TTDL-ZABTER-13-PA-002
TTDL-ZABTER-13-PA-002
ཆོས་ཉིད་ནམ་མཁའི་ཀློང་འཛོད་ལས༔ མགོན་པོ་ཚོགས་ཀྱི་བདག་པོའི་སྒྲུབ་པ་ནོར་བུ་བསམ་འཕེལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣མགོན་པོ་བསྒྲུབ་པའི་རྣམ་འབྱོར་གྱིས༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ ཧཱུྃ༔ བསྐལ་པའི་མེ་རླུང་འབར་འཁྲིགས་ཀློང་༔ པད་ཉི་དགྲ་བགེགས་བསྣོལ་བའི་སྟེང་༔ མགོན་པོ་མཐིང་ནག་ཁྲོ་ཞིང་གཏུམ༔ ཙནྡན་བིང་ཕྱར་དུང་ཁྲག་འཐུང་༔ བེར་ནག་གསོལ་ཞིང་མགོ་ཕྲེང་དང་༔ སྦྲུལ་དང་སྙིང་དང་རིན་ཆེན་བརྒྱན༔ དུར་ཁྲོད་ཆས་རྫོགས་འདོར་ཐབས་བསྒྲད༔ ཁམ་ནག་དབུ་སྐྲ་གྱེན་དུ་གཟིགས༔ མཚན་ནས་བརྗོད་པས་རྒྱུད་བསྐུལ་ཏེ༔ དབྱིངས་ནས་སྤྱན་དྲངས་གཉིས་མེད་བསྟིམ༔ མཐུ་སྟོབས་ནུས་བྱིན་འབར་བར་བསྒོམ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ས་མ་ཡ་ཕེཾ་ཛཿའབོད་པ་ཐུགས་རྗེའི་ལྕགས་ཀྱུའོ༔ ཤེས་པ་གཞན་དུ་མ་ཡེངས་པར༔ སྔགས་དེ་ཆུ་བོའི་རྒྱུན་བཞིན་བཟླས༔ དེ་ནས་བསྐང་གསོལ་བྱ་བ་ནི༔ ཀྱཻ༔ དད་པ་དང་ནི་སོགས༔ ས་མ་ཡ༔ དེ་ལྟར་ཤིན་ཏུ་མཆོད་གསོལ་ན༔ འདི་ཕྱིའི་དགེ་ལེགས་ཐམས་ཅད་འབྱུང་༔ ཕྲིན་ལས་རབ་འབྱམས་འབད་མེད་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ནི་སྐྱེས་བུ་བློས་བརྟན་གྱིས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།