TTDL-ZABTER-15-BA-067
TTDL-ZABTER-15-BA-067
ཧཱུྃ་ཛཿ དད་པ་དང་ནི་དམ་ཚིགས་གིས༔ མ་ནིང་སྡེ་ལྔ་སྤྱན་འདྲེན་གཤེགས༔ དམ་ཚིག་གཉན་གྱིས་གདན་ལ་བཞུགས༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྲིན་ལས་བསྒྲུབ་ཕྱིར་ཕྱག་ཀྱང་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ མིང་གཟུགས་འཁོར་ལོར་བཀོད་པ་ཡི༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ མ་འགྱང་མ་ཤོར་ཧུར་ཐུམ་སོད༔ དུས་ལ་བབ་པོ་ས་མ་ཡ༔ དགེའོ།།།།