TTDL-ZABTER-15-BA-083

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-15-BA-083

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=15 |volumeLetter=BA |textnuminvol=083 |pdflink=File:TTDL-ZABTER-15-BA-083.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-15-BA }}

[edit]
དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཕུར་སྲུང་ལྕམ་དྲལ་གྱི་བསྐང་གསོལ་ཡིད་བཞིན་དབང་རྒྱལ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག་༣༤༡ཤ་ཁྲག་འབྲུ་སྨན་སྐྱེམས་མཆོད་བཤམས༔ ཤ་ཆེན་གསུར་གྱི་དུད་པ་བཏང་༔ རང་ཉིད་རྡོ་རྗེ་གཞོན་ནུ་ཡི༔ དཀྱིལ་འཁོར་ཕྱི་ཁྱམས་ཁོར་ཡུག་ཏུ༔ ཕུར་སྲུང་མིང་སྲིང་བཅུ་དྲུག་ནི༔ བྲན་དང་གཡོག་པོའི་ཚུལ་དུ་འདུད༔ ལྷ་མིའི་ཁྲོམ་ཚོགས་ལྟ་བུར་གསལ༔ དེ་ནས་མཆོད་གསོལ་རིམ་པ་ལ༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱི་མཐར༔ ཛཿདམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ བཀའ་སྡོད་ཆེན་པོའི༴ཕུར་སྲུང་རྒྱ་མཚོ་འཁོར་དང་བཅས༔ མི་མངོན་ཆོས་ཀྱི་དབྱིངས་ཉིད་ལས༔ བསྟན་དང་འགྲོ་དོན་མཛད་པའི་ཕྱིར༔ རྔམས་བརྗིད་འཇིགས་པའི་གཟུགས་སྐུར་བཞེངས༔ གྲུབ་པའི་རྟགས་དང་མཚན་མ་སྟོན༔ དུས་ལ་བབ་པོ་ས་མ་ཡ༔ དངོས་འབྱོར་ཡིད་ལས་སྐྱེས་པ་ཡི༔ ཏིང་འཛིན་ནམ་མཁའི་མཛོད་ཀྱི་འཕྲུལ༔ ཀུན་བཟང་མཆོད་པའི་སྤྲིན་དུ་གྱུར༔ མི་ཟད་རྒྱན་གྱི་འཁོར་ལོ་འདིས༔ དབྱིངས་ཀྱི་རྗེ་མོའི་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་ཕྲིན་ལས་མཛོད༔ སྲིད་པའི་དབང་མོའི་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་ཕྲིན་ལས་མཛོད༔ སྲིད་པ་ཤར་གྱི་མངའ་བདག་མོ༔ ཤྭ་ན་མུ་ཁའི་ཐུགས༴གསོལ་ལོ་མཆོད་དོ༴སྲིད་པ་ལྷོ་ཡི་མངའ་བདག་མོ༔ སྲི་ཀ་མུ་ཁའི་ཐུགས༴གསོལ་ལོ་མཆོད་དོ༴སྲིད་པ་ནུབ་ཀྱི་མངའ་བདག་མོ༔ སྲི་ལ་མུ་ཁའི་ཐུགས༴གསོལ་ལོ་མཆོད་དོ༴སྲིད་པ་བྱང་གི་མངའ་བདག་མོ༔ ཀུ་ཀུ་མུ་ཁའི་ཐུགས༴གསོལ་ལོ་མཆོད་དོ༴སྲིད་པ་དུས་བཞིའི་མངའ་བདག་མོ༔ རེ་ཏཱི་མཆེད་བཞིའི་ཐུགས༴གསོལ་ལོ་མཆོད་དོ༴འབྱུང་བ་ལྔ་ཡི་བདག་མོ་སྟེ༔ ས་བདག་མ་བཞིའི་ཐུགས༴གསོལ་ལོ་མཆོད་དོ༴མངོན་སྤྱོད་ལས་ཀྱིས་གདུག་པ་འདུལ༔ སྐྱེས་བུ་མཆེད་བཞིའི་ཐུགས༴གསོལ་ལོ་མཆོད་དོ༴སྲིད་པ་ཕོ་རྒྱུད་ཡོངས་ཀྱི་བདག༔ གིང་ཕོ་རྣམས་ཀྱི་ཐུགས༴གསོལ་ལོ་མཆོད་དོ༴སྲིད་པ་མོ་རྒྱུད་མངའ་དབང་བྱེད༔ གིང་མོ་རྣམས་ཀྱི་ཐུགས༴གསོལ་ལོ་མཆོད་དོ༴ཤ་ཁྲག་སྲོག་ལ་མངའ་དབང་བྱེད༔ འབར་མ་དགུ་ཡི་ཐུགས༔ གསོལ་ལོ་མཆོད་དོ༴དཀྱིལ་འཁོར་ཀུན་གྱི་མཐའ་སྐྱོང་བྱེད༔ དབང་ཕྱུག་ཉེར་བརྒྱད་ཐུགས་དམ་བསྐང་༔ གསོལ་ལོ་མཆོད་དོ་ཕྲིན་ལས་མཛོད༔ བདག་ནི་ཕུར་པའི་རིག་འཛིན་ཏེ༔ ཁྱེད་ཅག་ཕུར་པའི་སྲུང་མ་ལ༔ ཕྲིན་ལས་གཉན་པོ་བཅོལ་བ་ནི༔ ནད་གདོན་བར་ཆད་ཞི་བ་དང་༔ ཚེ་བསོད་ཡེ་ཤེས་ཡོན་ཏན་རྒྱས༔ ཁམས་གསུམ་སྲིད་གསུམ་དབང་དུ་བསྡུས༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མ་ལུས་ཐལ་བའི་རྡུལ་དུ་རློག༔ མདོར་ན་རབ་འབྱམས་ཕྲིན་ལས་ཀུན༔ འབད་མེད་ལྷུན་གྱིས་འགྲུབ་པ་དང་༔ ཕུར་བ་བསྒྲུབ་པའི་རྣལ་འབྱོར་ལ༔ འགྲུབ་པའི་རྟགས་མཚན་བཟང་པོ་སྟོན༔ ལས་རྐྱེན་ངན་པའི་ལམ་ལས་བཟློག༔ ཐར་པ་ཆེན་པོའི་ས་རུ་སྐྱོལ༔ དུས་གསུམ་རྒྱལ་བ་སྲས་བཅས་རྣམས༔ དཔང་བཙུག་བཀའ་བསྒོ་དམ་ཚིག་དེར༔ མ་འདའ་བཀའ་ཡི་སྲུང་མ་རྣམས༔ རབ་འབྱམས་ཕྲིན་ལས་གང་བརྩམས་པ༔ མ་ཐོག་མྱུར་དུ་གྲུབ་པར་མཛོད༔ མ་འདའ་བཛྲ་ས་མ་ཡ༔ དེ་ལྟར་གྲངས་ལྡན་བསྐྱར་དེ་བྱ༔ བསྐྱེད་ཅིང་དམིགས་པའི་གནད་ལྡན་ན༔ རབ་འབྱམས་ཕྲིན་ལས་མྱུར་འགྲུབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདིའང་བཙུན་པ་ཆེ་མཆོག་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།