TTDL-ZABTER-13-PA-093

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-13-PA-093

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=13 |volumeLetter=PA |textnuminvol=093 |pdflink=File:TTDL-ZABTER-13-PA-093.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-13-PA }}

[edit]
༠༠༠༠བརྡ་ཡིག༣༣༩ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་ཤ་ཟ་ཆེན་མོའི་སྒྲུབ་པ་མངོན་སྤྱོད་ལྷུན་གྲུབ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༤༠སྔགས་སྲུང་ཤ་ཟ་ཆེན་མོ་ཡི༔ སྒྲུབ་པ་ཉམས་སུ་ལེན་པ་ལ༔ ཟངས་སམ་ལྕགས་ཀྱི་སྣོད་ནང་དུ༔ དམར་གྱི་གཏོར་མ་འཁྱུད་གང་ལ༔ གཡས་གཡོན་གཏོར་མ་སོར་ལྔའི་ཚད༔ གཏོར་ཕྲན་བརྒྱད་ཀྱིས་བསྐོར་བ་དང་༔ དེ་མཐར་བ་ལིང་སྐྱུ་གུས་བསྐོར༔ མཆོད་རྫས་ཅི་རིགས་བཤམས་བྱས་ཏེ༔ རང་ཉིད་ཡི་དམ་ལྷར་གསལ་ངང་༔ མདུན་དུ་ཁྲག་མཚོ་འཁྱིལ་བའི་དབུས༔ མི་རྟ་ཁྱི་མགོ་བརྩེགས་པའི་མཁར༔ རབ་འཇིགས་དཔངས་མཐོ་ཁྱོན་ཡངས་དབུས༔ མི་རོ་རྟ་རོ་བརྩེགས་པའི་ཁྲིར༔ ཐན་གྱི་རྔ་མོང་གྭ་པའི་སྟེང་༔ མ་མོ་ཤ་ཟ་ཀུན་གྱི་གཙོ༔ ལྟས་ངན་ཐན་དང་ཆོ་འཕྲུལ་བདག༔ དགྲ་ལ་ཧུར་ཐུམ་གཏོང་བྱེད་མ༔ འཇིག་མཛད་ཤ་ཟ་ཧོར་མོ་ནི༔ དམར་ནག་ཁྲོ་གཏུམ་རྔམས་པའི་སྐུ༔ གཅེར་བུ་རལ་པ་ས་ལ་དྲུད༔ མི་ལྤགས་གཡང་གཞི་སྟོད་དུ་ཀླུབས༔ མི་མགོའི་ཕྲེང་བ་སེ་རལ་ཁ༔ སྤྱན་བསྒྲད་མཆེ་གཙིགས་གཏུམ་རྔམས་ཞལ༔ ཕྱག་གཡས་གནམ་ལྕགས་ཕུར་བུ་དང་༔ གཡོན་པས་སྲིན་བྱ་འུག་པ་བསྣམས༔ གཡས་སུ་བཙན་མོ་མུ་ཁ་མོ༔ དམར་ནག་ཁྲག་གི་རལ་པ་ཅན༔ ཆིབས་སུ་ལྕགས་སྤྱན་སྔོན་མོ་ཆིབས༔ གཡོན་དུ་ཀླུ་མོ་ཤཱནྟི་མ༔ སྔོ་ལྗང་ཁྲག་གི་རལ་པ་ཅན༔ གཅེར་བུ་མི་ལྤགས་གཡང་གཞི་གསོལ༔ ཆིབས་སུ་ཆུ་སྲིན་སྔོན་མོ་ཆིབས༔ གཉིས་ཀ་གཙོ་མོ་ཇི་ལྟ་བུར༔ གཡས་ན་གསོད་པའི་ཕུར་བུ་དང་༔ གཡོན་པས་སྲིན་བྱ་འུག་པ་བསྣམས༔ དེ་མཐར་ཤ་ཟ་མོ་ཡི་སྡེ༔ ལྟས་ངན་ཐན་གྱི་བདག་མོའི་ཚོགས༔ ལྷ་མིའི་ཁྲོམ་ཚོགས་ལྟ་བུར་བསྐྱེད༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས༔ གནས་ནས་སྤྱན་དྲངས་གཉིས་མེད་བསྟིམ༔ མ་བྷྱོ་ས་མ་ཡ་ཛ་ཛཿདེ་ནས་སྤྱན་འདྲེན་པ་ལ༔ ཀྱཻ༔ ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ བོད་ཀྱི་ཡུལ་གྱི་ཕ་མཐའ་རུ༔ བལ་པོའི་ཡུལ་གྱི་ཚུར་མཐའ་ན༔ ཁྲག་མཚོ་ཁོལ་མའི་ནང་ཤེད་ན༔ སྔགས་སྲུང་ཤ་ཟ་ཧོར་མོ་ཡི༔ མཆེད་དང་བཀའ་ཉན་བཅས་པ་ཀུན༔ དམ་ཚིག་གཉན་པོས་འབོད་ཅིང་བསྒྲུབ༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་གསོལ་མངའ་གསོལ་མཆོད་འབུལ་ལ༔ ཛཿབསྟན་དགྲ་ཕོ་མོ་བསྣོལ་སྟེང་དུ༔ ཤ་ཟ་ཆེན་མོ་བཞུགས་སུ་གསོལ༔ ཧོར་མོ་སྤུན་དགུ་བཞུགས་སུ་གསོལ༔ འཁོར་དང་བཅས་པ་ཏིཥྛ་ལྷན༔ མ་སྲིང་ཚུལ་དུ་ཁྱེད་བསྟེན་ཏེ༔ བཀའ་ཉན་སྲུང་མར་མངའ་གསོལ་ལོ༔ དཀར་གསུམ་མངར་གསུམ་འབྲུ་སྣ་དང་༔ བཙོས་དང་རྗེན་ཤ་ཁུ་བ་རྐང་༔ ཁྲག་མཚོ་ཇ་ཆང་ལ་སོགས་པའི༔ མདོར་ན་མཐུན་རྫས་རྟེན་རྫས་དང་༔ བསྐང་རྫས་མཆོད་རྫས་སྣ་ཚོགས་པ༔ ཡིད་ལ་གང་འདོད་འདོད་རྒུའི་དཔལ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་ཏེ༔ མ་མོ་ཆེན་མོ་ཁྱོད་ལ་འབུལ༔ འཁོར་དང་བཅས་པའི་ཚོགས་ལ་འབུལ༔ དགྱེས་པར་དགོངས་ཤིང་བཞེས་སུ་གསོལ༔ མ་ཧཱ་སརྦ་ག་ན་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ལས༔ ཧོཿའཇིགས་བྱེད་ཤ་ཟ་ཆེན་མོ་ཁྱོད༔ སྲིད་ན་ཁྱོད་ལས་ཆེ་བ་མེད༔ མ་མོ་ཐམས་ཅད་ཁྱོད་ལ་འདུད༔ ཤ་ཟ་ཆེན་མོ་ཁྱོད་ལ་འདུད༔ དུར་བདག་མ་མོ་ཁྱོད་ལ་འདུད༔ སྲོག་གཅོད་མ་བདུད་ཁྱོད་ལ་འདུད༔ དབུགས་ལེན་མ་མོ༴ཁྲག་འཐུང་མ་མོ༴ཤ་ཟ་མ་མོ༴ལྟས་ངན་ཐན་བདག༴དཀོན་སྲུང་མ་མོ༴སྔགས་སྲུང་མ་མོ༴ཆོས་སྲུང་མ་མོ་ཁྱོད་ལ་འདུད༔ མཐུ་རྩལ་ནམ་མཁའི་མཐའ་དང་མཉམ༔ མྱུར་མགྱོགས་བར་སྣང་གློག་ལ་འགྲན༔ མ་མོ་ཆེན་མོ་ཁྱོད་ལ་བསྟོད༔ ཤ་ཟའི་རྒྱལ་མོ་ཁྱོད་ལ་བསྟོད༔ དགྲ་ཡི་གཤེད་མ་ཁྱོད་ལ་བསྟོད༔ ས་མ་ཡ༔ བསྐང་གསོལ་ཅི་ནུས་འདིར་འབད་ཅིང་༔ དམིགས་པའི་གནད་དང་ལྡན་གྱུར་ན༔ འབོད་སྔགས་འདི་ལ་རྩེ་གཅིག་འབད༔ མ་བྷྱོ་ཛ༔ རཀྨོ་མ་ཧཱ་ཀྲོ་ཏི་ཤ་ཟ་ཧོར་མོ་ས་མ་ཡ་ཕེཾ་ཕེཾ་ཛ་ཛཿརཱུ་པ་སྟོན་ཡ་སྟོན་ཡ༔ དེ་ཡིས་འབོད་རྟགས་བུད་མེད་ངུ་བ་སྤྱང་ཀུ་ཉེར་བ་རྡོ་ཆར་འབབ་པ་སོགས་འབྱུང་༔ འབོད་རྟགས་རྫོགས་པའི་མཐར༔ མ་མ་རཀྨོ་ཡཀྨོ་མ་ཧཱ་ཀྲོ་ཏི་ཤ་ཟ་ཧོར་མོ་ས་མ་ཡ་ཆོ་ཡ་ཆོ་ཡ་རྒྱུག་ཡ་རྒྱུག་ཡ་དགྲ་བོ་ཆེ་གེ་མོའི་སྲོག་ལ་རྦད་བྷྱོ༔ དཀོར་ལ་རྦད་རྦད་བྷྱོ་བྷྱོ༔ ངུ་འབོད་གྱིས་ངུ་འབོད་གྱིས༔ མིང་ནས་བོས་སྐྲ་ནས་འཐེན༔ བླ་ཟུངས་བླ་ཁུག་བླ་ཁྱེར་མིང་ལ་མིང་ཕོབ་གཟུགས་ལ་གཟུགས་ཕོབ༔ མ་མ་རྦད་བྷྱོ་བྷྱོ༔ དེ་ཡིས་བསད་རྟགས་ངེས་པར་འབྱུང་༔ དེ་ནས་བསད་སྔགས་བཟླ་བ་ལ༔ མ་བྷྱོ་ཏྲི་ཛཿཤ་ཟ་ཆེན་མོ་ཧོར་མོ་ཆེན་མོ་ཁྲག་འཐུང་རྒྱལ་མོ་མ་བདུད་རྒྱལ་མོ་སྲོག་བདུད་ཆེན་མོ་དབུས་ལེན་ཆེན་མོ་བྷྱོ་བྷྱོ་རྒྱུག་རྒྱུག་དགྲ་བོ་ཆེ་གེ་མོའི་བླ་སོད་སྲོག་དང་དབུགས་ལ་ཧུར་ཐུམ་སོད༔ དེ་ཡིས་བསད་རྟགས་ངེས་པར་འབྱུང་༔ བསད་རྟགས་ནི་ཤ་རློན་དང་སྙིང་རྒྱུ་མ་ཟ་བ་སོགས་དང་ལྤགས་པ་མཉེད་པ་རུས་པ་བརྡུང་བ་སོགས་འབྱུང་༔ དེ་ནས་བསྐུལ་བ་བྱ་བ་ལ༔ ཏྲི་མ་བྷྱོ་ཛཿཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ བོད་ཀྱི་ཡུལ་གྱི་ཕར་མཐའ་དང་༔ བལ་པོའི་ཡུལ་གྱི་ཚུར་མཐའ་རུ༔ ཟངས་བྲག་དམར་པོ་གནམ་དུ་གཟིང་༔ ཁྲག་ཞག་རྦ་ཀློང་ཀྱི་ལི་ལི༔ མི་རོ་རྟ་རོ་འཁྲིགས་པའི་ཀློང་༔ མི་མིན་ཤ་ཟ་ཧོར་མོ་ནི༔ རང་འདྲའི་སྤྲུལ་པ་བརྒྱད་ཀྱིས་བསྐོར༔ མ་བདུད་འབུམ་གྱི་དབུས་ན་ངོམས༔ བཞེངས་ཤིག་བཞེངས་ཤིག་ད་བཞེགས་ཤིག༔ བསྐུལ་ནི་དམ་ཚིག་གཉན་གྱིས་བསྐུལ༔ རྒྱུག་ཅིག་དགྲ་བོའི་ཡུལ་དུ་རྒྱུག༔ ལོ་ཟླའི་དུས་སུ་མ་འགྱངས་བར༔ དགྲ་བོ་གསོད་པའི་ལག་དམར་གྱིས༔ དགྲ་སྲོག་ཆོད་ལ་དགྲ་ཤ་རོལ༔ སྙིང་ཁྲག་དྲོན་མོ་ཧུབ་ཀྱིས་འཐུང་༔ བསད་རྟགས་དོན་སྙིང་ཁྱེད་ལ་ཤོག༔ རྩྭ་སྐམ་དག་ལ་མེ་མཆེད་བཞིན༔ རྗེས་ཤུལ་ལྷག་མ་མེད་པར་མཛོད༔ ཤ་ཁྲག་གཏོར་མ་ཁྲག་སྐྱེམས་བཅས༔ རོལ་ལ་མྱུར་དུ་ད་རྒྱུག་ཅིག༔ མ་བྷྱོ་ཛཿཤ་ཟ་ཆེན་མོ་སྤུན་དགུ་ཆོ་ཡ་ཆོ་ཡ་རྒྱུག་ཡ་རྒྱུག་ཡ་རྦད་རྦད་བྷྱོ༔ དེ་ལྟར་དྲག་ཏུ་བསྐུལ་བ་ཡིས༔ མངོན་སྤྱོད་ཕྲིན་ལས་བསམ་བཞིན་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་རེབ་ཀོང་ཕྱོགས་ཀྱི་རྣལ་འབྱོར་དགེ་འདུན་པས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།