲག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རིགས་སྲས་མཁྱེན་བརྩེའི་དབང་པོས་བསྐུལ་ངོར།ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།༠༠༠༠བརྡ་ཡིག༡༣༠མདུན་བསྐྱེད་གསལ་བ་ནི༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ ཟླ་བ་ལས་ནི་ཆུ་ཟླ་བཞིན༔ རང་བྱུང་དཀྱིལ་འཁོར་ཆེན་པོར་སྤྲོས༔ དམ་ཚིག་ཡེ་ཤེས་དབྱེར་མེད་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ས་མ་ཡ༔ བདུད་འཇོམས་པས་སོ༔ བྷྲུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛ༔ འཛབ་ཁང་དབྱེ་བའོ།།།།