TTDL-ZABTER-02-KHA-032

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-02-KHA-032

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=02 |volumeLetter=KHA |textnuminvol=032 |pdflink=File:TTDL-ZABTER-02-KHA-032.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-02-KHA }}

[edit]
༠༠༠༠བརྡ་ཡིག༣༥༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གཤིན་རྗེ་ཡ་མ་རཱ་ཛའི་བསྐུལ་བ་རྡོ་རྗེའི་དུག་མདའ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠བརྡ་ཡིག༣༥༡རྣལ་འབྱོར་མི་བདེའི་དགྲ་བྱུང་ཚེ༔ གདོང་ལ་ཁྲག་བྱུག་སྐྲ་ཕབ་ནས༔ དམར་གཏོར་ཁྲག་གིས་རབ་བྲན་ནས༔ ང་རོ་དྲག་པོས་འདི་བརྗོད་བྱ༔ ཧཱུྃ་ཛཿང་ནི་འཇིགས་བྱེད་ཆེན་པོ་སྟེ༔ ང་ནི་རྒྱལ་བའི་གདུང་འཚོབ་མཆོག༔ ང་ནི་ཟོལ་མེད་རྣལ་འབྱོར་བ༔ ཚེ་འདིར་སྙིང་པོ་ལྷུར་ལེན་བྱས༔ རྩེ་གཅིག་ལྷ་དང་སྲུང་མ་བསྟེན༔ བསྒྲུབ་པའི་འབྲས་བུ་ཡོད་དམ་མེད༔ ལྷ་དང་སྲུང་མས་མཁྱེན་པར་གསོལ༔ དཔུང་གཉེན་མི་འབོད་དབང་མེད་པར༔ དམ་ཉམས་དགྲ་བོ་བདུད་དུ་བབ༔ ཛཿགཤིན་རྗེ་ཡ་མ་རཱ་ཛ་བསྐུལ༔ འཆི་བདག་སྲོག་བདུད་ཆེན་པོ་བསྐུལ༔ དམ་ཅན་ཆོས་ཀྱི་རྒྱལ་པོ་བསྐུལ༔ ཡུམ་མཆོག་སྲོག་བདུད་ནག་མོ་བསྐུལ༔ སྤྲུལ་པའི་ལས་མཁན་ཤན་པ་བསྐུལ༔ བཀའ་ཉན་ལྷ་སྲིན་སྡེ་བརྒྱད་བསྐུལ༔ སྟོང་གསུམ་གཞི་བདག་ཐམས་ཅད་བསྐུལ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་བསྐུལ༔ ཆོས་ཆོས་སྡང་བའི་དགྲ་ལ་ཆོས༔ རྒྱུག་རྒྱུག་མ་འགྱང་དགྲ་ལ་རྒྱུག༔ བཀའ་དང་དམ་ཚིག་གཉན་གྱིས་བསྐུལ༔ ཆོས་ཉིད་རྣམ་དག་བདེན་པས་བསྐུལ༔ རྒྱུ་འབྲས་བསླུ་མེད་བདེན་པས་བསྐུལ༔ སྤྲུལ་པ་འགྱེད་པའི་དུས་ལ་བབ༔ ཆོ་འཕྲུལ་ཆེན་པོའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་དུས་ལ་བབ༔ ནམ་མཁར་ཁྲག་སྤྲིན་འཁྲིགས་ལ་སོང་༔ བར་སྣང་ཐོག་སེར་འབེབ་ཅིང་སོང་༔ ས་གཞིར་རླུང་དམར་གཡོས་ཤིང་སོང་༔ རི་བསྙིལ་ས་གཡོས་འོད་འཁྱུག་ཅིང་༔ ཆོ་ངེ་དྲག་པོ་འདེབས་ཤིང་སོང་༔ དགྲ་བོའི་ཡུལ་ཁམས་ཐན་གྱིས་ཁེང་༔ དགྲ་བོའི་གནས་ཁང་མེ་ལ་སྦོར༔ དགྲ་བོའི་ཕོ་རྣམས་ཁ་སྦུབ་སོད༔ དགྲ་བོའི་མོ་རྣམས་གན་རྐྱལ་སོད༔ དགྲ་བོའི་བྱིས་པ་ཚང་ནས་སོད༔ གཤིན་རྗེ་ཡ་མ་རཱ་ཛ་ཆེ༔ ཁྱོད་ལ་མཐུ་སྟོབས་ཡོད་སྲིད་ན༔ ད་ལྟ་ཉིད་དུ་དགྲ་ལ་རྒྱུག༔ དགྲ་བོ་མི་ནོར་འཁོར་དང་བཅས༔ རྗེས་ཤུལ་མེད་པར་རྡུལ་དུ་བརློག༔ ཤ་ཁྲག་སྲོག་དབུགས་དཀོར་དང་བཅས༔ རྗེས་ཤུལ་མེད་པར་ཧབ་ཐོབ་ཀྱིས༔ མ་ཟད་བར་དུ་ཡིད་མ་ཚིམ༔ མ་སྟོང་བར་དུ་སླར་མ་ལྡོག༔ ནམ་མཁའ་སྟོང་པར་ཚད་མ་བཙུག༔ རྒྱུ་འབྲས་གཉིས་ལ་ཁུང་མ་བཙལ༔ སྐྱེ་འཆི་གཉིས་ཀྱི་དུས་མ་སྒུག༔ སྲུང་བཟློག་གཉིས་ཀྱི་མཚམས་མ་བཅད༔ སྡང་བའི་དགྲ་བོ་དམ་ཉམས་འདི༔ ལོ་ཁྱིམ་འདི་ལས་འདའ་མ་བཅུག༔ ཟླ་བ་འདི་ལས་མ་ཕྱི་བར༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ ལོ་ཐོག་སེར་བས་བཅོམ་བཞིན་ཐོང་༔ ཐལ་ཕུང་རླུང་གིས་གཏོར་བཞིན་ཐོང་༔ མེ་སྟག་ཆུ་ཡིས་བསད་བཞིན་ཐོང་༔ དམ་ཚིག་གཉན་པོའི་དུས་ལ་བབ༔ མ་གཡེལ་མ་འགྱངས་ས་མ་ཡ༔ ཨོཾ་ཡ་མ་རཱ་ཛ་ཨ་ར་མ་དུ་རུ་ཙ་ཤ་ན་ས་མ་ཡ་དགྲ་ལ་རྦད་བྷྱོ༔ ཞེས་ཐལ་མོ་བརྡབ༔ གཏོར་མ་དགྲ་ཕྱོགས་སུ་འཕངས༔ བྲང་བརྡུང་འོ་དོད་འབོད༔ ཐུན་རྫས་འུར་རྡོས་འཕང་༔ འདི་ནི་གནམ་ལྕགས་ཐོག་དང་མཚུངས༔ གང་ལ་བྱས་ཀྱང་རྗེས་མེད་བརླག༔ ཞེ་སྡང་དྲག་པོས་བསྐུལ་བར་བྱ༔ བརྒྱུད་འཛིན་བུ་ཡི་མཚོན་ཆར་བཞག༔ བཀའ་སྲུང་གཟའ་བདུད་ནག་པོས་སྲུངས༔ གསང་བ་སྐུ་གསུང་ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྤྲང་སྨྱོན་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རྒ་ཡི་བནྡེ་ཀུན་དགའོ།།དགེའོ།།དགེའོ།།དགེའོ།།།།