TTDL-ZABTER-09-TA-024

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-09-TA-024

༠༠༠༠བརྡ་ཡིག༡༨༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ནོར་བདག་ཨ་པ་རའི་བསྐང་གསོལ་དཔག་བསམ་རྒྱས་པ་བཞུགས་སོ༔ ༠༠༠༠བརྡ་ཡིག༡༨༣ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ནོར་བདག་ཨ་པར་བསྒྲུབ་པ་ཡི༔ སྐལ་བཟང་སྐྱེས་བུ་དམ་པ་ལ༔ བསྐང་གསོལ་དཔག་བསམ་རྒྱས་པ་དགོས༔ ཇ་ཆང་འོ་སྐྱེམས་དཀར་དམར་གྱིས༔ གཏོར་མ་ཟས་སྣ་ཅི་འབྱོར་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་བརྗོད་མཐར༔ ཧཱུྃ༔ འདའ་ཀ་དམ་ཚིག་གཉན་པོ་ཡིས༔ གནོད་སྦྱིན་ཆེན་པོ་སྤྱན་འདྲེན་ནོ༔ ཨ་པར་ཙིཏྟ་སྤྱན་འདྲེན་ནོ༔ བླ་རྡོ་སྲོག་གི་རྟེན་ལ་བཞུགས༔ དངོས་གྲུབ་བསྒྲུབ་ཕྱིར་ཕྱག་འཚལ་ལོ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ ཕྱི་མཆོད་ཚོགས་ཀྱིས་ཐུགས་དམ་བསྐང༔ སྨན་གཏོར་རཀྟ་ལོངས་སྤྱོད་ཚོགས༔ རིན་ཆེན་སྨན་འབྲུ་དར་ཟབ་དཀོར༔ ནང་མཆོད་རྣམ་པ་སྣ་ཚོགས་ཀྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ བླ་རྡོ་རྟེན་གཏོར་གཏེར་བུམ་དང་༔ གསང་མཆོད་ཚོགས་ཀྱིས་གསོལ་མཆོད་བསྐང་༔ དཀར་དམར་གཏོར་མ་ཟས་སྣ་དང་༔ ཇ་ཆང་འོ་སྐྱེམས་འདོད་རྒུའི་དཔལ༔ ལོངས་སྤྱོད་མི་ཟད་གཏེར་ཆེན་གྱིས༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ མ་འགྱངས་མྱུར་དུ་གྲུབ་རྟགས་སྟོན༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ འདོད་དོན་མ་ལུས་ཡོངས་འགྲུབ་ཅིང་༔ བཀྲ་ཤིས་བདེ་ལེགས་དཔལ་རྒྱས་མཛོད༔ ལྟོག་འགོང་དབུལ་འདྲེ་རྡུལ་དུ་རློགས༔ དམ་ལ་མ་འདའ་ས་མ་ཡ༔ འདི་ལ་རྟག་ཏུ་བརྩོན་བྱས་ཤིང་༔ ཁྱད་པར་བསྒྲུབ་དུས་འབད་པ་གནད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་གཏེར་མའོ།།དགེའོ།།