TTDL-ZABTER-13-PA-110

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-13-PA-110

ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བཀའ་སྲུང་དྲེགས་པའི་ནུས་བསྐྱེད་བསྐང་གསོལ་དང་བཅས་པ་ཕྲིན་ལས་ལྷུན་གྲུབ་བཞུགས་སོ༔ ༠༠༠༠བརྡ་ཡིག༣༩༣ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དྲེགས་པ་ལས་ལ་གཅུན་པའི་ཕྱིར༔ མཆོད་རྫས་འབྱོར་ཚོགས་མང་དུ་བཤམས༔ བདག་ཉིད་ཡི་དམ་ལྷར་གསལ་བའི༔ སྤྱི་བོར་པདྨ་ཐོད་ཕྲེང་བསྒོམ༔ དངོས་སུ་འབྱོར་པའི་མཆོད་རྫས་ལ༔ ཡིད་ཀྱིས་ནམ་མཁའ་མཛོད་དུ་སྤེལ༔ དེ་ནས་མཆོད་པའི་རྫས་རྣམས་བྱིན་གྱིས་བརླབ་པ་ནི༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཨཱཿལས་ཡེ་ཤེས་ཀྱི་ཀ་པཱ་ལ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ཨོཾཿཧཱུྃ༔ ཏཱུཾཿཧྲཱིཿཨཱཿཞུ་བས་བདེ་སྟོང་ཟག་པ་མེད་པའི་བདུད་རྩི་ལ་རྣམ་པ་ཕྱི་ནང་གསང་བའི་མཆོད་སྤྲིན་མ་ཚང་བ་མེད་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ནམ་མཁའ་མཛོད་སྔགས་ལན་བདུན་བརྗོད་པའི་མཐར༔ དེ་ནས་ལས་ལ་གཅུན་པ་ནི༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་བདེན་པ་དང་༔ ཆོས་ཉིད་རྣམ་དག་རྒྱུ་འབྲས་བསླུ་མེད་མཐུས༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་སྲས་བཅས་དང་༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་ཆོས་སྐྱོང་གི༔ གཟི་བྱིན་དབང་དང་མཐུ་སྟོབས་ནུས་རྩལ་དང་༔ དྲག་ཤུལ་གང་དག་ཇི་སྙེད་མཆིས་པ་ཀུན༔ བདག་གི་སྲུང་མའི་ཚོགས་ལ་འདུས་གྱུར་ཏེ༔ ཁམས་གསུམ་སྲིད་པའི་ཁམས་ལ་དབང་བསྒྱུར་བའི༔ མཐུ་སྟོབས་ནུས་པ་ཕུན་སུམ་ཚོགས་པ་ཡི༔ དགྲ་བགེགས་མ་ལུས་རྡུལ་དུ་བརླག་གྱུར་ཅིག༔ ལན་གསུམ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གཉན་པོ་ཡིས༔ འབོད་དོ་སྲུང་མ་གཉན་པོ་འཁོར་དང་བཅས༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ དབང་ཕྱུག་མ་ཧཱ་དཱེ་ཝ༴མགོན་པོ་ལེགས་ལྡན་ནག་པོ༴བཙུན་མོ་ཨུ་མ་དཱེ་ཝི༴སྲིད་པ་དུས་བཞིའི་རྒྱལ་མོ༴དྲེགས་པའི་འཁོར་ཚོགས་དང་བཅས༴དྲང་སྲོང་གཟའ་བདུད་ནག་པོ༔ སྤྲུལ་པ་ལས་ཀྱི་གཟའ་བརྒྱད༴སྡོང་ཟླ་གདོང་མོ་མཆེད་བཞི༴སྦྱོར་ཡུམ་རྒྱུ་སྐར་ཉེར་བརྒྱད༴བཀའ་འཁོར་ལྷ་སྲིན་སྡེ་བརྒྱད༴ཆོས་རྒྱལ་སྐུ་ལྔ་འཁོར་བཅས༴གནོད་སྦྱིན་ཙིའུ་དམར་པོ༴བཙན་རྒོད་རོལ་པ་སྐྱ་བདུན༴ཨ་ཕྱི་ཆོས་ཀྱི་སྒྲོན་མ༴སྤྲུལ་པ་སྨན་བཙུན་སྡེ་བཞི༴འཁོར་དང་ཉེ་འཁོར་གཡོག་དང་ཡང་གཡོག་བཅས༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ སྒྲུབ་པའི་རྟེན་འདིར་རྟེན་ཆོས་རྟག་བཞུགས་གསོལ༔ ཨོཾ་མ་ཧཱ་དཱེ་ཝ༔ མ་ཧཱ་ཀཱ་ལ༔ རཀྴ་རཱ་ཧུ་ལ༔ རཱ་ཙ་ཀིང་ཀ་ར་ཙ༔ ཏྲིཿཤུ་ལ་དྷརྨ་ཏ་ར་སརྦ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿཏིཥྛ་བཛྲ༔ ཨོཾ་ཨཱཿཧཱུྃ༔ དངོས་སུ་འབྱོར་པའི་མཆོད་རྫས་ལ༔ ཡིད་སྤྲུལ་འདོད་རྒུའི་ལོངས་སྤྱོད་ཚོགས༔ དཔག་ཡས་ནམ་མཁའི་མཛོད་དུ་སྤེལ༔ ཁྱད་པར་མཆོད་རྫས་མཐུན་རྫས་མཆོག༔ བཅོས་ཤ་རྗེན་ཤ་ཁུ་བ་རྐང་༔ ཟླ་རྒྱས་ཟླ་ཕྲུམ་དཀར་མཆོད་རིགས༔ ཤིང་ཏོག་འབྲུ་སྣ་ཟས་ཀྱི་རིགས༔ ཇ་ཆང་འོ་སྐྱེམས་ཁྲག་གི་སྐྱེམས༔ ཀ་ཆ་དཀོར་ཆ་གོ་མཚོན་རིགས༔ སྟག་གཟིག་གཅན་གཟན་དར་རས་སོགས༔ མདོར་ན་རང་རང་མཐུན་པའི་རྫས༔ ཕྱི་ནང་གསང་མཆོད་སྣ་ཚོགས་ཀྱིས༔ མ་ཧཱ་དཱེ་ཝ་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དྲག་ཁྲོས་ལེགས་ལྡན་ནག་པོ་ལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ གཟའ་བདུད་ནག་པོ་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ༴ཆོས་རྒྱལ་སྐུ་ལྔ་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ༴བཙན་རྒོད་རོལ་པ་སྐྱ་བདུན་ལ༔ གསོལ་ལོ་མཆོད་དོ༴ཨ་ཕྱི་ཆོས་ཀྱི་སྒྲོན་མ་ལ༔ གསོལ་ལོ་མཆོད་དོ༴དེའི་འཁོར་ཡང་འཁོར་གཡོག་དང་བཅས༔ མ་ལུས་ལུས་པ་མེད་པ་ལ༔ གསོལ་ལོ་མཆོད་དོ༴སྐུ་ཡི་གཟི་མདངས་རྒྱས་གྱུར་ཅིག༔ གསུང་གི་འགགས་པ་ཁྲོལ་གྱུར་ཅིག༔ ཐུགས་ཀྱི་དགྱེས་པ་སྐོང་གྱུར་ཅིག༔ ཡོན་ཏན་ཕུན་སུམ་ཚོགས་པ་དང་༔ ཕྲིན་ལས་སྟོབས་ཤུགས་མྱུར་མགྱོགས་རྩལ༔ འཕེལ་ཞིང་རབ་ཏུ་རྒྱས་པར་ཤོག༔ ཕྲིན་ལས་གཉན་པོ་བཅོལ་བ་ནི༔ བདག་ཅག་དཔོན་སློབ་ཉེ་བའི་འཁོར༔ དགོན་སྡེ་གྲྭ་ཚན་འཁོར་བཅས་ཀྱིས༔ མི་མཐུན་ཕྱོགས་ཀུན་ཞི་བ་དང་༔ ཆོས་སྲིད་མངའ་ཐང་རྒྱས་པར་མཛོད༔ སྣང་སྲིད་སྐྱེ་འགྲོ་ཕོ་མོ་དང་༔ འདོད་རྒུའི་དཔལ་ཡོན་དབང་དུ་བསྡུས༔ བསྟན་དང་བསྟན་འཛིན་ལ་གནོད་པའི༔ དགྲ་བགེགས་མ་ལུས་རྡུལ་དུ་རློགས༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུག་སྟེ༔ ཁྱེད་ཅག་རྣམས་ལ་བཅོལ་བའི་ལས༔ ཐོགས་པ་མེད་པར་མྱུར་འགྲུབ་མཛོད༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ རབ་འབྱམས་ཕྲིན་ལས་ཡོངས་འགྲུབ་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ སརྦ་དྷརྨ་པཱ་ལ༔ སརྦ་ཀྵེ་ཊ་པཱ་ལ༔ སརྦ་ལོ་ཀ་པཱ་ལ༔ སརྦ་ས་མ་ཡ་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དངོས་སུ་འབྱོར་པའི་མཆོད་པ་ལ༔ ཡིད་ཀྱིས་དཔག་མེད་སྤྲུལ་ནས་སུ༔ བསྐང་གསོལ་འདི་ལ་འབད་གྱུར་ན༔ རབ་འབྱམས་ཕྲིན་ལས་ཐོགས་མེད་འགྲུབ༔ བཀྲ་ཤིས་དགེ་ལེགས་དཔལ་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདིའང་སྒྲུབ་རྒྱུད་མཆོག་སྤྲུལ་རིན་པོ་ཆེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་ཀྱིས་བགྱིས་པ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག།སརྦ་མངྒ་ལཾ།།།།