TTDL-ZABTER-05-CA-049

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-05-CA-049

གནས་གསུམ་བྱིན་གྱིས་བརླབས་པ་ནི༔ སྙིང་ག་མགྲིན་པ་སྤྱི་བོ་རུ༔ ཟླ་བའི་གདན་རེ་བསམ་ནས་ནི༔ རྡོ་རྗེ་པདྨ་འཁོར་ལོ་དག༔ ཧཱུྃ་ཨཱཿཨོཾ་གྱིས་མཚན་པ་ལས༔ ཐུགས་གསུང་སྐུ་ཡི་རྡོ་རྗེས་བསྒོམ༔ རྡོ་རྗེའི་རྒྱ་གནས་གསུམ་དུ་བཞག་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ དེ་བཞིན་དུ༔ ཝཱཀ༴ཀཱ་ཡ༴སྦྱར༔ དབང་བསྐུར་བ་ནི༔ སྙིང་ཁར་བྷྲཱུྃ་ལས་རིན་པོ་ཆེའི་གཞལ་མེད་ཁང་སྒོ་གཅིག་པའི་ནང་དུ་ཡེ་ཤེས་སེམས་དཔའ་རྡོ་རྗེ་མི་བསྐྱོད་པ་ཚོན་གང་བ་གསལ་བའི་སྒོ་སྲུང་རྟ་མགྲིན་ཡབ་ཡུམ་དུ་གསལ་བ༔ ཡེ་ཤེས་སེམས་དཔའི་འོད་ཀྱིས་དབང་ལྷ་སྤྱན་དྲངས་པར་བསམ་ལ༔ ཧཱུྃ༔ ཐབས་ཀྱི་སྤྱོད་པས་གཞན་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ དབང་དང་བྱིན་རླབས་བདག་ལ་སྩོལ༔ རིགས་ལྔའི་དབང་རྒྱ་སོ་སོར་བཞག་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན༴ཧཾ༔ དེ་བཞིན་དུ༔ ཤུ་ནྱ་ཏཱའི་མལ་དུ༔ ཨ་དཪྴ༔ ས་མ་ཏ༔ པྲ་ཏྱ་བེཀྵ་ན༔ ཀྲྀ་ཏ་ཨ་ནུཥྛ༔ བཅུག༔ དེ་ནས་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ འགྲོ་དྲུག་ཉོན་མོངས་བཅིངས་པ་རྣམས༔ ཧཱུྃ་གིས་དུག་ཆེན་རབ་སྦྱངས་ཏེ༔ ཨ་ནྲྀ་སུ་ཏྲི་བྲེ་དུར་གྱུར༔ རཾ་ཡཾ་ཁཾ་ལས་མེ་རླུང་ཆུས༔ འགྲོ་བ་རབ་སྦྱངས་ཧཱུྃ་དུ་གྱུར༔ ཁམས་གསུམ་ཐམས་ཅད་རྡོ་རྗེ་སེམས༔ ཏིལ་གྱི་གོང་བུ་ལྟ་བུས་གང་༔ རྟ་མགྲིན་རྒྱལ་པོ་ཡེ་ཤེས་ལ༔ བསྟིམས་པས་བྱང་ཆུབ་སེམས་རྒྱས་གྱུར༔ ཡབ་ཡུམ་གཉིས་མེད་སྦྱོར་བའི་སྒྲས༔ ཡེ་ཤེས་ཁྲོ་བོ་སྤྱན་དྲང་ངོ་༔ དེ་ནས་སྤྱན་འདྲེན་ལ་འཇུག་གོ༔