TTDL-ZABTER-03-GA-039

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-03-GA-039

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=03 |volumeLetter=GA |textnuminvol=039 |pdflink=File:TTDL-ZABTER-03-GA-039.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-03-GA }}

[edit]
ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་རྡོ་རྗེ་སེམས་དཔའ་ལ་བརྟེན་ནས་ལས་བཞིའི་མེ་མཆོད་ཀྱི་གབ་ཡིག་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༨༣དང་པོ་བསྲེག་ལྷ་བསྐྱེད་པ་ལ༔ ཨོཾ༔ མེ་ལྷའི་ལྟོ་བ་ཁྱབ་བརྡལ་ནམ་མཁའི་ཁྱོན་དང་མཉམ་པའི་ཀློང་དུ༔ དེ་ནས་གསང་བའི་མཆོད་པ་ལ༔ ཨོཾ༔ མི་འགྱུར་རྡོ་རྗེ་སྐུ་ཡི་དབྱིངས༔ གཟི་བརྗིད་བསྐྱེད་པའི་མཛའ་ན་མོ༔ མདངས་ལྡན་ཟླ་བའི་དཀྱིལ་འཁོར་ངོམས༔ སྐུ་ཡི་དགྱེས་པ་བསྐྱེད་ཕྱིར་འབུལ༔ ཨོཾ་བཛྲ་ཙནྡྲ་ཧོཿཨཱཿགསང་ཆེན་རྡོ་རྗེ་གསུང་གི་དབྱིངས༔ འགགས་མེད་འཕྲུལ་བྱེད་མཛའ་ན་མོ༔ དྲི་ཟའི་རྒྱུད་སྟོང་ཐོགས་ནས་བསྒྱུར༔ གསུང་གི་དགྱེས་པ་བསྐྱེད་ཕྱིར་འབུལ༔ བཛྲ་ཤཔྡ་པཱུ་ཛ་ཧོ༔ ཧཱུྃ༔ ཡེ་ཤེས་རྡོ་རྗེ་ཐུགས་ཀྱི་དབྱིངས༔ བདེ་སྟོང་སྦྱོར་བའི་མཛའ་ན་མོ༔ ཉི་མའི་དཀྱིལ་འཁོར་ངོམས་ཤིང་སྟོན༔ ཐུགས་ཀྱི་དགྱེས་པ་བསྐྱེད་ཕྱིར་འབུལ༔ པདྨ་སཱུཪྻ་པཱུ་ཛ་ཧོ༔ སྭཱ༔ ཡོན་ཏན་ལྷུན་འཐུག་རྒྱས་པའི་དབྱིངས༔ མི་ཟད་རྒྱན་འཁོར་མཛའ་ན་མོ༔ དགའ་བ་འཁྱིལ་ངོམས་རིན་ཆེན་ཐོགས༔ ཡོན་ཏན་དགྱེས་པ་བསྐྱེད་ཕྱིར་འབུལ༔ ཨོཾ་མ་ཎི་རཏྣ་པཱུ་ཛ་ཧོཿཧཱ༔ ཕྲིན་ལས་ཡོངས་སུ་གྲུབ་པའི་དབྱིངས༔ ཐོགས་མེད་བསྒྱུར་བའི་མཛའ་ན་མོ༔ ཛཿཧཱུྃ་བཾ་ཧོཿའི་ཕྱག་རྒྱ་བསྒྱུར༔ ཕྲིན་ལས་དགྱེས་པ་བསྐྱེད་ཕྱིར་འབུལ༔ སརྦ་མུ་དྲ་པཱུ་ཛ་ཧོཿནང་གི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ གཟུགས་ཀྱི་ལྷ་མོས་མེ་ལོང་ཐོགས༔ སྤྱན་གྱི་དབང་པོ་མཉེས་ཕྱིར་འབུལ༔ གཟུགས་ལ་མངོན་ཞེན་སེམས་ཅན་ཀུན༔ མཁྱེན་གཟིགས་ཡེ་ཤེས་རང་ངོ་སྤྲོད༔ བཛྲ་རཱུ་པ་པྲ་ཏཱིཙྪ་པཱུ་ཛ་ཧོཿཧཱུྃ༔ སྒྲ་ཡི་ལྷ་མོས་པི་ཝཾ་བསྒྱུར༔ སྙན་གྱི་དབང་པོ་མཉེས་ཕྱིར་འབུལ༔ སྒྲ་ལ་མངོན་ཞེན་སེམས་ཅན་ཀུན༔ བདག་མེད་ཤེས་རབ་རང་ངོ་སྤྲོད༔ བཛྲ་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་ཧོ༔ ཧཱུྃ༔ དྲི་ཡི་ལྷ་མོས་གནྡྷེ་ཐོགས༔ ཤངས་ཀྱི་དབང་པོ་མཉེས་ཕྱིར་འབུལ༔ དྲི་ལ་མངོན་ཞེན་སེམས་ཅན་ཀུན༔ བདག་མེད་ཤེས་རབ་རང་ངོ་སྤྲོད༔ བཛྲ་གནྡྷེ་པྲ་ཏཱིཙྪ་པཱུ་ཛ་ཧོཿཧཱུྃ༔ རོ་ཡི་ལྷ་མོས་ཞལ་ཟས་ཐོགས༔ ལྗགས་ཀྱི་དབང་པོ་མཉེས་ཕྱིར་འབུལ༔ རོ་ལ་མངོན་ཞེན་སེམས་ཅན་ཀུན༔ བདག་མེད་ཤེས་རབ་རང་ངོ་སྤྲོད༔ བཛྲ་རཱ་ས་པྲ་ཏཱིཙྪ་པཱུ་ཛ་ཧོཿཧཱུྃ༔ རེག་བྱའི་ལྷ་མོས་དར་ཟབ་ཐོགས༔ སྐུ་ཡི་དབང་པོ་མཉེས་ཕྱིར་འབུལ༔ རེག་བྱར་མངོན་ཞེན་སེམས་ཅན་ཀུན༔ བདག་མེད་ཤེས་རབ་རང་ངོ་སྤྲོད༔ བཛྲ་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་ཧོཿཧཱུྃ༔ ཆོས་ཀྱི་ལྷ་མོས་དཔལ་བེའུ་ཐོགས༔ ཐུགས་ཀྱི་ཡེ་ཤེས་མཉེས་ཕྱིར་འབུལ༔ སྣང་སེམས་མངོན་ཞེན་སེམས་ཅན་ལ༔ སྐུ་གསུམ་འབྲས་བུའི་རང་ངོ་སྤྲོད༔ བཛྲ་དྷརྨ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ བྱིན་རླབས་རྩ་བ་རིག་འཛིན་བླ་མར་བསྟོད༔ དངོས་གྲུབ་རྩ་བ་ཡི་དམ་མཁའ་འགྲོར་བསྟོད༔ ཕྲིན་ལས་རྩ་བ་ཆོས་སྐྱོང་སྲུང་མར་བསྟོད༔ ཁྱབ་བདག་བདེ་གཤེགས་སྙིང་པོར་ཕྱག་འཚལ་སྟོད༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ རིག་སྟོང་རྡོ་རྗེ་སེམས་དཔའ་ཡི༔ གསང་ཆེན་སྒྱུ་འཕྲུལ་འཁོར་ལོའི་དཔལ༔ མཆོག་ཐུན་དངོས་གྲུབ་རྒྱ་མཚོ་ཀུན༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ རྩ་སྔགས༔ སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿདེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ རྩ་གསུམ་དམ་ཅན་དགོངས་སུ་གསོལ༔ བསྒོམ་བཟླས་གནད་འདས་རྫས་མ་འབྱོར༔ དུག་ལྔའི་བག་ཆགས་དང་འདྲེས་པ༔ མཐོལ་ལོ་བཤགས་སོ་བཟོད་པར་གསོལ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བདུད་རྩི་སྐྱེམས་མཆོད་ལ༔ ཧཱུྃ༔ ཡེ་ཤེས་འབར་བའི་ཧོམ་ཁུང་དུ༔ འཁོར་བ་དབྱིངས་སུ་གཞིག་པའི་ཕྱིར༔ བདུད་རྩི་སྐྱེམས་ཀྱི་མཆོད་པ་འབུལ༔ ཁམས་གསུམ་སྐུ་གསུང་ཐུགས་སུ་རོལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ རྩ་སྔགས་ཤམ་དུ་ཡང་ཡང་སྦྱར༔ དེ་ནས་གཤེགས་སུ་གསོལ་བ་ནི༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས་བཞེངས་པའི་ལྷ༔ གཤེགས་བྱོན་མེད་དེ་དབྱིངས་སུ་བརྡལ༔ སླར་ཡང་འཁོར་བ་མ་སྟོང་བར༔ གང་འདུལ་ཐབས་ཀྱིས་འགྲོ་དོན་མཛོད༔ བཛྲ་མུཿདེ་ལྟར་སྲེག་བླུགས་ལ་བརྩོན་ཚེ༔ བསྐྱེད་དང་དམིགས་གསལ་གནད་དུ་ཆེ༔ དེ་ཡིས་ཚོགས་གཉིས་རབ་རྫོགས་ནས༔ དངོས་གྲུབ་རྣམ་གཉིས་ཐོབ་པར་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མཐར་སློབ་བུ་པདྨ་རྣམ་རྒྱལ་གྱིས་ནན་དུ་བསྐུལ་ངོར་གཏན་ལ་ཕབ་པའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།