TTDL-ZABTER-09-TA-009

From Dudjom Wiki
Revision as of 09:16, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-09-TA-009

༠༠༠༠བརྡ་ཡིག༤༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དྲང་སྲོང་གཟའ་བདུད་ནག་པོའི་གསོལ་མཆོད་བདུད་རྩིའི་བུམ་བཟང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༤༩གཟའ་མཆོག་རྒྱལ་པོའི་གསོལ་མཆོད་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ དམར་གཏོར་ཤ་ཁྲག་འབྲུ་སྣ་དང་༔ ཇ་ཆང་སྐྱེམས་སོགས་འབྱོར་ཚད་བཤམས༔ ཨོཾ་ཨཱཿཧཱུྃ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ ཧ་ཧོ་ཧྲཱིཿཡིས་བྱིན་གྱིས་བརླབ༔ རོལ་མོ་སྣ་ཚོགས་སྒྲ་ལྡན་པས༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཛཿང་ནི་དཔལ་ཆེན་ཧེ་རུ་ཀ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཕྲིན་ལས་ལས་ཀྱི་ཕོ་ཉ་ཡིན༔ ཛཿནམ་མཁའི་ཁམས་ལ་དབང་ཡང་མཛད༔ བར་སྣང་སྡེ་བརྒྱད་བྲན་དུ་བཀོལ༔ ས་གཞིར་ལྷ་འདྲེའི་རྒྱལ་པོ་མཛད༔ དྲེགས་པའི་རྒྱལ་པོ་རཱ་ཧུ་ལ༔ ཡུམ་བཞི་སྤྲུལ་པའི་གཟའ་ཆེན་བརྒྱད༔ རྒྱུ་སྐར་ཉེར་བརྒྱད་སྡེ་བརྒྱད་ཚོགས༔ མ་ལུས་འཁོར་དང་ཡང་གཡོག་བཅས༔ གསང་བདག་ཕྱག་ན་རྡོ་རྗེ་དང་༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་དང་དམ་ཚིག་གཉན་པོ་ཡིས༔ འབོད་དོ་གནས་འདིར་གཤེགས་སུ་གསོལ༔ སྒྲུབ་པའི་གནས་འདིར་བརྟན་བཞུགས་ནས༔ བདག་དང་དབྱེར་མེད་གྲོགས་མཛོད་ཅིག༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་གསང་བའི་རྫས༔ ཤ་ཁྲག་དམར་གཏོར་བདུད་རྩི་སྐྱེམས༔ བཟའ་བཏུང་རོ་ལྡན་སྣ་ཚོགས་དང་༔ དར་ནག་རུ་མཚོན་ཕྱར་བ་དང་༔ ར་ཡི་རྒྱལ་མཚན་དར་སྣ་ཚོགས༔ གོ་ཁྲབ་མདའ་མདུང་རལ་གྲི་སོགས༔ མཐུན་རྫས་རྣམ་པ་སྣ་ཚོགས་ཀྱིས༔ དྲང་སྲོང་གཟའ་མཆོག་ཆེན་པོ་མཆོད༔ སྲིན་པོ་རཀྴ་སྟོབས་ལྡན་མཆོད༔ ཀླུ་མོ་ནཱ་ག་མདངས་ལྡན་མཆོད༔ སྡོང་ཟླ་གདོང་མོ་མཆེད་བཞི་མཆོད༔ སྤྲུལ་པའི་གཟའ་ཆེན་རྣམ་བརྒྱད་མཆོད༔ འཁོར་གྱི་རྒྱུ་སྐར་ཉེར་བརྒྱད་མཆོད༔ བྲན་གཡོག་ལྷ་སྲིན་སྡེ་བརྒྱད་མཆོད༔ ཡང་གཡོག་ལྷ་འདྲེའི་དཔུང་ཚོགས་མཆོད༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ དབྱེར་མེད་གྲོགས་མཛོད་བསམ་དོན་སྒྲུབས༔ བདག་གི་དཀོར་ནོར་ལོངས་སྤྱོད་སྐྱོངས༔ ཕྱི་ནང་གསང་བའི་བར་ཆད་ཟློག༔ དགྲ་ཇག་ཆོམ་རྐུན་རྒོལ་བ་ཟློག༔ བརྣག་པའི་དགྲ་བོ་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ དམ་ལ་མ་འདའ་ས་མ་ཡ༔ དེ་ཡིས་གཟའ་བདུད་བྲན་འཁོལ་འགྱུར༔ ཡང་ན་འདིས་ཀྱང་བསམ་དོན་འགྲུབ༔ ནམ་མཁའི་མཛོད་ཀྱི་སྔགས་རྒྱས་མཐར༔ ཛཿཆེ་མཆོག་ཕྱག་རྡོར་པད་འབྱུང་སོགས༔ རིག་འཛིན་བརྒྱུད་པའི་ཐ་ཚིག་གིས༔ འབོད་དོ་གཟའ་བདུད་ཡུམ་སྤྲུལ་འཁོར༔ འདིར་བྱོན་སྐྱེམས་གཏོར་མཐུན་རྫས་རོལ༔ འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ རྟེན་འདིར་རྟེན་ཆོས་གྲོགས་མཛོད་ལ༔ བདག་སྲུང་ཕྲིན་ལས་རབ་འབྱམས་སྒྲུབས༔ དགྲ་བགེགས་སྒྲོལ་ཅིག་ས་མ་ཡ༔ གྲངས་ལྡན་ཕུད་སྐོང་དུས་སུ་བྱ༔ ཡང་ན་འདིས་ཀྱང་ཕྲིན་ལས་འགྲུབ༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཐར༔ ཧོཿདགོངས་སུ་གསོལ་ལོ༔ དྲང་སྲོང་གཟའ་བདུད་ནག་པོ༔ སྡོང་ཟླ་གདོང་མོ་མཆེད་བཞི༔ སྤྲུལ་པའི་གཟའ་ཆེན་བརྒྱད༔ རྒྱུ་སྐར་ཉེར་བརྒྱད༔ ལྷ་སྲིན་སྡེ་བརྒྱད༔ སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་དམ་ཚིག་གཉན་གྱིས་འབོད་དོ༔ དམ་ཚིག་གི་དབང་གིས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿལན་གསུམ་གྱི་མཐར༔ ཨོཾ་ཨཱཿཧཱུྃ༔ མཆོད་རྫས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩི་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱ་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་བདུན་གྱི་མཐར༔ ཧོཿདགོངས་སུ་གསོལ་ལོ༔ གསང་བདག་ཕྱག་ན་རྡོ་རྗེའི་བཀའ་ཉན་ཆེན་པོ༔ དྲེགས་པ་ཡོངས་ཀྱི་གཙོ་བོ༔ གཟའ་བདུད་དུག་གི་སྤུ་གྲི་ལ་གསོལ་ལོ༔ ཡབ་རྗེ་སྲིན་པོའི་རྒྱལ་པོ་ལ་གསོལ་ལོ༔ ཡུམ་མཆོག་ཀླུ་མོ་ཆེན་མོ་ལ་གསོལ་ལོ༔ སྡོང་ཟླ་གདོང་མོ་མཆེད་བཞི་ལ་གསོལ་ལོ༔ སྤྲུལ་པའི་གཟའ་ཆེན་བརྒྱད་པོ་ལ་གསོལ་ལོ༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་གསོལ་ལོ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ལ་གསོལ་ལོ༔ ཡང་འཁོར་གདུག་པའི་ལྷ་འདྲེ་ལ་གསོལ་ལོ༔ བཀའ་དང་དམ་ཚིག་གཉན་པོ་ལ་མ་འདའ༔ སངས་རྒྱས་ཀྱི་བསྟན་པ་སྲུངས༔ དཀོན་མཆོག་གི་དབུ་འཕང་བསྟོད༔ དགེ་འདུན་པའི་སྡེ་སྐྱོངས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོ་ལ་ལུས་དང་གྲིབ་མ་བཞིན་དུ་སྐད་ཅིག་ཙམ་ཡང་འབྲལ་བ་མེད་པའི་གྲོགས་མཛོད་ཅིག༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས་བསམ་སྦྱོར་ངན་པ་ཤོམ་པའི་དགྲ་བགེགས་གདུག་པ་ཅན་སྡང་སེམས་དང་ལྡན་པ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག༔ གཞན་ཡང་དུས་དང་རྣམ་པ་ཐམས་ཅད་དུ་བདག་གི་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག༔ འདི་ལྟར་དུས་རྣམས་ཐམས་ཅད་དུ༔ གསོལ་མཆོད་ལས་ལ་བརྩོན་པ་ཡིས༔ དམ་ལྡན་རྣལ་འབྱོར་འདོད་པའི་དོན༔ དྲང་སྲོང་ཆེན་པོས་བསྒྲུབ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་བཀའ་སྲུང་གཟའ་མཆོག་ཆེན་པོའི་གསོལ་མཆོད་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།དགེའོ།།དགེའོ།།