TTDL-ZABTER-06-CHA-013
TTDL-ZABTER-06-CHA-013
དབུ་ཁྲིད་བརྡ་ཡིག༔ ༡༣༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཀའ་བརྒྱད་ཆུ་གཏེར་འདུས་པའི་ཆ་ལག་བསྒྲལ་ལས་གབ་པ་དོན་བདུན་སྤུ་གྲི་ཀ་མ་ལ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་ཤྲཱི་ཀྲོ་ཏ་རཱ་ཛ་ཡེ༔ ༠༠༠༠༠བརྡ་ཡིག༔ ༡༣༩ཨོ་རྒྱན་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ མ་འོངས་སྐལ་པ་བཟང་པོའི་བགོ་སྐལ་དུ༔ ཤིན་ཏུ་ཟབ་པ་སྒྲུབ་སྡེ་དགུ་ཡི་དཔལ༔ རྨད་བྱུང་ཆུ་གཏེར་འདུས་པ་འཆད་བགྱིའོ༔ ས་མ་ཡ༔ བདུད་དང་དམ་སྲི་གདུག་ལྔ་འཇོམས་པའི་ཕྱིར༔ བསྒྲལ་ལས་འཁོར་བ་ཡོངས་སྒྲོལ་མཚོན་འཁོར་ལོའི༔ ཆ་ལག་གབ་པ་དོན་བདུན་རྣོ་མདེའུ༔ སྤུ་གྲི་ཀ་མ་ལ་ཞེས་བྱ་བ་བསྟན༔ ས་མ་ཡ༔ འདི་ལ་སྤྱི་དོན་རྣམ་པ་བདུན༔ དང་པོ་ཕུར་བསྐུལ་བྱ་བ་ནི༔ ཧཱུྃ༔ དམིགས་མེད་མཁའ་ལྟར་དག་པའི་དབྱིངས་ཉིད་ལས༔ ཁྲོ་རྒྱལ་ཡོངས་འདུས་དཔལ་ཆེན་ཧེ་རུ་ཀ༔ ཤིན་ཏུ་མི་བཟད་གཏུམ་ཆེན་རྔམས་པའི་སྐུ༔ གདུག་པ་དམ་སྲི་འདུལ་བའི་ལས་ལ་བཞེངས༔ ཧཱུྃ༔ ང་ནི་ཆེ་མཆོག་ཧེ་རུ་ཀ༔ ཡང་དག་འཇམ་དཔལ་གཤིན་རྗེ་གཤེད་དབང་ཆེན་རྡོ་རྗེ་གཞོན་ནུ་སྟེ་བླ་མེད་རིག་འཛིན་ཐོད་པ་རྩལ་དྲེགས་པ་ཀུན་འདུལ་ཏེ་སྟོབས་ལྡན་ནག་པོའི་སྐུ་དཔལ་གྱི་བཀའ་སྲུང་སྟེ་ཞེས་ཁ་བསྒྱུར།ལས་མཛད་སྲས་དང་སྤྲུལ་པ་འབུམ༔ ཀུན་ཀྱང་འཇིགས་གཟུགས་རྔམས་པའི་སྐུ༔ གཡས་ཀྱི་ཕྱག་ན་ལྕགས་ཕུར་འདྲིལ༔ གཡོན་གྱིས་འབར་བའི་ལྕགས་ཀྱུ་འཛིན༔ བསྒྲལ་འདྲེན་ལྕེ་སྤྱང་ཕོ་ཉ་འཁྲིགས༔ གནོད་བྱེད་བདུད་དང་དམ་སྲི་ཡི༔ སྙིང་ནས་ལྕགས་ཀྱུ་འབར་བས་ཟུངས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས༔ ཀཱི་ལ་ཡ་ཡི་ལས་མཛོད་ཅིག༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ གཉིས་པ་མཚོན་ལས་བྱ་བ་ནི༔ ཧཱུྃ༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི༔ ཡང་དག་འཇམ་དཔལ་དབང་ཆེན་རྡོ་རྗེ་གཞོན་ནུ་ཡི་བླ་མེད་རིག་འཛིན་ཐོད་ཕྲེང་རྩལ་དྲེགས་པ་ཀུན་འདུལ་གྱི་སྟོབས་ལྡན་ནག་པོ་ཡི་ལས་མཛད་བཀའ་ཡི་སྲུང་མ་ཡི་སྐུ་ལས་སྤྲུལ་པའི་ཕོ་ཉ་ནི༔ ལས་མཛད་ཤན་པ་འབུམ་འབུམ་འགྱེད༔ ཕྱག་ན་རྣོ་མཉེན་སྤུ་གྲི་བསྣམས༔ སྒྲོལ་བྱེད་མཚོན་ཆ་འབར་བ་ཡིས༔ དགྲ་བགེགས་དམ་སྲིའི་ཕུང་པོ་གཏུབས༔ མིང་ཙམ་མེད་པའི་ཕྲིན་ལས་མཛོད༔ སརྦ་རཱུ་དྲ་ཨ་མུ་ཀ་མཱ་ར་ཡ་ཕཊ༔ གསུམ་པ་དམར་སྦྲེང་འབུལ་བ་ནི༔ ཧཱུྃ༔ ལྕང་ལོ་བཅས་པའི་བྷནྡྷ་རུ༔ རཱུ་དྲ་བསྒྲལ་བའི་ཁྲག་གིས་བཀང་༔ ཆེ་མཆོག་ཡོན་ཏན་ལྷ་ལ་བསྟབས༔ ཡང་དག་ཐུགས་ཀྱི་འཇམ་དཔལ་སྐུ་ཡི་པདྨ་གསུང་གི་ཕུར་པ་ཕྲིན་ལས་མ་མོ་རྦོད་གཏོང་རིག་འཛིན་སློབ་དཔོན་འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་དཔལ་གྱི་བཀའ་སྲུང་འཁོར་བ་དབྱིངས་སུ་སྟོང་གྱུར་ཅིག༔ ཨོཾ་མ་ཧཱ་རཀྟ་ཁཱ་ཧི༔ བཞི་པ་བསྟབས་ལས་བྱ་བ་ནི༔ ཧཱུྃ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཀྱི༔ ཡང་དག་ཐུགས་ཀྱི་འཇམ་དཔལ་སྐུ་ཡི་པདྨ་གསུང་གི་ཕུར་པ་ཕྲིན་ལས་མ་མོ་རྦོད་གཏོང་རིག་འཛིན་སློབ་དཔོན་འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་དཔལ་གྱི་བཀའ་སྲུང་ཆོས་ཉིད་ཡངས་པའི་ཞལ་ཧོམ་དུ༔ རཱུ་དྲ་བསྒྲལ་བའི་ཕུང་ཁམས་བསྟབས༔ འགགས་མེད་ཟང་ཐལ་མགྲིན་པར་དྲོངས༔ འཁྲུལ་བྲལ་ཆོས་སྐུའི་ཀློང་དུ་བྲུབ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་བ་སུ་ཏ་གོ་རོ་ཙ་ན་ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི༔ ལྔ་པ་བཅོལ་གཏད་བྱ་བ་ནི༔ ཧཱུྃ༔ ཆེ་མཆོག་ཡོན་ཏན་ལྷ་ཚོགས་དང་༔ ཡང་དག་ཐུགས་ཀྱི་འཇམ་དཔལ་སྐུ་ཡི་པདྨ་གསུང་གི་ཕུར་པ་ཕྲིན་ལས་མ་མོ་རྦོད་གཏོང་རིག་འཛིན་སློབ་དཔོན་འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་དཔལ་གྱི་བཀའ་སྲུང་བཀའ་ཉན་ཕོ་ཉའི་ཚོགས་བཅས་ལ༔ རཱུ་དྲ་བསྒྲལ་བའི་ཤ་རུས་དང་༔ ཕུང་ཁམས་སྐྱེ་མཆེད་དོན་སྙིང་དང་༔ ཉེ་བ་ཕུ་ནུ་འཁོར་འབངས་བཅས༔ བཅོལ་ལོ་གཏད་དོ་གཉེར་དུ་བཞེས༔ འཁྲུལ་མི་ཤེས་པའི་ས་ཐོབ་ཤོག༔ དྲུག་པ་གཏོར་མ་འབུལ་བ་ནི༔ ཧཱུྃ༔ དམ་རྫས་རྨད་བྱུང་གཏོར་ཆེན་པོ༔ འདོད་ཡོན་ལྔ་ཡིས་བརྒྱན་པ་འདི༔ དཔལ་ཆེན་ཆེ་མཆོག་ལྷ་ལ་འབུལ༔ ཡང་དག་འཇམ་དཔལ་དབང་ཆེན་ཕུར་པའི་བླ་མེད་རིག་འཛིན་མཆོད་བསྟོད་དྲག་སྔགས་བཀའ་སྲུང་ཡོན་ཏན་ལྷ་ཚོགས་དགྱེས་བསྐང་ནས༔ ཐུགས་ཀྱི་སྐུ་ཡི་གསུང་གི་ཕྲིན་ལས་རྦོད་གཏོང་སློབ་དཔོན་དྲེགས་འདུལ་སྟོབས་ལྡན་ཕོ་ཉའི་མངོན་སྤྱོད་ཕྲིན་ལས་འགྲུབ་པར་མཛོད༔ བདུན་པ་བྷྱོ་གདབ་བྱ་བ་ནི༔ ཧཱུྃ༔ ང་ནི་བཟློག་བྱེད་རྒྱལ་པོ་སྟེ༔ སྟོང་གསུམ་སྲིད་པའི་སྲོག་ལ་དབང་༔ རྟེན་འབྲེལ་ཐབས་དང་ཤེས་རབ་ཀྱིས༔ སྦྱོར་བ་ངན་པ་བཟློག་པར་བྱེད༔ བྷྱོ༔ ནམ་མཁའ་ལྷ་ཡི་བྱད་སྣ་ཡང་༔ ཉམས་པའི་དགྲ་བོ་འདི་ལ་བྷྱོ༔ བར་སྣང་སྡེ་བརྒྱད་བྱད་ཟོར་རྣམས༔ ཉམས་པའི༴ས་གཞི་ཀླུ་ཡི་བྱད་ཕུར་ཡང་༔ ཉམས་པའི༴བན་གྱི་དམོད་སྦྱོར་ངན་པ་ཡང་༔ ཉམས་པའི༴བོན་གྱི་ལོག་སྦྱོར་བརྩམས་པ་ཡང་༔ ཉམས་པའི༴ཕྲ་མེན་མུ་སྟེགས་བསམ་སྦྱོར་ངན༔ ཉམས་པའི༴འབྱུང་ལྔའི་བརྡ་བསྣོལ་འཁྲུགས་པ་ཡང་༔ ཉམས་པའི༴ཐན་ལྟས་ངན་པ་མཐའ་དག་ཀུན༔ ཉམས་པའི༴བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ༔ བྷྱོ་བྷྱོ་བྱད་མའི་སྟེང་དུ་བྷྱོ༔ དྲག་རོལ་བྱ་ཞིང་ཐལ་མོ་རྡེབ༔ རལ་པ་སྤྲུག་ལ་དམོད་པ་བོར༔ གནད་དེས་དགྲ་དཔུང་རྡུལ་བརླག་འགྱུར༔ ཐེ་ཚོམ་མེད་དོ་ས་མ་ཡ༔ རྒྱལ་དབང་པདྨ་སཾ་བྷ་ཝའི༔ ཐུགས་བཅུད་མན་ངག་རྨད་བྱུང་བ༔ འབྲོག་མི་ལོ་ཙྭ་ཁྱོད་ལ་སྦྱིན༔ ད་དུང་མ་སྤེལ་བརྡ་ལ་བསྟིམ༔ འགྱུར་མེད་རྡོ་རྗེའི་བྲག་ལ་སྦོས༔ མ་འོངས་སྙིགས་མ་ལྔ་ཡི་དུས༔ དཔལ་ཆེན་རྡོ་རྗེ་ཁྲོ་བོ་ལོད༔ བདུད་འདུལ་མི་ཡི་ཟོལ་ཚུལ་འཛིན༔ གང་གི་བགོ་སྐལ་དམ་པ་སྟེ༔ ཀློང་ཆེན་རྡོ་རྗེའི་ཐུགས་བརྒྱུད་ནས༔ དྲག་སྔགས་ནུས་ལྡན་རྡོ་རྗེར་བསྟིམས༔ བསྟན་པའི་དཔལ་དུ་ཨེ་མ་ཧོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྲག་པོ་སྲོག་བདག་སྡེ་ལྔ་དང་༔ ཞིང་སྐྱོང་མ་མོ་ལྔ་བཅུ་ཡིས༔ ཐུབ་པར་སྲུངས་ཤིག་ཨྠིྀ་རྒྱ༔ ཞིང་པདྨ་འོད་དུ་ཙིཏྟར་རྒྱ༔ གཏེར་རྒྱ༔ སྙིང་པོ་རྒྱ༔ སྦས་རྒྱ༔ གབ་རྒྱ༔ གཏད་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་སྨོན་ལམ་ལས་ཀྱིས་འབྲེལ་བའི་ཆོས་བདག་རིག་པའི་རྡོ་རྗེས་ཡང་ཡང་བསྐུལ་ངོར་བདག་འདྲ་དཔའ་བོ་བདུད་འཇོམས་གླིང་པས་ཟབ་གསང་མཁའ་འགྲོའི་གསང་བརྡ་དག་པར་ཕབ་པའི་ཡི་གེ་པ་ནི་ལུང་ཟིན་ཕུན་ཚོགས་བཀྲ་ཤིས་སོ།།སརྦ་མངྒ་ལཾ།།།།