TTDL-ZABTER-06-CHA-002

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-06-CHA-002

དབུ་ཁྲིད་བརྡ་ཡིག༔ ༤༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བདེ་གཤེགས་ཆུ་གཏེར་འདུས་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༔ ༤༥དད་དང་མོས་གུས་དྲག་པོ་ཡིས༔ ཨེ་མ་ཧོ༔ ཀུན་བཟང་ཡབ་ཡུམ་ཆེ་མཆོག་ཧེ་རུ་ཀ༔ རྡོ་རྗེ་ཆོས་དང་མཁའ་འགྲོ་ལས་ཀྱི་དབང་༔ པདྨ་ཐོད་ཕྲེང་རིག་འཛིན་རྣམ་བརྒྱད་ལ༔ གསོལ་བ་འདེབས་སོ་བྱིན་རླབས་ཡེ་ཤེས་སྩོལ༔ ཡེ་ཤེས་མཚོ་རྒྱལ་འབྲོག་བན་ཁྱེའུ་ཆུང་༔ གཏེར་ཆེན་བརྒྱ་རྩ་བཀའ་བབ་འདུས་པའི་གཙོ༔ ཆེ་མཆོག་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ༔ གསོལ་བ་འདེབས་སོ་བྱིན་རླབས་ཡེ་ཤེས་སྩོལ༔ འཇམ་དཔལ་སྐུ་དང་དབང་ཆེན་ཧྱ་གྲཱི༔ ཡང་དག་ཕུར་པ་རྦོད་གཏོང་རིག་འཛིན་དང་༔ འཇིག་རྟེན་མཆོད་བསྟོད་དམོད་པ་དྲགས་སྔགས་ལ༔ གསོལ་བ་འདེབས་སོ་བྱིན་རླབས་ཡེ་ཤེས་སྩོལ༔ དཔལ་ཆེན་ཆེ་མཆོག་གནམ་ཞལ་དབྱིངས་ཕྱུག་ཡུམ༔ རྒྱུད་སྡེ་བཞི་དྲུག་གནས་གསུམ་མཁའ་འགྲོའི་ཚོགས༔ དཔལ་གྱི་བཀའ་སྡོད་མིང་སྲིང་འཁོར་བཅས་ལ༔ གསོལ་བ་འདེབས་སོ་བྱིན་རླབས་ཡེ་ཤེས་སྩོལ༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་ཞི༔ ཚེ་སྒྲུབ་མཐར་ཕྱིན་གྲུབ་འབྲས་མངོན་དུ་གྱུར༔ རང་སྣང་དབང་སྡུད་གཞན་སྣང་ཟིལ་གྱིས་གནོན༔ མཆོག་གི་དངོས་གྲུབ་དཔལ་ཆེན་ཧེ་རུའི་ཞལ༔ མངོན་སུམ་མཐོང་ནས་འགྲོ་ཀུན་འདྲེན་པར་ཤོག༔ དད་དང་མོས་གུས་དྲག་པོ་ཡིས༔ གསོལ་འདེབས་འདི་ལ་བརྩོན་གྱུར་ན༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ནས༔ ཧེ་རུ་ཀ་དང་མཉམ་སྦྱོར་འགྱུར༔ དཔལ་གྱི་བཀའ་སྡོད་རྒྱ་མཚོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་མཆེད་གྲོགས་དམ་ལྡན་ཚུལ་ཁྲིམས་བཟང་པོས་བསྐུལ་ངོར་ལས་འབྲེལ་པས་བྲིས་པ་དགེ།།།