TTDL-ZABTER-08-NYA-037

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-08-NYA-037

བརྡ་ཡིག་༠༠༠༠༠༠༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ལྷ་ཆེན་གཙུག་ན་ཟླ་བའི་དབང་གི་བསྐུལ་བ་ཐུགས་རྗེའི་ལྕགས་ཀྱུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བརྡ་ཡིག་༠༠༠༠༠༠༣༡༥༔ མ་འོངས་པདྨའི་བརྒྱུད་འཛིན་བུ༔ ལྷ་ཆེན་དབང་ཕྱུག་བསྒྲུབ་པའི་ཚེ༔ བསྐུལ་བ་འདི་ཉིད་ཉིན་རེ་བཞིན༔ དུས་གསུམ་དུ་ནི་བརྗོད་པར་བྱ༔ འདི་ཉིད་བསྒྲུབ་པའི་སྐྱེས་བུ་རྣམས༔ ལྷར་གསལ་གཟེར་དང་མི་འབྲལ་ཞིང་༔ བསྙེན་པ་ཆུ་བོའི་གཞུང་བཞིན་བཟླ༔ དུས་བཞིར་གསོལ་མཆོད་ཅི་མང་བྱ༔ ཚོགས་དང་གཏོར་མ་འབྱོར་ཆེ་ཆུང་༔ བསོད་ནམས་འཕེལ་རྒྱས་ཡང་དེ་བཞིན༔ ལོངས་སྤྱོད་ཆེ་ན་མཆོད་རྫས་ཡང་༔ རྒྱ་ཆེ་གྲངས་མང་མ་བཏང་ན༔ ཚོགས་ནི་རྫོགས་པར་མི་འགྱུར་ཏེ༔ ལོངས་སྤྱོད་ཆུང་ན་མཆོད་རྫས་ཡང་༔ འབྱོར་ཚད་ཙམ་གྱིས་ཚོགས་རྫོགས་འགྱུར༔ བསྐང་བཤགས་ཚོགས་མཆོད་མ་བྱས་ན༔ དམ་ཚིག་ཉམས་ཆག་འཆོལ་རྐྱེན་གྱིས༔ དམ་ཅན་འགྲུབ་པར་མི་འགྱུར་གྱི༔ དེ་ཕྱིར་བཤགས་སྦྱང་གནད་དུ་གཅེས༔ དེ་དག་གནད་ཀྱི་ཡང་གཅེས་ཡིན༔ ད་ནི་དབང་གིས་བསྐུལ་བ་ནི༔ ཧཱུྃ་ཛཿདད་པ་དང་ནི་དམ་ཚིག་གིས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་བསྐུལ༔ འདོད་པའི་རྒྱལ་པོ་འཁོར་བཅས་བསྐུལ༔ ཚོགས་ཀྱི་བདག་པོ་འཁོར་བཅས་བསྐུལ༔ ཡུམ་མཆོག་ཨུ་མ་དཱེ་ཝི་བསྐུལ༔ སྤྲུལ་པའི་ལྷ་མོ་རྣམ་བཞི་བསྐུལ༔ མ་གཡེལ་མ་འགྱངས་ས་མ་ཡ༔ སྟེང་གི་ལྷ་ཁམས་དབང་བསྡུས་ལ༔ ང་ཡི་བྲན་དུ་བཀོལ་བར་མཛོད༔ བར་ནས་སྐྱེ་འགྲོ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ འོག་ནས་ཀླུ་ཁམས་དབང་དུ་བསྡུས༔ ང་ཡི་བྲན་དུ་ཁོལ་བར་མཛོད༔ གནོད་སྦྱིན་ནོར་ལྷ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ དཔལ་མགོན་བདུན་ཅུ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ལྷ་སྲིད་སྡེ་བརྒྱད་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ སྣང་སྲིད་དྲེགས་པ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ཡུལ་ལྷ་གཞི་བདག་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ གནས་སྲུང་གཏེར་བདག་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ས་བདག་རྒྱལ་པོ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ རྗེ་དཔོན་མི་ཆེན་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ཆེ་མཐོ་ཐོབ་ལྡན་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ བཙན་དང་དྲག་ཅན་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ཡ་རབས་བཟང་རྒུ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ལྷ་བཙན་མཁས་མཆོག་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ རྟོགས་ལྡན་འདྲེན་སྟོན་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ ནོར་ལྡན་ཕྱུག་པོ་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ དཔའ་རྩལ་སྐྱེན་ལྡན་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ སྲིད་པ་ཕོ་རྒྱུད་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ སྲིད་པ་མོ་རྒྱུད་དབང་དུ་བསྡུས༔ ང་ཡི་འབངས་སུ་ཁོལ་བར་མཛོད༔ རྟ་ཕྱུགས་གཟུགས་འགྲོས་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ རིན་ཆེན་ནོར་རྣམས་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ བཟའ་བཏུང་ཟས་ཚོགས་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ རྒྱན་ཆ་སྣ་ཚོགས་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ དར་གོས་སྣ་ཚོགས་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ གོ་ཁྲབ་རྣོ་མཚོན་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ རྟེན་གནས་ཞིང་ཁང་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ བཅུད་གཡང་ཕྱྭ་གཡང་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ འདོད་རྒུའི་དཔལ་ཡོན་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ བཟོ་རིགས་མཁས་ཚོགས་དབང་དུ་བསྡུས༔ ང་ཡི་ལོངས་སྤྱོད་དཔལ་དུ་སྩོལ༔ དགྲ་བླ་བཅུ་གསུམ་དབང་དུ་བསྡུས༔ ང་ཡི་ཕྲིན་ལས་ཕོ་ཉར་ཁོལ༔ མདོར་ན་ཡིད་ལ་འདོད་པའི་དོན༔ ཐམས་ཅད་མ་ལུས་དབང་དུ་བསྡུས༔ བདག་གི་ལོངས་སྤྱོད་དཔལ་དུ་སྩོལ༔ སྐྱེ་འགྲོ་དབང་དུ་འདུས་པའི་ཚེ༔ བསྟན་སྐྱོང་སྤེལ་ལ་མཁས་པ་རུ༔ ལྷ་ཆེན་ཁྱོད་ཀྱིས་ཁ་འཛིན་མཛོད༔ བདག་ལ་གནོད་གདུག་དྲག་ཤུལ་གྱིས༔ སེམས་ལྡན་མི་དང་མི་མ་ཡིན༔ འཁུ་ཞིང་གཤུང་བ་གང་སུ་དག༔ ཐུལ་ནས་འོག་ནོན་མངའ་འོག་བསྡུས༔ མི་ཐུལ་བ་རྣམས་ཐམས་ཅད་ཀུན༔ མིང་གི་ལྷག་མ་མེད་པར་རློག༔ ང་ལ་བསམ་སྦྱོར་བརྣག་པའི་རིགས༔ ངས་མ་ཤེས་ཀྱང་ཁྱོད་ཀྱིས་ཤེས༔ ཕྱི་ནང་བར་གསུམ་གར་ཡོད་ཀྱང་༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ སྐད་ཅིག་ཉིད་དུ་བརླག་པར་མཛོད༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ བཅོལ་བའི་ལས་དེ་མྱུར་འགྲུབ་མཛོད༔ འདི་དུས་དུས་གསུམ་སངས་རྒྱས་ཀྱི༔ བཀའ་དམ་དཔང་དུ་དྲན་པ་གནད༔ དབང་སྡུད་སྔགས་ལ་བརྩོན་པར་བྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གསུམ་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དམ་པ་འཇིགས་མེད་བློ་གྲོས་དབང་པོ་དང་བསོད་ནམས་བཀྲ་ཤིས་གཉིས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་བློ་བཟང་ཡེ་ཤེས་རྡོ་རྗེས་སོ།།དགེའོ།།།།